ལེའུ་བཅུ་གཅིག་པ།
དཔང་པོ་གཉིས་ཀྱི་སྐོར།
1 དེ་ནས་དབྱུག་པ་དང་འདྲ་བའི་ཐིག་ཤིང་ཞིག་ང་ལ་གནང་ནས་སུ་ཞིག་གིས་ང་ལ་“སོང་ལ།
དཀོན་མཆོགགི་མཆོད་ཁང་དང་མཆོད་ཁྲི་འཇལ་ཞིང༌།
དེར་བསྙེན་བཀུར་བྱེད་མཁན་རྣམས་ཀྱི་གྲངས་རྩིས་ཤིག
2 འོན་ཀྱང་མཆོད་ཁང་གི་ཕྱི་ཕྱོགས་སུ་ཡོད་པའི་ར་བ་ཞོག་ལ་མ་འཇལ།
རྒྱུ་མཚན་ནི་དེ་ཡ་ཧུ་དཱ་པ་མིན་རྣམས་ལ་གནང་བས་ཟླ་བ་བཞི་བཅུ་ཞེ་གཉིས་ཀྱི་བར་དུ་གྲོང་ཁྱེར་མཆོག་རྐང་པས་རྫི་བར་འགྱུར།
3 ངའི་དཔང་པོ་གཉིས་ལ་དབང་ཆ་གནང་བར་འགྱུར་ལ།
རྩྭ་རས་གྱོན་ཏེ་འདི་གཉིས་ཀྱིས་ཉི་མ་ཆིག་སྟོང་ཉིས་བརྒྱ་དྲུག་ཅུའི་བར་དུ་ལུང་བསྟན་པར་འགྱུར་”ཞེས་གསུངས།
4 དཔང་པོ་འདི་གཉིས་ནི་སྐྱུར་རུ་ཤིངགཉིས་དང༌།
ས་གཞིའི་གཙོ་བོའི་མདུན་དུ་ཡོད་པའི་སྟེགས་བུ་གཉིས་ཡིན་ནོ།*
5 སུ་ཞིག་གིས་ཁོང་རྣམས་ལ་གནོད་པར་འདོད་ན་ཁོང་ཚོའི་ཁ་ནས་མེ་འཐོན་ཞིང་དགྲ་བོ་འཇིག་པས།
ཁོང་རྣམས་ལ་གནོད་པ་བྱེད་འདོད་མཁན་དེ་ལྟར་གསོད་པར་འགྱུར་དགོས།
6 ཁོང་ཚོས་ལུང་སྟོན་འི་དུས་སུ་ཆར་པ་འགོག་པའི་ཕྱིར་ནམ་མཁའི་ཆུའི་སྒོ་རྒྱག་པའི་དབང་ཆ་དང༌།
ཆུ་རྣམས་ཁྲག་ཏུ་སྒྱུར་བ་དང༌།
ག་དུས་འདོད་ཀྱང་ཆག་སྒོ་ཆེན་པོའི་རིགས་ཀུན་ས་གཞི་ལ་གཏོང་བའི་དབང་ཆ་ཡོད།
7 ཁོང་ཚོས་དཔང་པོ་བྱས་ཚར་བའི་རྗེས་སུ་གཏིང་མཐའ་མེད་པའི་དོང་ནས་འཐོན་པའི་གཅན་གཟན་དེས་ཁོང་རྣམས་ལ་དམག་འཐབ་བྱས་ནས་རྒྱལ་ཏེ་དེ་གཉིས་གསོད་པར་འགྱུར།
8 དཔེ་མཚོན་ཙམ་གྱི་མིང་ལ་སཱ་དོམདང་ཨེ་ཇེབཞེས་ཟེར་བའི་གྲོང་ཁྱེར་དེར།
ཁོང་ཚོའི་གཙོ་བོ་རྒྱང་ཤིངསྒང་ལ་གྲོངས་པའི་གྲོང་ཁྱེར་ཆེན་པོའི་ལམ་ལ་ཁོང་ཚོའི་སྐུ་སྤུར་ལུས་པར་འགྱུར།*
9 མི་རིགས་དང༌།
ཚོ་པ།
སྐད་རིགས།
རྒྱལ་ཁབ་བཅས་ལས་མི་རྣམས་ཀྱིས་ཉིན་གསུམ་དང་ཕྱེད་ཀའི་རིང་ལ་ཁོང་ཚོའི་སྤུར་ལ་ལྟ་ཞིང༌།
དུར་ཁངདུ་འཇུག་ཏུ་མི་འཇུག
10 ཡང་ས་སྟེང་མི་རྣམས་ཀྱིས་སེམས་དགའ་ཞིང་རྟེན་འབྲེལ་བྱེད་པར་འགྱུར་ཏེ།
གཅིག་གིས་གཅིག་ལ་ལག་རྟགས་སྤྲོད་ཡོང༌།
གང་ལགས་ཟེར་ན།
ལུང་སྟོན་པ་འདི་གཉིས་ཀྱིས་ས་སྟེང་མི་རྣམས་ལ་གནོད་པ་བྱས་པའི་ཕྱིར་རོ།
11 འོན་ཀྱང་ཉིན་གསུམ་དང་ཕྱེད་ཀའི་རྗེས་སུ་དཀོན་མཆོག་ལས་བྱུང་བའི་སྲོག་གི་དབུགས་ཁོང་གཉིས་ལ་ཞུགས་ཏེ་རྐང་པ་བཙུགས་ནས་བཞེངས་པས།
དེ་མཐོང་མཁན་འཇིགས་སྐྲག་སྐྱེས།
12 དེ་ནས་ཁོང་ཚོས་དཀོན་མཆོག་གི་ཞིང་ཁམསནས་བྱུང་བའི་གསུང་སྐད་ཆེན་པོས་ཁོང་ཚོར་“ཡར་ཤོག་”ཅེས་གསུངས་པ་ཐོས་པས།
དགྲ་བོས་ལྟ་དུས་ཁོང་གཉིས་སྤྲིན་གྱི་ནང་ལ་ཞིང་ཁམས་སུ་སོང༌།
13 འཕྲལ་དུ་ས་ཡོམ་ཆེན་པོ་བྱུང་སྟེ།
གྲོང་ཁྱེར་གྱི་བཅུ་ཆ་གཅིག་རྡིབ་པས་མི་བདུན་སྟོང་བསད།
ལྷག་མ་རྣམས་འཇིགས་སྐྲག་སྐྱེས་ནས་ཞིང་ཁམས་སུ་བཞུགས་པའི་དཀོན་མཆོག་ལ་བཀུར་སྟི་བྱས།
14 ཆག་སྒོ་ཆེན་པོ་གཉིས་པ་དེ་ཚར་རོ།
ཆག་སྒོ་ཆེན་པོ་གསུམ་པ་མྱུར་དུ་འབྱུང་བར་འགྱུར།
དུང་ཆེན་བདུན་པ།
15 ཕོ་ཉ་བདུན་པས་རང་གི་དུང་ཆེན་བུས་ནས།
དཀོན་མཆོག་གི་ཞིང་ཁམསསུ་གསུང་སྐད་ཆེན་པོ་སྣ་ཚོགས་ཀྱིས།
འཇིག་རྟེན་རྒྱལ་སྲིད་ང་ཚོའི་གཙོ་བོདང༌། །
ཁོང་གི་མཱ་ཤི་ཡི་རྒྱལ་སྲིད་གྱུར། །
ཁོང་གིས་རྒྱལ་སྲིད་ནམ་ཡང་སྐྱོང་བར་འགྱུར། །
ཞེས་གསུངས།
16 དཀོན་མཆོགགི་མདུན་དུ་སོ་སོའི་ཁྲི་རྣམས་ལ་བཞུགས་པའི་རྒན་པོ་ཉི་ཤུ་རྩ་བཞི་པོས་དཀོན་མཆོག་ལ་ཕྱག་བཙལ་ཏེ་ཁོང་ལ།
17 འདས་དང་ད་ལྟ་བཞུགས་པ་ཡི། །
གཙོ་བོ་དཀོན་མཆོགདབང་ཀུན་ལགས། །
ཁྱེད་ཀྱིས་དབང་ཆེན་བཞེས་ནས་ནི། །
རྒྱལ་སྲིད་སྐྱོང་བ་འགོ་ཚུགས་དེར། །
ང་ཚོས་བཀའ་དྲིན་ཆེ་ཞེས་ཞུ། །
18 མི་རིགས་ཁྲོས་ནས་ཁྱེད་ཀྱི་ཐུགས་ཁྲོ་ཡང༌། །
ཡོང་བའི་དུས་ལ་བབས་ཏེ་གཤིན་པོ་ལ། །
ཁྲིམས་གཅོད་མཛད་ཅིང་ཁྱེད་ཀྱི་ཞབས་ཕྱི་དང༌། །
ལུང་སྟོན་དང་དམ་པ་རྣམས་པ་དང༌། །
ཁྱེད་ལ་བཀུར་སྟི་ཞུ་མཁན་དེ་དག་སྟེ། །
མཐོ་དམན་མེད་པའི་མི་ལ་བྱ་དགའ་གནང༌། །
ས་གཞི་གཏོར་བཤིག་གཏོང་མཁན་དེ་དག །
གཏོར་བཤིག་མཛད་པའི་དུས་ལའང་བབས་པའོ། །
ཞེས་གསུངས།
19 དཀོན་མཆོག་གི་ཞིང་ཁམས་སུ་ཆགས་པའི་མཆོད་ཁང་ཆེན་མོཕྱེ་ནས།
དེའི་ནང་ལ་ཁོང་གི་ཞལ་ཆད་ཀྱི་རྟེན་སྒམ་མཐོང་བར་གྱུར།
གློག་འཁྱུག་པ་དང༌།
སྒྲ་སྣ་ཚོགས།
འབྲུག་སྒྲ
ས་ཡོམ།
སེར་བ་ཆེན་པོ་བྱུང་ངོ༌། །