ཚིག་འགྲེལ།
ཀ་ནཱན།
1) ནོ་ཨ ་ཡི་ཚ་བོ་དང་ཧམ་གྱི་བུ་ཀ་ནཱན་ལ་གོ
2) པཱ་ལེ་སི་ཐན་ཡུལ་གྱི་གནའ་བོའི་མིང༌།
ཀཱ་ཡིན།
ཨ་དམ་དང་ཧ་ཝའི་སྔོན་སྐྱེས་པའི་བུ་ཀཱ་ཡིན་ཞེས་ཟེར་བར་གོ རང་གི་གཅུང་པོ་ཧ་བེལ ་གྱིས་དཀོན་མཆོག ་ཐུགས་དགྱེས་པའི་མཆོད་པ་ཞིག་ཕུལ་བའི་སྐབས་སུ་ཀཱ་ཡིན་གྱིས་ཕྲག་དོག་སྐྱེས་ནས་ཁོ་བསད།
ཀ་པ་དོག་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་ཞིག་ཡིན་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་ཀ་པ་དོག་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:9 ལ་གཟིགས་) སྐུ་ཚབ ་པེ་ཏྲོ ་ཡིས་ཀ་པ་དོག་ཡཱ་ཡུལ་གྱི་མཱ་ཤི་ཀ ་པ་རྣམས་ལ་འཕྲིན་ཡིག་ཅིག་བྲིས། (པེ་ཏྲོ་དང་པོ་ 1:1 ལ་གཟིགས་)

ཀ་ཕར་ན་ཧུམ།
ག་ལིལ་ཡུལ་གྱི་མཚོ འི་ནུབ་བྱང་འགྲམ་ལ་ཆགས་པའི་གྲོང་གསེབ་ཞིག་ཡིན་ལ། གཙོ་བོ ་ཡེ་ཤུ འི་སྐུ་དུས་སུ་དེ་ལ་མི་འབོར་ 1,500 ཙམ་ཡོད། གཙོ་བོ་ཡེ་ཤུ་རེ་ཤིག་གི་བར་དེར་བཞུགས། (མད་ཐཱ ་ 9:11 ལ་གཟིགས་) ཀ་ཕར་ན་ཧུམ་གྱི་མི་རྣམས་ཀྱིས་འཕྲིན་བཟང ་ལ་དད་པ་མ་བྱས་པས་གཙོ་བོ་ཡེ་ཤུས་ཁོ་ཚོར་བཀའ་བཀྱོན་གནང༌། (མད་ཐཱ་ 11:23 ལ་གཟིགས་པ་དང༌། ས་བཀྲ་ལ་གཟིགས་)






ཀི་ལིག་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་དང༌། སྐུ་ཚབ ་པའུ་ལུ འི་ཕ་ཡུལ་ཡིན། གནའ་བོའི་དུས་སུ་དེའི་རྒྱལ་ས་ཊར་སཱུ ་གྲོང་ཁྱེར་ཡིན། དེང་སྐབས་ཀི་ལིག་ཡཱ་ཡུལ་ཐུར་ཁེ་རྒྱལ་ཁབ་ཀྱི་ཁོངས་སུ་གཏོགས།

ཀི་ཨོ་སི།
ཐུར་ཁེ་རྒྱལ་ཁབ་ཀྱི་མཚོ་འགྲམ་དང་ཉེ་བའི་ས་དབུས་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན། སྐུ་ཚབ ་པའུ་ལུ ་ཏྲོ་ཡཱ ་ནས་པ་ཏ་རཱ ་ལ་འགྲོ་དུས་ཁོང་གི་གྲུ་གཟིངས་ཀི་ཨོ་སི་གླིང་ཕྲན་དང་ཉེ་བར་གཏིང་རྡོ་ཕབ་ནས་བསྡད། (མཛད་པ་ 20:15 ལ་གཟིགས་)

ཀིབ་རུ།
ས་དབུས་རྒྱ་མཚོའི་ཤར་ཕྱོགས་སུ་ཆགས་པའི་གླིང་ཕྲན་ཞིག་ཡིན། སི་རི་ཡཱ ་ཡུལ་གྱི་ནུབ་ཕྱོགས་མཚོ་འགྲམ་དང་ཐུར་ཁེ་རྒྱལ་ཁབ་ཀྱི་མཚོ་འགྲམ་ལྷོ་ཕྱོགས་ནས་རྒྱང་ཐག་སྤྱི་ལེ་ 100 ཙམ་ཡོད་དེ། རིང་ཚད་ལ་སྤྱི་ལེ་ 225 དང་ཞེང་ཚད་ལ་སྤྱི་ལེ་ 100 ཡིན། གནའ་བོའི་དུས་སུ་དེ་ལ་ཟངས་ཀྱི་གཏེར་ཁ་མང་པོ་ཡོད། སྐུ་ཚབ ་པའུ་ལུ ་དང་ཁོང་གི་ལས་རོགས་པར་ན་པཱ ་ཡིས་འཕྲིན་བཟང ་བསྒྲགས་ཏེ་སཱ་ལ་མཱི ་གྲོང་ཁྱེར་ནས་ཀིབ་རུ་གླིང་ཕྲན་ཡོངས་སུ་བརྒྱུད་ནས་པཱ་ཕོ ་གྲོང་ཁྱེར་ཙམ་ལ་ཕེབས། (མཛད་པ་ 13:4-13 ལ་གཟིགས་)

ཀེ་ཕཱ།
པེ་ཏྲོ འི་མཆན་འགྲེལ་ལ་གཟིགས།
ཀེ་རེ་ཊེ།
ས་དབུས་རྒྱ་མཚོའི་ཤར་ཕྱོགས་སུ་ཆགས་པའི་རི་བོ་དང་ལྡན་པའི་གླིང་ཕྲན་ཞིག་ཡིན། དེའི་རིང་ཚད་སྤྱི་ལེ་ 250 ཙམ་ཡོད། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་ཀེ་རེ་ཊེ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:11 ལ་གཟིགས་) རྒྱལ་ས་རོ་མཱ ་ལ་འགྲོ་བའི་སྐབས་སུ་སྐུ་ཚབ ་པའུ་ལུ ས་ལ་སེ་ཡཱ ་གྲོང་ཁྱེར་དང་ཉེ་བའི་གྲུ་ཁ་བདེ་ཅན ་ཞེས་བྱ་བའི་ས་ཆར་ཀེ་རེ་ཊེ་གླིང་ཕྲན་དུ་ཕེབས། (མཛད་པ་ 27:7-13, 21 ལ་གཟིགས་) དེའི་རྗེས་སུ་ཁོང་ཚར་མེད་པའི་ལས་རྣམས་སྒྲུབ་པའི་ཆེད་དང༌། འགན་འཁུར་བ་རྣམས་སྐོ་བའི་ཕྱིར་ཐེ་ཏུ་ཞེས་ཟེར་བའི་ལས་རོགས་ཀེ་རེ་ཊེ་གླིང་ཕྲན་དུ་བཞག (ཐེ་ཏུ་ 1:5 ལ་གཟིགས་) ཀེ་རེ་ཊེ་ནི་སྙན་ངག་མཁན་དང་མཚན་ཉིད་རིག་པ་སྨྲ་བ་ཨེ་པི་མེ་ནེ་དེ་སིའི་ཕ་ཡུལ་ཡིན། སྐུ་ཚབ་རྣམས་ཀྱི་མཛད་པ་ལེའུ་ 17 ཨང་ 28 དང༌། ཐེ་ཏུ་ལ་བྲིས་པའི་འཕྲིན་ཡིག་ལེའུ་ 1 ཨང་ 12 ནང་སྐུ་ཚབ་པའུ་ལུ་ཡིས་ཁོང་གི་དཔེ་ཆ་ནས་ལུང་དུ་དྲངས་ཡོད།

ཀེན་གྲེ
གནའ་བོའི་ཀོ་རིན་ཐུ ་གྲོང་ཁྱེར་གྱི་གྲུ་ཁ་གཉིས་ལས་ཤར་ཕྱོགས་སུ་ཆགས་པ་དེ་ཡིན། གྲུ་ཁ་དེ་ནས་གྲུ་གཟིངས་རྣམས་ས་དབུས་རྒྱ་མཚོའི་ཤར་ཕྱོགས་སུ་ཡོད་པའི་ཡུལ་དུ་ཕྱིན། ཀོ་རིན་ཐུ་ནས་ཨེ་ཕེ་སུ ་དང་སི་རི་ཡཱ ་ཡུལ་ལ་འགྲོ་དུས་སྐུ་ཚབ ་པའུ་ལུ ་ཀེན་གྲེ་གྲུ་ཁ་བརྒྱུད་ནས་ཕེབས། (མཛད་པ་ 18:18 ལ་གཟིགས་)

ཀོ་ཟི།
ཐུར་ཁེ་རྒྱལ་ཁབ་ཀྱི་མཚོ་འགྲམ་དང་ཉེ་བའི་གླིང་ཕྲན་ཞིག་ཡིན། སྐུ་ཚབ ་པའུ་ལུ ་ཨེ་ཕེ་སུ ་ནས་ཡེ་རུ་ཤ་ལེམ ་ལ་འགྲོ་དུས་ཀོ་ཟི་ལ་ཕེབས། (མཛད་པ་ 21:1 ལ་གཟིགས་)

ཀོ་ར་ཟིན།
ག་ལིལ་མཚོ ་འགྲམ་ལ་ཡོད་པའི་གྲོང་ཁྱེར་ཞིག་ཡིན་ཏེ། གཙོ་བོ ་ཡེ་ཤུ ས་ངོ་མཚར་གྱི་མཛད་པ་ཀོ་ར་ཟིན་ལ་སྟོན་ཡང་དེའི་མི་རྣམས་ཀྱིས་སྤྱོད་པ་ངན་པ་རྣམས་མི་སྤངས་པ་དང་སེམས་མི་སྒྱུར་བས། ཁོང་གིས་གྲོང་ཁྱེར་དེ་ལ་བཀའ་བཀྱོན་གནང༌། (ས་བཀྲ་ལ་གཟིགས་)





ཀོ་རིན་ཐུ།
གནའ་བོའི་གྷི་རིག་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ལ། རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨ་ཀ་ཡཱ ་ཞིང་ཆེན་གྱི་རྒྱལ་ས་ཡིན། དེ་ལ་གྲུ་ཁ་གཉིས་ཡོད་དེ། ལེ་ཀེ་ཡུམ་ཞེས་ཟེར་བའི་ས་ཆར་ཀོ་རིན་ཐུ་མཚོ་ཁའི་འགྲམ་ལ་གཅིག་དང༌། ཀེན་གྲེ ་ཞེས་ཟེར་བའི་ས་ཆར་སཱ་རོན་མཚོ་ཁའི་འགྲམ་ལ་གཅིག་བཅས་སོ། འདོད་ཆགས་ཀྱི་ལྷ་མོ་ཨ་ཕྲོ་ཏི་ཊེའི་ལྷ་ཁང་ཀོ་རིན་ཐུ་གྲོང་ཁྱེར་དུ་ཡོད་པས་དེ་ནི་ལོག་གཡེམ་གྱི་རྐྱེན་གྱིས་སྙན་གྲགས་ཆེན་པོར་གྱུར། སྤྱི་ལོ་ 51-52 བར་ཙམ་ལ་སྐུ་ཚབ ་པའུ་ལུ ་ཡིས་ཀོ་རིན་ཐུ་ལ་ཆོས་བསྟན་པ་མ་ཟད། དེའི་ཆོས་ཚོགས་ལ་འཕྲིན་ཡིག་གཉིས་བྲིས། དེང་དུས་ཀོ་རིན་ཐུ་ནི་གྷི་རིག་རྒྱལ་ཁབ་ཀྱི་ལྷོ་ཕྱོགས་སུ་ཆགས་ཡོད་པའི་གྲོང་ཁྱེར་ཞིག་ཡིན།

དཀོན་མཆོག
ཡབ་དཀོན་མཆོག་དང༌། སྲས་དཀོན་མཆོག དམ་པའི་ཐུགས་ཉིད ་དཀོན་མཆོག་བཅས་ཡིན་ལ། ངེད་རྣམས་ཀྱི་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ འི་ཡབ་ཡིན། ཁོང་ནི་གཙོ་བོ་དཀོན་མཆོག ་གམ། ཡ་ཝེ་དཀོན་མཆོག དབང་ཀུན་དང་ལྡན་པའི་དཀོན་མཆོག བླ་ན་མེད་པའི་དཀོན་མཆོག་ཀྱང་ཟེར། དཀོན་མཆོག་ནི་ཀུན་མཁྱེན་ཡིན་ཞིང༌། ཁོང་མ་གནས་པའི་ས་ཆ་གཅིག་ཀྱང་མེད། དཀོན་མཆོག་གིས་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་བཀོད་པ་གནང་ཞིང༌། སེམས་ཅན་ཐམས་ཅད་ལ་སྲོག་གནང༌། (འགོད་པ་ 1:20-31 ལ་གཟིགས་) ཁོང་གིས་གཙོ་བོ་ཡེ་ཤུར་དད་པ་རྣམས་ལ་དམ་པའི་ཐུགས་ཉིད་མངགས། ཡེ་ཤུའི་ཆོས་ལུགས་ཀྱི་དཀོན་མཆོག་ནི་ནང་པའི་ཆོས་ཀྱི་དཀོན་མཆོག་དང་གཅིག་པ་མིན།
དཀོན་མཆོག་གི་བཀའ།
1) དཀོན་མཆོག ་གི་གསུང་ཡིན། དཀོན་མཆོག་གི་བཀའ་ཐོག་མཐའ་མེད་པ་ཡིན་ལ། ནུས་མཐུ་ཆེན་པོ་ཡང་ཡོད། (ལུ་ཀཱ་ 21:33 དང༌། པེ་ཏྲོ ་དང་པོ་ 1:24,25 དང་ཡ་ཧུ་དཱ་པ་ 4:12 ལ་གཟིགས་) ཐོག་མར་ཉིད་ཀྱི་བཀའ་འབའ་ཞིག་གི་སྒོ་ནས་དཀོན་མཆོག་གིས་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་མེད་པ་ནས་ཡོད་པར་བཀོད་གནང༌། གནའ་བོའི་དུས་སུ་དཀོན་མཆོག་གིས་ཉིད་ཀྱི་བཀའ་མོ་ཤེ ་དང་ཨེ་ལི་ཡཱ ་ལ་སོགས་པའི་ལུང་སྟོན་པ ་རྣམས་བརྒྱུད་ནས་མི་རྣམས་ལ་གསུངས། (ཐེགས་པ་ 3:4-12 ལ་གཟིགས་) ཁོང་གི་བཀའ་ཡོངས་སུ་བདེན་པ་ཡིན་པས་མི་རྣམས་ཀྱིས་དེ་ལ་དད་པ་བྱས་ཏེ་ཉན་དགོས། (ལེགས་བཤད་ 30:5 ལ་གཟིགས་) སྟོན་པ་ཡེ་ཤུ ས་དཀོན་མཆོག་གི་བཀའ་བསྒྲགས་པར་མཛད། (ལུ་ཀཱ་ 5:1 ལ་གཟིགས་) དཀོན་མཆོག་གི་བཀའ་ཐོས་ནས་སྒྲུབ་མཁན་ཐམས་ཅད་བྱིན་གྱིས་བརླབས་པར་འགྱུར། (ལུ་ཀཱ་ 8:21 ལ་གཟིགས་) དཀོན་མཆོག་གི་བཀའ་དམ་པའི་གསུང་རབ ་ལ་བཀོད་ཡོད།
2) གཙོ་བོ ་ཡེ་ཤུ་རང་ཉིད་ནི་དཀོན་མཆོག་གི་བཀའ་མིའི་གཟུགས་སུ་གྲུབ་པ་དེ་ཡིན་ནོ། ། (ཡོ་ཧ་ནན ་ 1:14 ལ་གཟིགས་)
དཀོན་མཆོག་གི་བཀའ་ཁྲིམས།
ཡ་ཧུ་དཱ་པ་རྣམས་ཀྱིས་ཇི་ལྟར་སྤྱོད་དགོས་པ་ཤེས་པའི་ཕྱིར་དཀོན་མཆོག ་གིས་གནའ་བོའི་དུས་སུ་ཁོ་རྣམས་ལ་བཀའ་ཁྲིམས་མང་པོ་གནང༌། དེ་ཚོའི་ནང་ནས་སྐད་གྲགས་ཆེ་ཤོས་ནི་དཀོན་མཆོག་གི་བཀའ་ཁྲིམས་བཅུ་ཡིན། (ཐེགས་པ་ 20:1-17 དང༌། བཀའ་ལུང་ 5:6-21 ལ་གཟིགས་) གཙོ་བོ ་ཡེ་ཤུ ས་དཀོན་མཆོག་གི་བཀའ་ཁྲིམས་ཀྱི་ནང་ནས་གལ་ཆེ་ཤོས་ནི་གཙོ་བོ་དཀོན་མཆོག ་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་འཛིན་དགོས་ལ། ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་འཛིན་དགོས་ཞེས་གསུངས་པ་དེ་ཡིན་ནོ། ། (མར་ཀུ ་ 12:29-31 ལ་གཟིགས་)
དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ།
དཀོན་མཆོག ་ལ་མཆོད་པ་ཕུལ་བའི་དམིགས་བསལ་གྱི་བག་ལེབ་ཡིན། (ལེ་ཝི ་ཚུལ་ཁྲིམས་ 24:5-9 ལ་གཟིགས་) ཡ་ཧུ་དཱ་པའི་བླ་མ ས་བདུན་ཕྲག་རེ་བཞིན་བག་ལེབ་བཅུ་གཉིས་བཟོས་ནས་དཀོན་མཆོག་གི་གུར་མཆོག ་ཏུ་བཤམས། ཡ་ཧུ་དཱ་པའི་བླ་མ་མ་གཏོགས་མི་གཞན་གྱིས་བག་ལེབ་དེ་ཟ་མི་ཆོག་ཀྱང༌། རྒྱལ་པོ་དཱ་བིད ་དང་ཁོང་གི་འཁོར་གཡོག་རྣམས་ལྟོགས་ནས་ཟས་མེད་ཐབས་མེད་པར་གྱུར་སྐབས་བག་ལེབ་དེ་བཟས། (ཤ་མུ་ཨེལ་དང་པོ་ 21:1-6 ལ་གཟིགས་) སྟོན་པ་ཡེ་ཤུ འི་སྐུ་དུས་སུ་དཀོན་མཆོག་གི་སྐུ་མདུན་གྱི་བག་ལེབ་དེ་བདུན་ཕྲག་རེ་རེ་བཞིན་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོ ར་འཇོག་དགོས་ཀྱི་ཡོད།
དཀོན་མཆོག་གི་གུར་མཆོག
གནའ་བོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ནི་སི་ནཱ་ཞེས་པའི་འབྲོག་སྟོང་དུ་བསྡད། ཁོ་རྣམས་འབྲོག་པ་ཡིན་པས་དཀོན་མཆོག ་གིས་ལུང་སྟོན་པ ་མོ་ཤེ ་ལ་དམིགས་བསལ་གྱི་གུར་ཞིག་བཟོ་དགོས་པའི་བཀའ་གནང༌། གུར་དེ་ནི་དཀོན་མཆོག་གི་གུར་མཆོག་ཅེས་ཟེར་བ་ལ། དེར་ཡ་ཧུ་དཱ་པའི་བླ་མ ་རྣམས་ཀྱིས་དཀོན་མཆོག་ལ་བསྙེན་བཀུར་བྱས། དུས་རབས་འགའ་ཤས་རྗེས་རྒྱལ་པོ་དཱ་བིད ་དང་ཁོའི་བུ་རྒྱལ་པོ་སོ་ལོ་མོན ་གྱིས་རྒྱལ་ས་ཡེ་རུ་ཤ་ལེམ ་ལ་མཆོད་ཁང་ཆེན་མོ ་བརྩིགས། དུས་དེ་ནས་བཟུང་གུར་མཆོག་དེ་མ་སྤྱད།
དཀོན་མཆོག་གི་རྒྱལ་སྲིད།
དཀོན་མཆོག ་གིས་མི་རྣམས་ཀྱི་སེམས་ལ་དབང་མཛད་པ་དེ་ཡིན། དཀོན་མཆོག་གི་རྒྱལ་སྲིད་གང་ལྟར་ཡིན་པ་མི་རྣམས་ལ་སྟོན་པའི་ཆེད་དུ་གཙོ་བོ ་ཡེ་ཤུ ས་སྒྲུང་མང་པོ་གསུངས་ཤིང༌། ངོ་མཚར་བའི་མཛད་པ་མང་པོ་ཞིག་བསྟན་པར་མཛད། སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ཏེ་དཀོན་མཆོག་གི་བཀའ ་ལ་ཉན་པའི་སྒོ་ནས་གཙོ་བོ་ཡེ་ཤུས་མི་རྣམས་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་པར་གདན་འདྲེན་ཞུས། དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་མཁན་རྣམས་ལ་དགའ་སྐྱོ་གཉིས་ཀ་མྱོང་བར་འགྱུར། སྐུ་ཚབ ་པའུ་ལུ ་དང་པར་ན་པཱ ་ཡིས་ངེད་རྣམས་སྡུག་བསྔལ་མང་པོ་མྱོང་བའི་སྒོ་ནས་དཀོན་མཆོག་གི་རྒྱལ་སྲིད་དུ་འཇུག་དགོས་ཞེས་གསུངས། (མཛད་པ་ 14:22 ལ་གཟིགས་) དཀོན་མཆོག་གི་རྒྱལ་སྲིད་དུ་ཞུགས་མཁན་རྣམས་དུས་རྟག་ཏུ་གཙོ་བོ་ཡེ་ཤུ་དང་མཉམ་དུ་བཞུགས་པར་འགྱུར་ངེས་ཡིན།
དཀོན་མཆོག་གི་ཐུགས་ཁྲོ།
དཀོན་མཆོག ་གིས་ངན་པ་ལ་སྡང་བ་དང་སྡིག་ཉེས ་ཀྱི་ཉེས་ཆད་གཏོང་བ་དེ་ཡིན། དཀོན་མཆོག་ནི་དྲང་བདེན་ཉིད་ཡིན་པས་སྡིག་ཉེས་ཐམས་ཅད་ལ་སྡང་སྟེ་ཉེས་ཆད་མཛད། དཀོན་མཆོག་གི་ཐུགས་ཁྲོ་དྲང་བདེན་གྱི་ཐུགས་ཁྲོ་ཡིན་ཏེ། ཁོང་གིས་ཡང་དག་པའི་ཁྲིམས་གཅོད་མཛད་ནས་ཉེས་ཆད་གཏོང༌། དཀོན་མཆོག་ཡོངས་སུ་དམ་པ་ཡིན་ཡང་མི་རྣམས་ནི་སྡིག་ཉེས་ཅན་ཡིན། སྡིག་ཉེས་བྱེད་མཁན་རྣམས་ཀྱིས་ངན་པ་བྱེད་པ་མ་ཟད། དཀོན་མཆོག་ལ་ཕོག་ཐུག་གཏོང་བ་དང༌། ཁོང་དང་འབྲེལ་བ་ཡང་མི་དག་པ་ཡང་ཡོད། དུས་ཀྱི་མཐའ་མའི་ཉིན་མོར་དཀོན་མཆོག་གི་དྲང་བདེན་གྱི་ཁྲིམས་གཅོད་མངོན་པར་འགྱུར་ངེས་ཡིན། ཁོང་གིས་ངན་པ་བྱེད་མཁན་ཐམས་ཅད་ལ་ཆད་པ་གཏོང་རྒྱུ་ཡིན་ཞིང༌། ཁོ་ཚོར་མེ་འབར་བའི་མུ་ཟི་ཡིས་མནར་གཅོད་གཏོང༌། འོན་ཀྱང་གཙོ་བོ ་ཡེ་ཤུ ་ཉིད་དཀོན་མཆོག་གི་ཐུགས་ཁྲོ་ལས་ཐར་བ འི་བར་མི་ཡིན་པས། གལ་ཏེ་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་བའི་སྡིག་ཅན་གྱིས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་ན། དཀོན་མཆོག་གི་ཐུགས་ཁྲོ་ལས་ཐར་བར་འགྱུར་ངེས་ཡིན།
དཀོན་མཆོག་གི་ཐུགས་ཉིད།
དམ་པའི་ཐུགས་ཉིད ་ཀྱི་མཆན་འགྲེལ་ལ་གཟིགས།
དཀོན་མཆོག་གི་ཕོ་ཉ།
དཀོན་མཆོག ་གིས་བཀོད་གནང་བའི་སེམས་ཅན་གྱི་རིགས་ཤིག་ཡིན་ལ། དཀོན་མཆོག་གི་ཞིང་ཁམས ་སུ་བཞུགས་ཏེ་ཁོང་ལ་ཞབས་ཕྱི་ཞུ། དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་གཙོ་བོ ་ཡེ་ཤུ ་འཁྲུངས་པ་བསྒྲགས། (ལུ་ཀཱ་ 2:8-14 ལ་གཟིགས་) དབེན་སྟོང་དུ་ཉམས་ཚོད་མྱོང་བའི་རྗེས་དང༌། རྒྱང་ཤིང ་སྟེང་མ་བཀྲོངས་གོང་གི་མཚན་མོ་ལ་དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་གཙོ་བོ་ཡེ་ཤུ་ལ་ཞབས་ཕྱི་ཞུས། (མད་ཐཱ ་ 4:11 དང༌། ལུ་ཀཱ་ 22:43 ལ་གཟིགས་) དཀོན་མཆོག་གི་ཕོ་ཉ་རྣམས་ཀྱིས་དཀོན་མཆོག་གི་མི་རྣམས ་སྲུང༌། (གསུངས་མགུར་ 91:11 ལ་གཟིགས་) ཕོ་ཉ་ཁ་ཤས་ཀྱིས་ཐོག་མར་སྡིག་ལས་བྱས་པས་བདུད་སཱ་ཏན ་དང་མཉམ་དུ་དམྱལ་ཁམས ་སུ་སྡོད་དགོས། (པེ་ཏྲོ ་གཉིས་པ་ 2:4 ལ་གཟིགས་)
དཀོན་མཆོག་གི་མི།
ཡེ་ཤུ ་མཱ་ཤི་ཀ ་ལ་དད་པ་བྱེད་པའི་སྒོ་ནས་དཀོན་མཆོག ་གི་སྤྱན་སྔར་དམ་པར་འགྱུར་བ་རྣམས་ཡིན།
དཀོན་མཆོག་གི་ཞིང་ཁམས།
དཀོན་མཆོག ་གི་བཞུགས་གནས་ཡིན་ལ། དཀོན་མཆོག་གིས་དེ་ནས་བཀའ་གསུང༌། (མར་ཀུ ་ 1:11 ལ་གཟིགས་) གཙོ་བོ ་ཡེ་ཤུ ་ནི་དཀོན་མཆོག་གི་ཞིང་ཁམས་ནས་ཕེབས་པ་དང༌། འཆི་བ་ནས་སླར་གསོན་པོར་གྱུར་བའི་རྗེས་སུ་དེར་ལོག་ཕེབས། (མར་ཀུ་ 16:19 ལ་གཟིགས་) དཀོན་མཆོག་གི་དམ་པའི་ཐུགས་ཉིད ་ནི་དད་ལྡན་རྣམས་ཀྱི་སེམས་ལ་ཞུགས་པའི་ཆེད་དུ་དཀོན་མཆོག་གི་ཞིང་ཁམས་ནས་བབས། (མཛད་པ་ 2:2 ལ་གཟིགས་) ཡེ་ཤུ་མཱ་ཤི་ཀ འི་དད་པ་རྣམས་གནས་དེར་གཏན་དུ་གནས་པར་འགྱུར།
དཀོན་མཆོག་གི་སྲས།
གཙོ་བོ ་ཡེ་ཤུ ་ནི་དཀོན་མཆོག་གི་སྲས་ཡིན། དཀོན་མཆོག་གི་སྲས་ཞེས་ཟེར་བའི་དོན་ནི་གཙོ་བོ་ཡེ་ཤུ་དཀོན་མཆོག ་གི་ངོ་བོ་ཡང་དག་པར་མཚོན་པ་དེ་ཡིན། (ཡ་ཧུ་དཱ་པ་ 1:3 ལ་གཟིགས་) དཀོན་མཆོག་གི་སྲས་ལ་དད་པ་བྱེད་པའི་སྒོ་ནས་ངེད་རྣམས་ཀྱང་དཀོན་མཆོག་གི་སྲས་དང་སྲས་མོར་འགྱུར་སྲིད། (ག་ལད་ཡཱ་པ་ 4:4-7 ལ་གཟིགས་)
སྐུ་ཚབ།
སྟོན་པ་ཡེ་ཤུ ས་རང་གི་ཉེ་གནས ་སུ་འགྱུར་ཕྱིར་མི་བཅུ་གཉིས་བསྡམས་པ་རྣམས་ལ་ཟེར། (མར་ཀུ ་ 3:14 ལ་གཟིགས་) ཁོང་གིས་ཁོ་རྣམས་ལ་འཕྲིན་བཟང ་སྒྲོག་པ་དང༌། སློབ་པ། གདོན་འདྲེ་སྐྲོད་པའི་དབང་བསྐུར། ཁོང་འཆི་བ་ནས་སླར་གསོན་དུ་གྱུར་བའི་རྗེས་སུ་མི་བཅུ་གཉིས་པོ་དེ་ཁོང་དང་མཇལ། མི་རིགས་ཐམས་ཅད་ལ་འཕྲིན་བཟང་སྒྲོག་པའི་ཕྱིར་ཁོང་གིས་ཁོ་རྣམས་ཕྱིར་མངགས། (མཛད་པ་ 1:8 ལ་གཟིགས་) གཙོ་བོ ་ཡེ་ཤུ་འཆི་བ་ནས་སླར་གསོན་རྗེས་མ་ཐི་ཡཱ་དང་པའུ་ལུ ་སྐུ་ཚབ་ཏུ་བསྐོས་པ་ཡིན། (མཛད་པ་ 1:24 དང༌། ག་ལད་ཡཱ་པ་ 1:15 ལ་གཟིགས་) སྐུ་ཚབ་ཐམས་ཅད་ནི་གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་དུ་གྱུར་བའི་དཔང་པོ་ཡིན་པས་དེང་སང་སྐུ་ཚབ་མེད།
སྐྱུར་རྩི་མེད་པའི་བག་ལེབ་དུས་ཆེན།
ཡ་ཧུ་དཱ་པ་རྣམས་ཀྱི་དུས་ཆེན་གལ་ཆེན་ཞིག་ཡིན་ཏེ་པེ་སག ་གི་དུས་ཆེན་དང་ལྷན་དུ་རྟེན་འབྲེལ་བྱས། དུས་ཆེན་དེ་གཉིས་ཀྱི་དགོས་དོན་ནི་དཀོན་མཆོག ་གིས་ཡ་ཧུ་དཱ་པ་རྣམས་ཨེ་ཇེབ ་ཡུལ་གྱི་བྲན་གཡོག་ལས་ཐར་བ ར་མཛད་པ་དྲན་པའི་ཆེད་དུ་ཡིན། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པ་ཙམ་ལ་དཀོན་མཆོག་གིས་ལུང་སྟོན་པ ་མོ་ཤེ ་བརྒྱུད་ནས་ཡི་སི་ར་ཨེལ ་གྱི་མི་རིགས་ལ་དུས་ཆེན་འདི་ཚོ་སྲུང་དགོས་པའི་བཀའ་གནང༌། (ཐེགས་པ་ 12:17 ལ་གཟིགས་) གནའ་བོའི་དུས་སུ་སྐྱུར་རྩི་ནི་ངན་ལྷད་དམ་སྡིག་ཉེས ་ཀྱི་མཚོན་རྟགས་ཤིག་ཡིན་པས། ཡ་ཧུ་དཱ་པ་རྣམས་ཉིན་བདུན་གྱི་རིང་ལ་སྐྱུར་རྩི་ཡོད་པའི་ཟས་ཟ་མི་ཆོག
སྐྱུར་རུ་ཤིང༌།
པཱ་ལེ་སི་ཐན་ཡུལ་ལ་སྐྱེ་བའི་ཤིང་ཞིག་ཡིན། སྔར་ཡི་སི་ར་ཨེལ ་པ་རྣམས་ཀྱིས་དེའི་འབྲས་བུས་སྣུམ་དང༌། སྨན། བྱུགས་རྫས་བཅས་བཟོས་པ་རེད། གནའ་བོའི་དུས་སུ་རྒྱལ་པོ་བསྐོ་གཞག་བྱེད་སྐབས་དཀོན་མཆོག ་གི་ལུང་སྟོན་པ ས་རྒྱལ་པོ་ལ་སྣུམ་གྱིས་བྱུགས་པའི་ལུགས་སྲོལ་ཡོད། གསུང་རབ་ནང་སྐྱུར་རུ་ཤིང་གི་ཡལ་ག་ནི་ཞི་བདེའི་མཚོན་རྟགས་ཤིག་ཡིན།


སྐྱུར་རུ་ཤིང་གི་རི།
ཡི་སི་ར་ཨེལ ་ཡུལ་གྱི་རྒྱལ་ས་ཡེ་རུ་ཤ་ལེམ ་དུ་ཆགས་པའི་རི་ཞིག་ཡིན། སྟོན་པ་ཡེ་ཤུ འི་སྐུ་དུས་སུ་དེ་ནི་མི་མང་པོ་མེད་པའི་ས་ཆ་ཡིན་པས། ཁོང་གི་ཉེ་གནས ་ལ་སློབ་པའི་ཕྱིར་ཐེངས་མང་པོ་ཁོ་རྣམས་དེར་འཁྲིད། (མར་ཀུ ་ 13:3 ལ་གཟིགས་) སྐྱུར་རུ་ཤིང་གི་རིའི་འཁྲིས་ལ་རྒྱང་ཤིང ་སྟེང་མ་བཀྲོངས་གོང་གི་མཚན་སྔོན་མ་ལ་སྟོན་པ་ཡེ་ཤུས་གསོལ་སྨོན་འདེབས་གནས་གེད་སེམ་མཱ་ནེ ་ཞེས་པའི་ལྡུམ་ར་དེར་ཡོད། (ས་བཀྲ་ལ་གཟིགས་)






ཁཱོར་པན།
ཡ་ཧུ་དཱ་པའི་སྐད་ཀྱི་ཚིག་གཅིག་ཡིན་ལ། དེའི་དོན་ནི་སེམས་ཅན་ནམ། རྒུན་ཆང༌། འབྲུ་རིགས། འབྲས་བུ། བག་ཟན། དངུལ་ལ་སོགས་པ་དཀོན་མཆོག ་ལ་འབུལ་བ་དེ་ཡིན། ཕཱ་རུ་ཤི་པ ་རྣམས་ཀྱིས་ལུགས་སྲོལ་དེ་ཚུལ་བཞིན་མ་བྱས་པས་སྟོན་པ་ཡེ་ཤུ ས་ཁོ་རྣམས་ལ་བཀའ་བཀྱོན་གནང༌།
ཁྲལ་སྡུད་མཁན།
སྟོན་པ་ཡེ་ཤུ འི་སྐུ་དུས་སུ་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱིས་ཡི་སི་ར་ཨེལ ་ཡུལ་ལ་དབང་བསྒྱུར། རོ་མཱ་སྲིད་གཞུང་གིས་ཁྲལ་སྡུད་པའི་ཕྱིར་མི་མང་པོ་ཡི་སི་ར་ཨེལ་ཡུལ་དུ་བཏང༌། ཁྲལ་སྡུད་མཁན་དེ་ཚོས་བཙན་གྱིས་ཁྲལ་བསྡུས་པས་ཡ་ཧུ་དཱ་པ་མང་ཆེ་བ་ཁོ་ཚོར་སྡང༌། ཁྲུས་གསོལ་མཁན་ཡོ་ཧ་ནན ་དང་སྟོན་པ་ཡེ་ཤུ་གཉིས་ཀྱིས་ཁྲལ་སྡུད་མཁན་རྣམས་ལ་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་དགོས་བའི་བཀའ་གནང་ནས་ཁ་ཤས་ཀྱིས་དེ་ལྟར་བྱས། (མད་ཐཱ ་ 21:31 ལ་གཟིགས་)
ཁྲིམས་གཅོད་ཀྱི་ཉིན་མོ།
གཙོ་བོ ་ཡེ་ཤུ ་ཕྱིར་ལོག་ཕེབས་པའི་དུས་ཀྱི་མཐའ་མ་སྟེ། མི་ཐམས་ཅད་ཁྲིམས་གཅོད་མྱོང་དགོས་པའི་ཉིན་མོ་དེ་ཡིན།
ཁྲུས་གསོལ།
གནའ་བོའི་དུས་སུ་ཡ་ཧུ་དཱ་པའི་ཆོས་ཀྱི་ཆོ་ག་ཞིག་ཡིན། མི་རྣམས་ཀྱིས་སོ་སོའི་སྡིག་པ་རྣམས་སྤངས་ནས་སེམས་བསྒྱུར་ཟིན་པ་སྟོན་པའི་ཕྱིར་ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱིས་ཁོ་ཚོར་ཁྲུས་གསོལ་གནང༌། སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ཏེ་གཙོ་བོ ་ཡེ་ཤུ ་ལ་དད་པ་བྱས་ཟིན་པའི་རྟགས་མཚོན་པའི་ཕྱིར་གནའ་བོའི་ཆོས་ཚོགས་ཀྱིས་དད་ལྡན་གསར་པ་རྣམས་ལ་ཁྲུས་གསོལ་གནང༌། ཁྲུས་གསོལ་ལེན་པ་དེ་རང་གིས་མི་སུ་ཞིག་ཐར་བ ར་མི་བྱེད་ཀྱང༌། སྤྱོད་པ་ངན་པ་སྤངས ་ནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་ཏེ་དཀོན་མཆོག་གི་རྒྱལ་སྲིད ་དུ་ཞུགས་ཟིན་པའི་རྟགས་ཤིག་ཡིན།

ཁྲུས་གསོལ་མཁན་ཡོ་ཧ་ནན།
ཡ་ཧུ་དཱ་པའི་ཆོས་ཤོད་མཁན་སྙན་གྲགས་ཆེན་པོ་ཞིག་ཡིན། གནའ་བོའི་དུས་ཀྱི་ལུང་སྟོན་པ ་ཨེ་ལི་ཡཱ ་ཡི་ཚུལ་དུ་ཡོང་བ་སྟོན་པའི་ཆེད་དུ་ཨེ་ལི་ཡཱ་ལྟར་ཡོ་ཧ་ནན ་གྱིས་རྔ་མོང་གི་སྤུ་ཡི་གོས་གྱོན་པ་དང་རྐེད་པ་ལ་ཀོ་བའི་སྐེ་རགས་བཅིངས། ཡོ་ཧ་ནན་བྱོན་པའི་དམིགས་ཡུལ་ནི་གཙོ་བོ ་ཡེ་ཤུ འི་གསུང་གི་ཆེད་དུ་མི་རྣམས་ལ་གྲ་སྒྲིག་བྱེད་པའི་ཕྱིར་རོ། (ལུ་ཀཱ་ 1:17 ལ་གཟིགས་) ཡོ་ཧ་ནན་གྱིས་སྟོན་པ་ཡེ་ཤུ་ཡོར་དན་གཙང་པོ ་ལ་ཁྲུས་གསོལ ་གནང༌། (མར་ཀུ ་ 1:9 ལ་གཟིགས་) ཡོ་ཧ་ནན་གྱིས་མི་ཚོགས་ལ་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་དགོས་པའི་འཕྲིན་བཟང ་བསྒྲགས་ཤིང༌། ཁོ་རྣམས་དེ་ལྟར་བྱས་ནས་ཁོང་གིས་དེ་ཚོར་ཁྲུས་གསོལ་གནང༌། ཡོ་ཧ་ནན་གྱིས་རྒྱལ་པོ་ཧེ་རོ་དཱེ ་ལ་བཀའ་བཀྱོན་པའི་རྗེས་སུ་ཧེ་རོ་དཱེ་ཡིས་ཁོང་བསད།


ག་ལི་ཡཱོ།
སྤྱི་ལོ་ 52 ནས་ 53 བར་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་ཨ་ཀ་ཡཱ ་ཡི་སྤྱི་ཁྱབ་ཡིན། དེའི་རྒྱལ་ས་ཀོ་རིན་ཐུ ་གྲོང་ཁྱེར་ལ་ཁོང་སྐུ་ཚབ ་པའུ་ལུ ་དང་ཕྲད། (མཛད་པ་ 18:12 ལ་གཟིགས་) ག་ལི་ཡཱོ་ཡི་ནུ་བོ་ནི་སེ་ནེ་ཀ་ཞེས་ཟེར་མཁན་རོ་མཱ་པའི་མཚན་ཉིད་རིག་པ་སྨྲ་བ་སྙན་གྲགས་ཅན་ཞིག་ཡིན། སྤྱི་ལོ་ 65 ལོར་རོ་མཱ་གོང་མའི་རྒྱལ་པོ་ནེ་རོ་ཡིས་ག་ལི་ཡཱོ་གསོད་དུ་བཅུག
ག་ལིལ་ཡུལ།
ཡི་སི་ར་ཨེལ ་གྱི་བྱང་ཕྱོགས་སུ་ཆགས་པའི་ས་ཕྱོགས་ཤིག་ཡིན། ག་ལིལ་ཡུལ་ལ་རི་མང་པོ་ཡོད་ཅིང༌། དེའི་ཤར་ཕྱོགས་སུ་ག་ལིལ་མཚོ ་ཡོད། ག་ལིལ་ཡུལ་ནི་སྟོན་པ་ཡེ་ཤུ འི་ཕ་ཡུལ་ཡིན། (ས་བཀྲ་ལ་གཟིགས་)



ག་ལིལ་ཡུལ་གྱི་མཚོ།
ཡི་སི་ར་ཨེལ ་གྱི་བྱང་ཕྱོགས་སུ་ཆགས་པ་དང༌། དེའི་རྒྱ་ཁྱོན་ནི་གནམ་མཚོའི་རྒྱ་ཁྱོན་གྱི་ཕྱེད་ཀ་ཙམ་ཡིན། གཙོ་བོ ་ཡེ་ཤུ ས་ག་ལིལ་མཚོ འི་འགྲམ་ལ་ཆོས་བསྟན་གནང་བ་མ་ཟད། དེའི་རླུང་འཚུབ་ཆེན་པོ་ཞི་བར་མཛད་པ་དང་མཚོ་དེའི་སྟེང་ལ་ཞབས་འཆག (མར་ཀུ ་ 4:1 དང༌། མར་ཀུ་ 4:35 དང་མར་ཀུ་ 6:45-50 ལ་གཟིགས་) ག་ལིལ་མཚོའི་འགྲམ་ལ་ཀ་ཕར་ན་ཧུམ ་དང༌། ཀོ་ར་ཟིན ། པེ་སད་དཱ ། མ་ག་དན་ཞེས་ཟེར་བའི་གྲོང་ཁྱེར་ཡོད་པ་ཡིན། (ས་བཀྲ་ལ་གཟིགས་)







གད་དེ་རེའི་ཡུལ།
ག་ལིལ་མཚོ ་འགྲམ་དུ་ཆགས་པའི་ས་ཕྱོགས་ཤིག་ཡིན། ཡུལ་དེའི་མི་རྣམས་ནི་ཡ་ཧུ་དཱ་པ་མིན། (ས་བཀྲ་ལ་གཟིགས་)




གེད་སེམ་མཱ་ནེ།
གེད་སེམ་མཱ་ནེ་ཞེས་པའི་ལྡུམ་ར་ནི་ཡི་སི་ར་ཨེལ ་ཡུལ་གྱི་རྒྱལ་ས་ཡེ་རུ་ཤ་ལེམ ་གྱི་སྐྱུར་རུ་ཤིང་གི་རི འི་འཁྲིས་སུ་ཆགས་པའི་ས་ཆ་ཞིག་ཡིན། དེར་སྟོན་པ་ཡེ་ཤུ ས་རང་གི་ཉེ་གནས ་རྣམས་ལ་ཆོས་བསྟན་གནང་ཞིང༌། ཡུ་དཱས་རྒྱབ་གཏོད་བྱས་པའི་མཚན་མོར་ཁོ་ཚོ་དང་མཉམ་དུ་སྨོན་ལམ ་བཀྱོན། (མར་ཀུ ་ 14:32 ལ་གཟིགས་པ་དང༌། ས་བཀྲ་ལ་གཟིགས་)




གོལ་གོ་ཐ།
ཡི་སི་ར་ཨེལ ་གྱི་རྒྱལ་ས་ཡེ་རུ་ཤ་ལེམ ་གྱི་ལྕགས་རིའི་ཕྱི་ལ་ཡོད་པའི་ས་ཆ་ཞིག་ཡིན། དེར་གཙོ་བོ ་ཡེ་ཤུ ་རྒྱང་ཤིང ་སྟེང་བཀལ་བ་རེད། (མར་ཀུ ་ 15:22 ལ་གཟིགས་)

གོས་དབྲལ་བ།
གནའ་བོའི་དུས་སུ་རང་གི་གོས་དབྲལ་བ་དེ་ཡ་ཧུ་དཱ་པ་རྣམས་ཀྱི་ལུགས་སྲོལ་ཞིག་ཡིན། མྱ་ངན་བྱེད་མཁན་རྣམས་ཀྱིས་རང་གི་གོས་དབྲལ ། (འགོད་པ་ 37:34 དང༌། ཤ་མུ་ཨེལ་གཉིས་པ་ 13:31 ལ་གཟིགས་) གལ་ཏེ་མི་སུ་ཞིག་གིས་དཀོན་མཆོག ་ལ་སྐུར་བ་བཏབ་ན། གཏམ་དེ་ཐོས་པ་རྣམས་ཀྱིས་རང་གི་གོས་དབྲལ། ཁྲིམས་གཅོད་མྱོང་སྐབས་གཙོ་བོ ་ཡེ་ཤུ ས་ང་ནི་སྐྱབས་མགོན་མཱ་ཤི་ཀ ་ཡིན་ཞེས་གསུངས་པས། ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ ས་དེ་ནི་དཀོན་མཆོག་ལ་སྐུར་བ་འདེབས་པ་རེད་སྙམ་པས་རང་གི་གོས་དབྲལ། (མད་ཐཱ ་ 26:65 དང༌། མར་ཀུ ་ 14:63 ལ་གཟིགས་)
གྲ་སྒྲིག་གི་ཉིན་མོ།
པེ་སག ་གི་དུས་ཆེན་གྱི་ཉིན་སྔོན་མ་དེ་ཡིན། ཉིན་མོ་དེར་རོ་མཱ ་པའི་སྤྱི་ཁྱབ་པི་ལ་ཏུ ས་གཙོ་བོ ་ཡེ་ཤུ ་གསོད་དགོས་པའི་ཁྲིམས་ཐག་བཅད། (ཡོ་ཧ་ནན ་ 19:12 ལ་གཟིགས་)
གྲུ་ཁ་བདེ་ཅན།
ཀེ་རེ་ཊེ ་གླིང་ཕྲན་གྱི་ལ་སེ་ཡཱ ་གྲོང་ཁྱེར་གྱི་གྲུ་ཁ་ཆུང་ཆུང་ཞིག་ཡིན། རོ་མཱ ་ལ་འགྲོ་བའི་སྐབས་སུ་སྐུ་ཚབ ་པའུ་ལུ འི་གྲུ་གཟིངས་གྲུ་ཁ་བདེ་ཅན་དང་ཉེ་བར་ཕྱིན། (མཛད་པ་ 27:8 ལ་གཟིགས་)

གྷི་རིག་མི་རིགས།
སྤྱི་ལོའི་སྔོན་གྱི་དུས་རབས་བཞི་པར་གྷི་རིག་གི་རྒྱལ་པོ་ཨ་ལིག་ཟན་ཌེར་གྱིས་བོད་ཀྱི་ནུབ་ཕྱོགས་ཀྱི་ས་མཚམས་ཙམ་ལ་རྒྱ་གར་དབང་དུ་འདུས། ཁོས་བསྐོ་གཞག་བྱས་པའི་གྷི་རིག་མི་རིགས་ཀྱི་དཔོན་པོས་ཡི་སི་ར་ཨེལ ་ཡུལ་ལ་དབང་བསྒྱུར། སྟོན་པ་ཡེ་ཤུ འི་སྐུ་དུས་སུ་ཡ་ཧུ་དཱ་པའི་དཔོན་པོ་མང་པོས་གྷི་རིག་སྐད་ཤོད་ཅིང༌། གྷི་རིག་གི་ལུགས་སྲོལ་བསྲུངས། དམ་པའི་གསུང་རབ ་ཀྱི་ཞལ་ཆད་གསར་པ་ནི་ཐོག་མར་གྷི་རིག་ཡི་གེར་བྲིས།
རྒྱང་ཤིང༌།
1) རོ་མཱ ་པའི་རྒྱང་ཤིང་ནི་མི་ཞིག་ལ་མནར་གཅོད་བྱས་ནས་བསད་པའི་གྱེན་འགྲེང་ལང་བའི་གདུང་མ་ཞིག་ཡིན། ལུང་སྟོན་པ ་མོ་ཤེ འི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་ 21 ཨང་ 23 ལ་རྒྱང་ཤིང་སྒང་ལ་བཀལ་བ་དེ་དཀོན་མཆོག ་གི་དམོད་པ་ཕོག་པ་ཡིན་ཞེས་བྲིས། ངེད་རྣམས་ཀྱི་སྡིག་ཉེས ་ཀྱི་ཉེས་ཆད་མྱོང་བའི་ཆེད་དུ་གཙོ་བོ ་ཡེ་ཤུ ་རྒྱང་ཤིང་སྒང་ལ་སྡུག་བསྔལ་མྱོང༌། དུས་དེ་ནས་བཟུང་རོ་མཱ་པའི་རྒྱང་ཤིང་ཡེ་ཤུའི་ཆོས་ལུགས་ཀྱི་རྟགས་མཚན་དུ་གྱུར།
2) གཙོ་བོ་ཡེ་ཤུས་གལ་ཏེ་མི་སུ་ཞིག་ང་ཡི་རྗེས་སུ་འབྲང་འདོད་ན། རང་ཉིད་དོར་ནས་རང་གི་རྒྱང་ཤིང་འཁུར་ཏེ་ང་ཡི་རྗེས་སུ་འབྲང་དགོས་ཞེས་གསུངས། (ལུ་ཀཱ་ 9:23 དང༌། མད་ཐཱ ་ 16:24 མར་ཀུ ་ 8:34 ལ་གཟིགས་) རང་གི་རྒྱང་ཤིང་འཁུར་བའི་དོན་ནི་རང་གི་འདོད་པ་ལྟར་མི་ཚེ་མ་སྐྱེལ་བར་དཀོན་མཆོག་གི་དགོངས་པ་ལྟར་སྤྱོད་པ་དེ་ཡིན།

བརྒྱ་དཔོན།
གནའ་བོའི་དུས་སུ་རོ་མཱ ་པའི་དམག་དཔུང་གི་དམག་དཔོན་ཞིག་ཡིན། ཁོའི་དབང་འོག་ཏུ་དམག་མི་བརྒྱ་ཡོད། སྟོན་པ་ཡེ་ཤུ ས་ག་ལིལ་ཡུལ ་ལ་སྡོད་པའི་དད་ལྡན་པའི་བརྒྱ་དཔོན་ཞིག་ལ་བསྟོད་པར་མཛད། (མད་ཐཱ ་ 8:5 ལ་གཟིགས་) བརྒྱ་དཔོན་གཞན་ཞིག་གིས་གཙོ་བོ ་ཡེ་ཤུའི་སྐུ་ཚེ་ལས་འདས་པ་མཐོང་ནས། མི་འདི་དངོས་གནས་དཀོན་མཆོག་གི་སྲས ་ཡིན་ཞེས་སྨྲས། (མད་ཐཱ་ 27:54 ལ་གཟིགས་) ཀོར་ནེ་ལི་ཡཱུ་ཞེས་ཟེར་བའི་བརྒྱ་དཔོན་ནི་ཡ་ཧུ་དཱ་པ་མ་ཡིན་པའི་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་དང་པོའི་གྲས་ཤིག་ཡིན། (མཛད་པ་ 10:1 ལ་གཟིགས་)
ངལ་གསོ་བའི་ཉིན་མོ།
ལུང་སྟོན་པ ་མོ་ཤེ འི་མདོ་དང་པོ་སྟེ་འགོད་པའི་ལེའུ་དང་པོ་བཞིན་དུ། དཀོན་མཆོག ་གིས་ཉིན་དྲུག་གི་རིང་ལ་འཛམ་གླིང་འདི་བཀོད་གནང་ནས་ཉིན་མ་བདུན་པར་ངལ་གསོས་ནས་བཞུགས། དཀོན་མཆོག་གིས་ལུང་སྟོན་པ་མོ་ཤེ་ལ་ཡ་ཧུ་དཱ་པ་རྣམས་ཀྱིས་ངལ་གསོ་བའི་ཉིན་མོར་ལས་ཀ་གང་ཡང་བྱེད་མི་ཆོག་པའི་བཀའ་གནང༌། གཙོ་བོ ་ཡེ་ཤུ འི་སྐུ་དུས་སུ་ཡ་ཧུ་དཱ་པའི་ཆོས་དཔོན་རྣམས་ཀྱིས་ངལ་གསོ་བའི་ཉིན་མོ་སྲུང་བའི་སྐོར་ལ་སྒྲིག་ཁྲིམས་མང་པོ་ཡོད། དཔེར་ན་ངལ་གསོ་བའི་ཉིན་མོར་ནད་པ་ལ་སྨན་བཅོས་བྱེད་པའི་ལས་ཀ་ཡང་བྱེད་མི་ཆོག བདེན་པའི་ཆོས་ནི་དཀོན་མཆོག་དང་མི་རྣམས་ལ་གཅེས་པར་འཛིན་པ་དེ་ཡིན་པ་སྟོན་པའི་ཆེད་དུ་གཙོ་བོ་ཡེ་ཤུས་ངལ་གསོ་བའི་ཉིན་མོར་མི་མང་པོ་ནད་ལས་ཐར་བ ར་མཛད་པས། ཆོས་དཔོན་རྣམས་དང་མི་མཐུན་པ་བྱུང༌།
ཆུ་ཚོད་རྩི་སྟངས།
གནའ་བོའི་དུས་སུ་ཉི་མ་ཤར་བ་ནས་ནུབ་པ་བར་ཉིན་གཅིག་ལ་རྩིས་ཀྱི་ཡོད་ལ་ཆུ་ཚོད་བཅུ་གཉིས་ལས་རྩིས་ཀྱི་མེད། དཔེར་ན་གནའ་བོའི་ཆུ་ཚོད་གསུམ་པ་ནི་དེང་དུས་ཀྱི་ཞོགས་པའི་ཆུ་ཚོད་དགུ་པ་དང༌། གནའ་བོའི་ཆུ་ཚོད་དྲུག་པ་ལ་དེང་དུས་ཀྱི་ཉིན་གུང་ཡིན། གནའ་བོའི་ཆུ་ཚོད་དགུ་པ་དེང་དུས་ཀྱི་ཕྱི་དྲོའི་ཆུ་ཚོད་གསུམ་པ་དང༌། གནའ་བོའི་ཆུ་ཚོད་བཅུ་གཅིག་པ་དེང་དུས་ཀྱི་ཕྱི་དྲོའི་ཆུ་ཚོད་ལྔ་པ་ཡིན། དཔེར་ན་མད་ཐཱ ་ 20:3 ; 20:5 ; 20:6 ལ་གཟིགས།
ཆོས་ཁྲིམས།
གནའ་བོའི་དུས་སུ་དཀོན་མཆོག ་གིས་ལུང་སྟོན་པ ་མོ་ཤེ ་ལ་ཡ་ཧུ་དཱ་པ་རྣམས་ཀྱིས་སྲུང་དགོས་པའི་ཆོས་ཁྲིམས་མང་པོ་གནང་ཞིང༌། ལུགས་སྲོལ་ལྟར་ལུང་སྟོན་པ་མོ་ཤེ་ཡིས་ཆོས་ཁྲིམས་དེ་ཚོ་མདོ་ལྔར་བྲིས། ཡ་ཧུ་དཱ་པ་རྣམས་ཀྱི་བསམ་པ་ལ་ཆོས་ཁྲིམས་དང་སྒྲིག་ཁྲིམས་དེ་ཚོ་སྲུང་བ་ཧ་ཅང་གལ་ཆེན་པོ་ཡིན། འོན་ཀྱང་སྟོན་པ་ཡེ་ཤུ ས་ཆོས་ཁྲིམས་དང་སྒྲིག་ཁྲིམས་ཁོ་ན་སྲུང་བའི་སྒོ་ནས་མི་རྣམས་ཀྱིས་དཀོན་མཆོག་ལ་བསྙེན་བཀུར་ཞུ་མི་རུང་བར་བསྟན། (མར་ཀུ ་ 7:6-8 ལ་གཟིགས་) ཁོང་གི་གསུང་བཞིན་དུ་མི་རྣམས་ཀྱིས་དཀོན་མཆོག་ལ་དད་པ་བྱེད་དེ་ཁོང་བརྩེ་བར་འཛིན་པའི་སྒོ་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་དགོས།
ཆོས་ཁྲིམས་ལ་མཁས་པའི་མི།
ལུང་སྟོན་པ ་མོ་ཤེ འི་ཆོས་ཁྲིམས ་ལ་མཁས་པ་རྣམས་ཡིན། ཁོ་རྣམས་ཀྱིས་ཆོས་ཁྲིམས་ཀྱི་མ་ཡིག་གི་དཔེ་ཆ་བཤུས་ཤིང༌། རང་གི་ཉེ་གནས ་རྣམས་ལ་ཆོས་ཁྲིམས་བསྟན། སྟོན་པ་ཡེ་ཤུ འི་སྐུ་དུས་སུ་ཁོ་ཚོ་མང་ཆེ་བ་ཕཱ་རུ་ཤི་ཞེས་ཟེར་བའི་ཕྱོགས་ཁག་གི་ཁོངས་མི་ཡིན། ཆོས་ཁྲིམས་ལ་མཁས་པའི་མི་རྣམས་ཀྱིས་དཀོན་མཆོག ་ལ་བསྙེན་བཀུར་བྱེད་པའི་ཆེད་དུ་ཆོས་ཁྲིམས་དང་སྒྲིག་ཁྲིམས་སྲུང་བའི་རྐྱེན་གྱིས་སྟོན་པ་ཡེ་ཤུས་ཁོ་རྣམས་ལ་བཀའ་བཀྱོན་མཛད།
མཆོད་ཁང་ཆེན་མོ།
གནའ་བོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་ཡེ་རུ་ཤ་ལེམ ་གྲོང་ཁྱེར་གྱི་མཆོད་ཁང་ཆེན་མོར་དཀོན་མཆོག ་ལ་བསྙེན་བཀུར་བྱས། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པ་ཙམ་ལ་ཡ་ཧུ་དཱ་པའི་རྒྱལ་པོ་སོ་ལོ་མོན ་གྱིས་མཆོད་ཁང་དང་པོ་བརྩིགས། སྦ་བི་ལོན ་ཡུལ་གྱི་དམག་དཔུང་གིས་མཆོད་ཁང་དེ་གཏོར་བཤིག་བཏང་ཡང༌། སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པ་ཙམ་ལ་ལུང་སྟོན་པ ་ཨེས་ར་དང་ནེ་ཧེམ་ཡཱ་གཉིས་ཀྱིས་སྣེ་འཁྲིད་དེ་ཡ་ཧུ་དཱ་པ་རྣམས་ཀྱིས་མཆོད་ཁང་ཆེན་མོ་སླར་གསོ་བྱས། སྤྱི་ལོའི་སྔོན་གྱི་དུས་རབས་དང་པོར་རྒྱལ་པོ་ཧེ་རོ་དཱེ ས་མཆོད་ཁང་གསུམ་པ་བརྩིགས། དེ་ནི་སྟོན་པ་ཡེ་ཤུ ་ལ་ཕེབས་མྱོང་བའི་མཆོད་ཁང་ཆེན་མོ་དེ་ཡིན། དེའི་ཕྱི་ལ་མི་རིགས་གང་རུང་གི་མིས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ཆོག་པའི་ཁྱམས་ར་རྒྱ་ཁྱོན་ཆེ་ཞིག་ཡོད། མཆོད་ཁང་ཆེན་མོའི་རྒྱལ་སྒོའི་ནང་ལ་ཡ་ཧུ་དཱ་པ་འབའ་ཞིག་འགྲོ་ཆོག དེའི་ནང་ལ་བུད་མེད་ཀྱི་ར་བ་དང༌། ཡི་སི་ར་ཨེལ ་གྱི་ར་བ། ཡ་ཧུ་དཱ་པའི་བླ་མ འི་ར་བ། དཀོན་མཆོག་གི་མཆོད་ཁང༌། དཀོན་མཆོག་གི་གནས་མཆོག་བཅས་ཡོད། དཀོན་མཆོག་གི་མཆོད་ཁང་དང་དཀོན་མཆོག་གི་གནས་མཆོག་གི་བར་དུ་ཡོལ་བ་ཞིག་ཡོད། གཙོ་བོ ་ཡེ་ཤུ་འགྲོངས་སྐབས་ཡོལ་བ་དེ་སྟེང་ནས་འོག་བར་དུམ་བུ་གཉིས་སུ་རལ། (མར་ཀུ ་ 15:38 ལ་གཟིགས་) སྤྱི་ལོ་བདུན་བཅུ་ལོ་ལ་རོ་མཱ ་པའི་དམག་དཔུང་གིས་ཡ་ཧུ་དཱ་པའི་མཆོད་ཁང་ཆེན་མོ་ཡོངས་སུ་གཏོར་བཤིག་བཏང༌། (ས་བཀྲ་ལ་གཟིགས་)






འཆི་བ་ནས་སླར་གསོན་པ།
གཙོ་བོ ་ཡེ་ཤུ འི་གསུང་བཞིན་དུ་མི་རྣམས་ཤི་བའི་རྗེས་སུ་ཡང་བསྐྱར་གསོན་པོར་འགྱུར་ངེས་ཡིན། གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་རྣམས་ཤི་ནས་ཁོང་དང་མཉམ་དུ་བདེ་བའི་ངང་ནས་དུས་རྟག་ཏུ་གནས་པར་འགྱུར། འོན་ཀྱང་ཁོང་དོར་མཁན་རྣམས་དཀོན་མཆོག ་དང་ཁ་བྲལ་ནས་དུས་རྟག་ཏུ་དམྱལ་ཁམས ་སུ་སྡོད་པར་འགྱུར། གཙོ་བོ་ཡེ་ཤུས་རང་ཉིད་ལ་འཆི་བ་ནས་སླར་གསོན་པོར་མཛད་པའི་དབང་ཡོད་པར་བསྟན་པ་མ་ཟད། ཁོང་ཉིད་འཆི་བ་ནས་སླར་གསོན་པོར་གྱུར། (མར་ཀུ ་ 5:21-43 དང༌། ལུ་ཀཱ་ 7:11-17 ཡོ་ཧ་ནན ་ 11:1-44 ལ་གཟིགས་) ཀོ་རིན་ཐུ ་པ་རྣམས་ལ་བྲིས་པའི་འཕྲིན་ཡིག་དང་པོའི་ལེའུ་ 15 ལ་སྐུ་ཚབ ་པའུ་ལུ ་ཡིས་འཆི་བ་ནས་སླར་གསོན་པོར་འགྱུར་བའི་སྐོར་བྲིས་ཡོད།
ཉི་མ་ལྔ་བཅུ་པའི་དུས་ཆེན།
ཡ་ཧུ་དཱ་པའི་པེ་སག ་གི་དུས་ཆེན་ནས་ཉི་མ་ལྔ་བཅུའི་རྗེས་སུ་བྱུང་ལ། དེ་ནི་སྟོན་ཐོག་རྔ་བའི་དུས་ཆེན་ཞིག་ཡིན་ཏེ། གྷི་རིག་སྐད་དུ་ཕན་ཏེ་ཀོ་སི་ཊ་ཞེས་ཟེར།
ཉེ་གནས།
སྟོན་པ་ཡེ་ཤུ འི་རྗེས་སུ་འབྲང་མཁན་དང་སློབ་མ་ཧ་ཅང་མང་ཡང་ཉེ་གནས་སུ་འགྱུར་བའི་ཕྱིར་མི་བཅུ་གཉིས་བོས་གནང༌། ཁོ་ཚོའི་མིང་ནི་མར་ཀུ ས་བྲིས་པའི་འཕྲིན་བཟང ་ 3:16-19 དང༌། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་ 6:13-16 དང༌། སྐུ་ཚབ ་རྣམས་ཀྱི་མཛད་པ་ 1:13 ལ་བཀོད་ཡོད། གཙོ་བོ ་ཡེ་ཤུས་འཆི་བ་ནས་སླར་གསོན་དུ་གྱུར་བའི་རྗེས་སུ་ཁོང་གིས་མི་དེ་རྣམས་མི་རིགས་ཀུན་ལ་འཕྲིན་བཟང་སྒྲོག་པའི་ཆེད་དུ་ཕྱིར་མངགས། ཉེ་གནས་མད་ཐཱ ་དང་ཡོ་ཧ་ནན ་གཉིས་ཀྱིས་གཙོ་བོ་ཡེ་ཤུའི་རྣམ་ཐར་བྲིས་ཤིང༌། ཉེ་གནས་པེ་ཏྲོ ས་ཆོས་ཚོགས་རྣམས་ལ་བཏང་བའི་འཕྲིན་ཡིག་གཉིས་བྲིས་ཏེ་ཞལ་ཆད་གསར་པ་ལ་བཀོད་ཡོད།
ཊར་སཱུ།
གནའ་བོའི་དུས་སུ་ཀི་ལིག་ཡཱ ་ཡུལ་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། ཊར་སཱུ་ནི་སྐུ་ཚབ ་པའུ་ལུ འི་ཕ་ཡུལ་ཡིན། (མཛད་པ་ 21:39 ལ་གཟིགས་)

ཏྲོ་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་གྲུ་ཁ་ཞིག་ཡིན། དེར་དཀོན་མཆོག ་གིས་སྐུ་ཚབ ་པའུ་ལུ ་ལ་མ་ཀེ་དོན་ཡཱ ་ཡུལ་གྱི་མི་ཞིག་ཞལ་གཟིགས་ཞིག་གནང་ཞིང༌། དེར་སྐུ་ཚབ་པའུ་ལུས་ཡུ་ཏི་ཀུ་ཞེས་ཟེར་བའི་གཞོན་ནུ་ཞིག་འཆི་བ་ནས་སླར་གསོན་པ ར་མཛད། ཏྲོ་ཡཱ་གྲོང་ཁྱེར་གྱི་གནའ་ཤུལ་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། (མཛད་པ་ 16:8-11 ; 20:5-12 ལ་གཟིགས་)

སྟོང་བར་བྱེད་མཁན།
ལུང་སྟོན་པ ་དཱ་ནི་ཨེལ ་གྱིས་ལུང་བསྟན་ཡོད་པའི་རྟགས་ཤིག་ཡིན་ཞིང༌། གཙོ་བོ ་ཡེ་ཤུ ས་ཀྱང་དེའི་སྐོར་གསུངས། (དཱ་ནི་ཨེལ་ 9:27, 11:31, 12:11 དང༌། མར་ཀུ ་ 13:14 ལ་གཟིགས་) དེས་མཱ་ཤི་ཀ ་ལ་ངོ་རྒོལ་བྱེད་མཁན་ཞིག་གམ། ཡེ་རུ་ཤ་ལེམ ་གྱི་མཆོད་ཁང་ཆེན་མོ ར་བཞག་པའི་སྐུ་འདྲ་ཞིག་མཚོན་སྲིད། (ཐེ་ས་ལོ་ནི་ཀེ ་གཉིས་པ་ 2:1-12 དང༌། ཡོ་ཧ་ནན ་དང་པོ་ 2:18 ལ་གཟིགས་)
ཐཱ་ཨེར།
ས་དབུས་རྒྱ་མཚོའི་འགྲམ་ལ་ཆགས་པའི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན། གཙོ་བོ ་ཡེ་ཤུ ས་གང་མཛད་པའི་གཏམ་ཐོས་པས་གྲོང་ཁྱེར་ཐཱ་ཨེར་དང་ཚི་དོན ་ནས་མི་མང་པོ་ཁོང་གི་མདུན་དུ་མཇལ་བར་ཡོང༌། (མར་ཀུ ་ 3:8 ལ་གཟིགས་) དེང་སང་ཐཱ་ཨེར་ནི་ལེ་སྦ་ནོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་གྲས་ཨང་བཞི་པ་ཡིན། (ས་བཀྲ་ལ་གཟིགས་)






ཐར་པ།
དཀོན་མཆོག ་གི་དམ་པའི་གསུང་རབ ་བཞིན་དུ་དཀོན་མཆོག་ནི་སྐྱོན་མེད་པ་དང༌། ཡོངས་སུ་དམ་པ། དྲང་བདེན་ཉིད་དང་ལྡན་པ་ཞིག་ཡིན་ནོ། བྱམས་པ་ཡིན་པའི་དཀོན་མཆོག་གིས་མི་རྣམས་ལ་ཕན་པའི་ཕྱིར་བཀའ་རྒྱ་གནང་ཡང༌། མི་རྣམས་ལ་སྡིག་པའི་རང་གཤིས་ཡོད་པས་དཀོན་མཆོག་གི་བཀའ ་ལ་མི་ཉན། ཐོག་མཐའ་མེད་པའི་དཀོན་མཆོག་ནི་ཡོངས་སུ་དམ་པ་ཡིན་ལ་ཁོང་གི་བཀའ་ལ་མི་ཉན་པ་ཐམས་ཅད་ཀྱིས་ཁོང་ལ་ཕོག་ཐུག་གཏོང་བས་མཐའ་མེད་པའི་ཉེས་ཆད་ཕོག་ངེས་ཡིན། འོན་ཀྱང་གཙོ་བོ ་ཡེ་ཤུ ་ནི་ཉེས་ཆད་དེ་ངེད་རྣམས་ཀྱི་ཚབ་ལ་བཞེས་པའི་ཆེད་དུ་བྱོན། ཁོང་ལ་དད་པ་བྱས་ཏེ་སོ་སོའི་སྡིག་པ་རྣམས་སྤངས་ནས་སེམས་བསྒྱུར་བ་རྣམས་ནི་དཀོན་མཆོག་གི་ཉེས་ཆད་ལས་ཐར་བ ་མ་ཟད། བདེ་བའི་ངང་ནས་ཁོང་དང་འགྲོགས་ཏེ་རྒྱུན་དུ་བཞུགས་པར་འགྱུར། (ཡོ་ཧ་ནན ་ 11:25-26 ལ་གཟིགས་) སུ་ཡང་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་དེ་ཤི་ཡང་གསོན་པར་འགྱུར། དཀོན་མཆོག་གི་དམ་པའི་བཀའ་ལྟར་དེ་ནི་ཐར་པའོ། །
ཐེ་ས་ལོ་ནི་ཀེ
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་མ་ཀེ་དོན་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་གཙོ་བོ ་དེ་ཡིན། སྐུ་ཚབ ་པའུ་ལུ ་ཡིས་དེར་ཆོས་བསྟན་ཞིང༌། དེའི་ཆོས་ཚོགས་ལ་འཕྲིན་ཡིག་གཉིས་བྲིས། (མཛད་པ་ 17:4 ལ་གཟིགས་) དེང་དུས་ཐེ་ས་ལོ་ནི་ཀེ་གྷི་རིག་རྒྱལ་ཁབ་ཀྱི་གྲོང་ཁྱེར་གལ་ཆེན་ཞིག་ཡིན།

ཐེ་ཨོ་ཕི་ལུ།
ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང ་དང་སྐུ་ཚབ ་རྣམས་ཀྱི་མཛད་པ་ཞེས་ཟེར་བའི་མདོ་གཉིས་ནི་ཐེ་ཨོ་ཕི་ལུ་ཞེས་ཟེར་མཁན་གྱི་དོན་དུ་བྲིས། (ལུ་ཀཱ་ 1:3 དང༌། མཛད་པ་ 1:1 ལ་གཟིགས་) ཐེ་ཨོ་ཕི་ལུ་སུ་ཡིན་པ་སུས་ཀྱང་མི་ཤེས།
ཐི་ཡ་ཏི་རཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན། ཐི་ཡ་ཏི་རཱ་ནས་ཡིན་པའི་མདོག་རྒྱ་སྨུག་ཅན་གྱི་རས་འཚོང་མཁན་ལི་དི་ཡཱ་ཞེས་བྱ་བའི་བུད་མེད་ཅིག་གིས་ཕི་ལིབ་པཱི ་གྲོང་ཁྱེར་ལ་བསྡད་དུས་སྐུ་ཚབ ་པའུ་ལུ ས་བསྟན་པའི་ཆོས་ཉན་ནས་གཙོ་བོ ་ཡེ་ཤུ ་ལ་དད་པ་བྱས། (མཛད་པ་ 16:14 ལ་གཟིགས་) ཐི་ཡ་ཏི་རཱ་ལ་ཡོད་པའི་ཆོས་ཚོགས་ནི་སྐུ་ཚབ་ཡོ་ཧ་ནན ་ལ་མངོན་པར་མཛད་པ་ཞེས་པའི་མདོའི་ནང་འཁོད་པའི་ཆོས་ཚོགས་བདུན་གྱི་གྲས་ཤིག་ཡིན།

དཱ་བིད།
སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་པ་ཙམ་ལ་དཱ་བིད་ནི་ཡི་སི་ར་ཨེལ ་ཡུལ་གྱི་རྒྱལ་པོ་གཉིས་པ་ཡིན། ཁོང་དམག་དཔོན་སྙན་གྲགས་ཆེན་པོ་དང༌། སྙན་ངག་པ། ཡ་ཝེ་དཀོན་མཆོག ་ལ་བསྙེན་བཀུར་བྱེད་མཁན་ཞིག་ཡིན། ཁོང་གི་རྣམ་ཐར་ལུང་སྟོན་པ ་ཤ་མུ་ཨེལ་གྱི་མདོ་དང་པོ་དང་གཉིས་པ། རྒྱལ་རབས་ཀྱི་མདོ་དང་པོ་གཉིས་པ། སྔོན་རབས་ཀྱི་མདོ་དང་པོ་གཉིས་པ་ལ་བཀོད་ཡོད། རྒྱལ་པོ་དཱ་བིད་ཀྱིས་དམ་པའི་གསུང་རབ ་ཀྱི་གསུང་མགུར་ནང་ནས་མང་པོ་ཞིག་བརྩམས། དཀོན་མཆོག་གིས་རྒྱལ་པོ་དཱ་བིད་ལ་ཁོའི་བུ་རྒྱུད་ཀྱི་ནང་ནས་མི་ཞིག་སྐྱབས་མགོན་མཱ་ཤི་ཀ ར་འགྱུར་ངེས་ཡིན་པའི་ཞལ་ཆད་གནང༌། གཙོ་བོ ་ཡེ་ཤུ ་འཁྲུངས་པའི་ཚེ་ཞལ་ཆད་འདི་བསྒྲུབས། (མད་ཐཱ ་ 1:1-25, 2:1-12 དང༌། ལུ་ཀཱ་ 2:1-20 ལ་གཟིགས་)
དཱ་བིད་ཀྱི་སྲས།
གཙོ་བོ ་ཡེ་ཤུ འི་མཚན་གྱི་གྲས་ཤིག་སྟེ། རྒྱལ་པོ་དཱ་བིད ་ནི་སྟོན་པ་ཡེ་ཤུའི་མེས་པོ་ཡིན་པས་གཙོ་བོ་ཡེ་ཤུ་ལ་སྐབས་སྐབས་སུ་དཱ་བིད་ཀྱི་སྲས་ཞེས་ཟེར། (མར་ཀུ ་ 10:47-48 ལ་གཟིགས་) དཀོན་མཆོག ་གིས་རྒྱལ་པོ་དཱ་བིད་ལ་ཁོའི་བུ་རྒྱུད་ཀྱི་ནང་ནས་མི་ཞིག་རྒྱུན་དུ་དབང་སྒྱུར་མཁན་གྱི་རྒྱལ་པོ་ཞིག་ཏུ་འགྱུར་ངེས་ཡིན་པའི་ཞལ་ཆད་གནང་ལ། གཙོ་བོ་ཡེ་ཤུ་རྒྱལ་པོ་དེ་ཡིན། (ཤ་མུ་ཨེལ་གཉིས་པ་ 7:16 དང༌། ཡེ་རེམ་ཡཱ ་ 33:17 མངོན་པ་ 22:16 ལ་གཟིགས་)
དཱ་ནི་ཨེལ།
1) སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་ཡི་སི་ར་ཨེལ ་ཡུལ་དུ་བྱོན་པའི་དཀོན་མཆོག ་གི་ལུང་སྟོན་པ ་ཞིག་ཡིན།
2) ཞལ་ཆད་རྙིང་པའི་མདོ་ཉི་ཤུ་རྩ་བདུན་པའི་མིང་ཡིན།
དཱ་མེ་སེག
སི་རི་ཡཱ ་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན། དྲང་པོ་ཞེས་ཟེར་བའི་སྲང་ལམ་ཚུད་པའི་གནའ་ལམ་ཁ་ཤས་དེང་དུས་ཡང་གནས་ཡོད། (མཛད་པ་ 9:11 ལ་གཟིགས་) སྤྱི་ལོའི་སྔོན་གྱི་ལོ་ 64 ནས་སྤྱི་ལོ་ 33 ལོ་ཙམ་དུ་དཱ་མེ་སེག་གྲོང་ཁྱེར་རོ་མཱ ་གོང་མའི་རྒྱལ་ཁབ་ཁོངས་སུ་གཏོགས། སྐུ་ཚབ ་པའུ་ལུ ་དེར་ཕེབས་ནས་ཆོས་བསྟན། དེ་ནས་འབྲོས་སུ་བཅུག་ཀྱང་ཨ་རབ་ཡུལ ་དུ་བཞུགས་ནས་ཕྱིར་ཕེབས། (ག་ལད་ཡཱ་པ་ 1:17 ལ་གཟིགས་)

དམ་པའི་ཐུགས་ཉིད།
དཀོན་མཆོག ་ནི་ཡབ་དཀོན་མཆོག སྲས་དཀོན་མཆོག དམ་པའི་ཐུགས་ཉིད་དཀོན་མཆོག་བཅས་ཡིན། འཇིག་རྟེན་འདི་བཀོད་པའི་སྐབས་སུ་དམ་པའི་ཐུགས་ཉིད་ཡབ་དཀོན་མཆོག་དང་མཉམ་དུ་ཡོད། (འགོད་པ་ 1:2 ལ་གཟིགས་) གནའ་བོའི་དུས་སུ་དམ་པའི་ཐུགས་ཉིད་ལུང་སྟོན་པ ་རྣམས་ཀྱི་སེམས་སུ་བཞུགས་ཏེ་དཀོན་མཆོག་གི་དོན་དུ་མི་རྣམས་ལ་གསུངས་པའི་དབང་གནང༌། ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱིས་གཙོ་བོ ་ཡེ་ཤུ ་ལ་ཁྲུས་གསོལ ་གནང་སྐབས་དམ་པའི་ཐུགས་ཉིད་ཕུག་རོན་ལྟར་གཙོ་བོ་ཡེ་ཤུའི་སྟེང་ལ་བབས། གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་དུ་འགྱུར་བའི་རྗེས་སུ་དམ་པའི་ཐུགས་ཉིད་ཀྱིས་ཁོང་གི་ཉེ་གནས ་ཚང་མ་གང་བར་གྱུར། (མཛད་པ་ 2:1-41 ལ་གཟིགས་) དམ་པའི་ཐུགས་ཉིད་ཀྱིས་དད་ལྡན་རྣམས་ཀྱི་དོན་ལ་ཞུ་ངོ་མཛད་ལ། དཀོན་མཆོག་དང་མི་གཞན་ལ་ཞབས་ཕྱི་བྱེད་པའི་ཕྱིར་ཁོང་གིས་དད་ལྡན་ཐམས་ཅད་ལ་གནང་སྦྱིན་མི་འདྲ་བ་གནང༌། (རོ་མཱ ་པ་ 12:3-8 དང༌། ཀོ་རིན་ཐུ ་པ་དང་པོ་ 12:1-31 ལ་གཟིགས་) དམ་པའི་ཐུགས་ཉིད་ནི་དད་པ་བྱེད་མཁན་ཐམས་ཅད་ཀྱི་སེམས་ལ་བཞུགས་སོ། ། (ཀོ་རིན་ཐུ་པ་དང་པོ་ 6:19 ལ་གཟིགས་)
དམ་པའི་གསུང་རབ།
དཀོན་མཆོག་གི་བཀའ ་ཡིན། (པེ་ཏྲོ ་གཉིས་པ་ 1:20-21 ལ་གཟིགས་) དེ་ལ་ཞལ་ཆད་རྙིང་པ་དང་ཞལ་ཆད་གསར་པ་ཟེར་བའི་ཆ་ཤས་གཙོ་བོ ་གཉིས་ཡོད། མདོ་ 39 ཡོད་པའི་ཞལ་ཆད་རྙིང་པ་ལ་དཀོན་མཆོག ་དང་ཁོང་གིས་བདམས་པར་མཛད་པའི་མི་རིགས་ཀྱི་ལོ་རྒྱུས་ཡོད། མདོ་ 27 ཡོད་པའི་ཞལ་ཆད་གསར་པ་ལ་སྟོན་པ་ཡེ་ཤུ ་དང་ཁོང་གི་ཆོས་ཚོགས་ཀྱི་ལོ་རྒྱུས་ཡོད། དམ་པའི་གསུང་རབ་ནི་དཀོན་མཆོག་གི་བཀའ་ཡིན་པས། སྐུ་ཚབ ་པའུ་ལུ ས་དཀོན་མཆོག་གི་བཀའ་ཐམས་ཅད་སློབ་སྟོན་པ་དང༌། སྐྱོན་སྟོན་པ། ཡོ་བསྲང་བྱེད་པ། དྲང་བདེན་ཉིད་ཀྱི་ཕྱོགས་སུ་འདྲེན་པ་བཅས་མཆོག་ཏུ་ཕན་བྲིས། (ཐི་མོ་ཐེ་གཉིས་པ་ 3:16 ལ་གཟིགས་)
དུར་ཁང༌།
གནའ་བོའི་དུས་སུ་ཡ་ཧུ་དཱ་པ་ཞིག་ཤི་རྗེས་ཁོའི་སྤུར་བཀྲུས་ནས། དྲི་བཟང་འབྱུག་རྫས་བྱུགས་ཤིང་རས་ཀྱིས་སྒྲིལ་ཏེ། ས་དོང་ངམ་བྲག་ཕུག་ལ་བཞག གཙོ་བོ ་ཡེ་ཤུ འི་སྐུ་ཕུང་བྲག་ལ་བརྐོས་པའི་དུར་ཁང་ཞིག་གི་ནང་ལ་བཞག་ནས་རྡོ་ཆེན་པོ་ཞིག་བསྒྲིལ་ཏེ་དུར་ཁང་གི་ཁ་བཀག (མར་ཀུ ་ 15:46 དང༌། མར་ཀུ་ 16:3 ལ་གཟིགས་) ཁོང་འཆི་བ་ནས་སླར་གསོན་དུ་གྱུར་བའི་རྗེས་སུ་རྡོ་དེ་ཕར་བསྒྲིལ་ཡོད།

དུས་རབས་ཀྱི་མཐའ་མ།
སྐབས་འགར་དུས་ཀྱི་མཐའ་མའང་ཟེར་ཞིང༌། གཙོ་བོ ་ཡེ་ཤུ ་ཕྱིར་ལོག་ཕེབས་ནས་མི་ཐམས་ཅད་ལ་ཁྲིམས་གཅོད་པའི་དུས་ཚོད་ཡིན།
དེ་ཁ་པོ་ལེ།
ག་ལིལ་ཡུལ་གྱི་མཚོ འི་ལྷོ་དང་ཤར་ཕྱོགས་ལ་ཆགས་པའི་ས་ཁུལ་ཞིག་ཡིན། དེའི་མིང་གི་དོན་ནི་གྲོང་ཁྱེར་བཅུ་ཞེས་པའོ། སྟོན་པ་ཡེ་ཤུ འི་སྐུ་དུས་སུ་དེའི་མི་འབོར་མང་ཆེ་བ་གྷི་རིག་ཡིན། གཙོ་བོ ་ཡེ་ཤུས་དེ་ཁ་པོ་ལེ་ཡུལ་ལ་གདོན་འདྲེ་མང་པོས་བཟུང་བའི་མི་ཞིག་དང་ཕྲད་ནས་གདོན་འདྲེ་བསྐྲད། (མར་ཀུ ་ 5:1 ལ་གཟིགས་པ་དང༌། ས་བཀྲ་ལ་གཟིགས་)


དེ་ཎ་རིའི་དངུལ་སྒོར།
དངུལ་ལས་བཟོས་པའི་རོ་མཱ ་པའི་ཊམ་ཀ་ཞིག་ཡིན་ལ། དེ་ཎ་རཱི་དངུལ་སྒོར་གཅིག་ནི་ཉིན་གཅིག་གི་གླ་ཆ་ཙམ་ཡིན།
ཌེར་པེ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ག་ལད་ཡཱ་ཞིང་ཆེན་གྱི་ལི་ཀ་ཨོན་ཡཱ་ཡུལ་དུ་ཆགས་པའི་གྲོང་ཁྱེར་ཞིག་ཡིན། སྐུ་ཚབ ་པའུ་ལུ ་དང་ཁོང་གི་ལས་རོགས་པར་ན་པཱ ་ཡིས་དེར་ཆོས་བསྟན། (མཛད་པ་ 14:6 ལ་གཟིགས་) ཌེར་པེ་གྲོང་ཁྱེར་གྱི་གནའ་ཤུལ་ནི་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད།

སྡིག་ཉེས།
དཀོན་མཆོག་གི་བཀའ ་ལ་མི་ཉན་པ་དེ་ཡིན། སྡིག་ཉེས་ཀྱི་ལས་བྱེད་མཁན་གྱིས་ངན་པ་བྱེད་པ་མ་ཟད། དཀོན་མཆོག ་ལ་ཕོག་ཐུག་གཏོང་བ་དང༌། ཁོང་དང་འབྲེལ་བ་ཡང་མི་དག་པ་ཡང་ཡོད། མི་ཐམས་ཅད་ཀྱིས་སྡིག་པ་བྱེད་ཀྱང༌། སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ཏེ་གཙོ་བོ ་ཡེ་ཤུ ་ལ་དད་པ་བྱེད་པའི་སྒོ་ནས་ངེད་རྣམས་དཀོན་མཆོག་གི་ཉེས་ཆད་ལས་ཐར་བ ར་འགྱུར་སྲིད། (རོ་མཱ ་པ་ 3:23-24 ལ་གཟིགས་)
སྡིག་ཉེས་ཁས་བླངས་པ།
ངེད་རྣམས་ཀྱིས་དཀོན་མཆོག ་གི་སྤྱན་སྔར་སྡིག་ཉེས ་ཀྱི་ལས་བྱས་པར་ཁས་བླངས་པ་དེ་ཡིན། གཙོ་བོ ་ཡེ་ཤུ ་ལ་དད་པ་བྱེད་འདོད་མཁན་རྣམས་ཀྱིས་རང་གི་སྡིག་ཉེས་ཁས་བླངས ་ཤིང༌། སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ཏེ་དཀོན་མཆོག་ནས་སྡིག་ཉེས་སེལ་འཐོབ། སྐུ་ཚབ ་ཡོ་ཧ་ནན ་གྱིས་གལ་ཏེ་ང་ཚོས་རང་གི་སྡིག་ཉེས་ཁས་བླངས་ན། དཀོན་མཆོག་ནི་བློ་གཏད་ཆོག་པ་དང་ཡང་དག་པ་ཡིན་པས་སྡིག་ཉེས་སེལ་ཞིང་དྲང་པོ་མེད་པའི་དྲི་མ་ལས་ཡོངས་སུ་འདག་པར་མཛད་ཅེས་བྲིས། (ཡོ་ཧ་ནན་དང་པོ་ 1:9 ལ་གཟིགས་) སྐུ་ཚབ་ཡ་ཀོབ ་ཀྱིས་སྡིག་ཉེས་གཅིག་གིས་གཅིག་ལ་ཁས་བླངས་ཤིང༌། ཕན་ཚུན་སྨོན་ལམ ་འདེབས་དགོས་པར་བྲིས། (ཡ་ཀོབ་ 5:16 ལ་གཟིགས་)
སྡིག་ཉེས་སེལ་བ།
སྡིག་ཉེས ་ནི་དཀོན་མཆོག་གི་བཀའ ་ལ་མི་ཉན་པ་དེ་ཡིན་ཞིང༌། དཀོན་མཆོག ་ལ་ཕོག་ཐུག་གཏོང་བས། དཀོན་མཆོག་གཅིག་པོས་ངེད་རྣམས་ཀྱི་སྡིག་ཉེས་སེལ་ཐུབ། (མར་ཀུ ་ 2:7 ལ་གཟིགས་) གལ་ཏེ་ང་ཚོས་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ཏེ་གཙོ་བོ ་ཡེ་ཤུ ་ལ་དད་པ་བྱས་ན། དཀོན་མཆོག་གིས་ང་ཚོའི་སྡིག་ཉེས་སེལ་ངེས་ཡིན། དཀོན་མཆོག་གི་བཀའ་ལ་མི་ཉན་པ་ཐམས་ཅད་ལ་མཐའ་མེད་པའི་ཉེས་ཆད་ཕོག་ངེས་ཡོད་ཀྱང༌། དཀོན་མཆོག་གིས་ཐུགས་རྗེའི་ངང་ནས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་སྒྱུར་མཁན་ཐམས་ཅད་ཀྱི་སྡིག་ཉེས་སེལ་བར་མཛད། གང་ཡིན་ཟེར་ན། རྒྱང་ཤིང ་སྒང་ལ་འགྲོངས་པའི་སྒོ་ནས་གཙོ་བོ་ཡེ་ཤུས་ཉེས་ཆད་དེ་ངེད་རྣམས་ཀྱི་ཚབ་ལ་མྱོང༌། གཙོ་བོ་ཡེ་ཤུ་ལ་དཀོན་མཆོག་ནས་སྡིག་ཉེས་སེལ་བའི་དབང་ཡོད་ལ། ཁོང་གིས་དབང་དེ་ཁོང་གི་ཆོས་ཚོགས་ལ་གནང༌། (མར་ཀུ་ 2:10 དང༌། ཡོ་ཧ་ནན ་ 20:21 ལ་གཟིགས་) གཙོ་བོ་ཡེ་ཤུས་སྡིག་སེལ་འཐོབ་པའི་ཆེད་དུ་ངེད་རྣམས་ཀྱིས་མི་གཞན་ལ་གུ་ཡངས་གཏོང་དགོས་པར་བསྟན། (མད་ཐཱ ་ 6:14-15 ལ་གཟིགས་)
ན་ཙ་རེལ།
ཡི་སི་ར་ཨེལ ་ཡུལ་གྱི་བྱང་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཞིག་ཡིན། སྟོན་པ་ཡེ་ཤུ ་ན་ཙ་རེལ་གྲོང་ཁྱེར་དུ་འཚར་ལོངས་བྱུང་བ་དང༌། ཁོང་གི་སྐུ་ཚེ་མང་ཆེ་བ་དེ་དང་ཐག་ཉེ་བའི་ཡུལ་ལ་བཞུགས་པས་ན་ཙ་རེལ་པ་ཡེ་ཤུ་ཞེས་ཟེར། (ས་བཀྲ་ལ་གཟིགས་)







ནབ་ཐ་ལི།
1) ཡ་ཧུ་དཱ་པའི་མེས་པོ་ཡ་ཀོབ ་ཀྱི་བུ་བཅུ་གཉིས་ནང་གི་བུ་ཞིག་ཡིན།
2) ཡི་སི་ར་ཨེལ ་གྱི་ཚོ་པ་བཅུ་གཉིས་ནང་གི་ཚོ་པ་ཞིག་ཡིན།
3) ཡི་སི་ར་ཨེལ་གྱི་བྱང་ཕྱོགས་སུ་གནས་པའི་ནབ་ཐ་ལི་ཚོ་པའི་སྡོད་ས་དེ་ཡིན།
ནཱར་དཱི།
བོད་དང་རྒྱ་གར་གྱི་རི་ལ་སྐྱེ་བའི་སྔོ་ཚོད་ཅིག་ཡིན་ཏེ། བོད་སྐད་དུ་སྤང་སྤོས་ཞེས་ཟེར། གནའ་བོའི་དུས་སུ་དེ་ལས་སྤོས་ཆུ་བཟོས་པ་ཡིན། (མར་ཀུ ་ 14:3 ལ་གཟིགས་)
ནི་དུ།
ནི་དུ་གྲོང་ཁྱེར་གནའ་བོའི་ཀ་རི་ཡཱ་རྒྱལ་ཁམས་སུ་ཆགས་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། སྐུ་ཚབ ་པའུ་ལུ ་བཙོན་པ་ལྟར་རོ་མཱ ་ལ་སྐྱེལ་བའི་སྐབས་སུ་ནི་དུ་དང་ཉེ་བར་ཕེབས། (མཛད་པ་ 27:7 ལ་གཟིགས་)

ནེ་ཨ་པོ་ལི།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་མ་ཀེ་དོན་ཡཱ ་ཞིང་ཆེན་གྱི་གྲུ་ཁ་ཞིག་ཡིན་ཏེ། ཕི་ལིབ་པཱི ་གྲོང་ཁྱེར་དང་ཉེ་བར་གནས། དེར་སྐུ་ཚབ ་པའུ་ལུ ་ཐེངས་དང་པོ་ཡོ་རོབ་གླིང་དུ་ཞུགས། (མཛད་པ་ 16:11 ལ་གཟིགས་) དེང་དུས་ནེ་ཨ་པོ་ལི་ནི་ཀ་ཝ་ལཱ་ཞེས་ཟེར་བའི་གྷི་རིག་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཞིག་ཡིན།

ནུ་ནེ་ཝཱ།
གནའ་བོའི་དུས་སུ་ཨ་སུར་ཞེས་པའི་རྒྱལ་ཁམས་ཀྱི་རྒྱལ་ས་སྟེ། དེང་སྐབས་ཀྱི་དབྱི་རག་ཏུ་ཆགས། གྲོང་ཁྱེར་དེའི་མི་རྣམས་ཀྱིས་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་དགོས་པའི་བཀའ་གཏོང་བའི་ཆེད་དུ་དཀོན་མཆོག ་གིས་ལུང་སྟོན་པ ་ཡོ་ནཱ ་འདི་ཉིད་ནུ་ནེ་ཝཱ་ཡུལ་ལ་མངགས།
ནོ་ཨ།
གནའ་བོའི་དུས་སུ་དྲང་སེམས་དང་ལྡན་པའི་མི་ཞིག་ཡིན། ཁོའི་དུས་སྐབས་ཀྱི་མི་རྣམས་ཧ་ཅང་ངན་པ་ཡིན་པས་དཀོན་མཆོག ་གིས་དེ་ཚོ་ཐམས་ཅད་ཆུ་ལོག་ཆེན་པོས་མེད་པར་མཛད་དགོས་དགོངས་པས། དཀོན་མཆོག་གིས་ནོ་ཨ་དང་ཁོང་གི་ཁྱིམ་མི་རྣམས་སྐྱོབ་པའི་ཕྱིར་གྲུ་གཟིངས་ཆེན་པོ་ཞིག་བཟོ་དགོས་པའི་བཀའ་གནང༌། དེ་ལྟར་ཁོང་དང༌། ཁོང་གི་ནང་མི་བདུན། གྲུ་གཟིངས་ནང་ཁོང་ཚོ་དང་མཉམ་དུ་ཡོད་པའི་སེམས་ཅན་རྣམས་མ་གཏོགས་ཆུ་ལོག་ལས་ཐར་མེད། (འགོད་པ་ལེའུ་ 6-9 ལ་གཟིགས་)
པ་ཏ་རཱ།
པ་ཏ་རཱ་ཞེས་ཟེར་བའི་གནའ་བོའི་གྲུ་ཁ་ནི་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། ཨེ་ཕེ་སུ ་གྲོང་ཁྱེར་ནས་ཡེ་རུ་ཤ་ལེམ ་ལ་འགྲོ་དུས་སྐུ་ཚབ ་པའུ་ལུ ་དེ་བརྒྱུད་ནས་ཕེབས། (མཛད་པ་ 21:1 ལ་གཟིགས་)

པཱ་ཕོ།
ཀིབ་རུ ་གླིང་ཕྲན་གྱི་ནུབ་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཞིག་ཡིན། གནའ་བོའི་དུས་སུ་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཀྱི་གནས་ཡུལ་ཡིན། (མཛད་པ་ 13:6-7, 12 ལ་གཟིགས་)

པཱ་ལག
གནའ་བོའི་དུས་ཀྱི་མོ་ཨབ་ཡུལ་གྱི་རྒྱལ་པོ་ཞིག་ཡིན། ལུང་སྟོན་པ ་མོ་ཤེ ས་ཡ་ཧུ་དཱ་པ་རྣམས་ཨེ་ཇེབ ་ཡུལ་ནས་ཁྲིད་པའི་སྐབས་སུ། རྒྱལ་པོ་པཱ་ལག་གིས་ཡ་ཧུ་དཱ་པ་རྣམས་ལ་དམོད་པ་རྒྱག་པའི་ཆེད་དུ་པཱ་ལཱམ ་ཞེས་ཟེར་བའི་མི་ཞིག་ལ་དངུལ་སྤྲད། གྲངས་ཀ་ཞེས་ཟེར་བའི་མདོ་ལེའུ་ 22-24 ལ་གཟིགས།
པཱ་ལཱམ།
ལུང་སྟོན་པ ་མོ་ཤེ ས་ཡ་ཧུ་དཱ་པ་རྣམས་ཨེ་ཇེབ ་ཡུལ་ནས་ཁྲིད་པའི་སྐབས་སུ། མོ་ཨབ་ཡུལ་གྱི་རྒྱལ་པོ་པཱ་ལག ་གིས་ཡ་ཧུ་དཱ་པ་རྣམས་ལ་དམོད་པ་རྒྱག་པའི་ཆེད་དུ་པཱ་ལཱམ་ཞེས་ཟེར་བའི་མི་ཞིག་ལ་དངུལ་སྤྲད། གྲངས་ཀ་ཞེས་ཟེར་བའི་མདོ་ལེའུ་ 22-24 ལ་གཟིགས།
པའུ་ལུ།
སྐུ་ཚབ ་པའུ་ལུ་(ཤ་ཨུལ ་ཡང་ཟེར་) ཕཱ་རུ་ཤི་པ འི་ཕྱོགས་ཁག་གི་ཁོངས་མི་ཞིག་ཡིན། དཱ་མེ་སེག ་གྲོང་ཁྱེར་གྱི་མཱ་ཤི་ཀ ་པ་རྣམས་འཛིན་བཟུང་བྱེད་པའི་ཕྱིར་ལམ་ལ་འགྲོ་སྐབས་ཁོང་གིས་གཙོ་བོ ་ཡེ་ཤུ འི་ཞལ་གཟིགས་མཐོང་ནས་མཱ་ཤི་ཀ་པར་གྱུར། དཱ་མེ་སེག་དང་ཨ་རབ་ཡུལ ་དུ་ལོ་གསུམ་བསྡད་རྗེས་ཡ་ཧུ་དཱ་པའི་མནར་གཅོད་འཛེམ་པའི་ཆེད་དུ་ཡེ་རུ་ཤ་ལེམ ་ལ་བྲོས་དགོས་བྱུང༌། (ག་ལད་ཡཱ་པ་ 1:17 དང་མཛད་པ་ 9:19 ལ་གཟིགས་) རང་གི་ཕ་ཡུལ་ཀི་ལིག་ཡཱ ་ཞིང་ཆེན་གྱི་ཊར་སཱུ ་ལ་ཕྱིར་ལོག་ནས་སི་རི་ཡཱ ་ཡུལ་གྱི་ཨན་ཏི་ཡོག་ཡཱ ་གྲོང་ཁྱེར་གྱི་ཆོས་ཚོགས་སུ་ཕེབས་པ་དང༌། དེར་ཁོང་གིས་ལས་རོགས་པར་ན་པཱ ་དང་མཉམ་དུ་ཆོས་བསྟན། དེར་དཀོན་མཆོག ་གིས་རོ་མཱ ་གོང་མའི་རྒྱལ་ཁབ་ལ་གང་སར་ཕྱིན་ནས་འཕྲིན་བཟང ་སྒྲོག་པར་བོས་པ་གནང༌། མཇུག་མཐར་ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་ཁོང་འཛིན་བཟུང་བྱས་ནས་རོ་མཱ་པའི་ལག་ཏུ་གཏད་དེ་བཙོན་པ་ལྟར་རྒྱལ་ས་རོ་མཱ་ལ་བཏང༌། བཤད་སྲོལ་ལྟར་ན་སྤྱི་ལོ་ 67 ལོའི་གཡས་གཡོན་དུ་ཁོང་ལ་སྲོག་ཁྲིམས་བཏང༌། སྐུ་ཚབ་པའུ་ལུ་ཡིས་ཆོས་ཚོགས་མང་པོ་བཙུགས། ཁོང་གིས་དེ་ཚོ་དང༌། ལས་རོགས་རྣམས་ལ་འཕྲིན་ཡིག་བཏང༌། འཕྲིན་ཡིག་དེ་ཚོའི་ནང་ནས་བཅུ་གསུམ་ཞལ་ཆད་གསར་པར་ཡོད།

པད་མོ།
ས་དབུས་རྒྱ་མཚོའི་གླིང་ཕྲན་ཞིག་ཡིན་ལ། སྤྱི་ལོ་ 95 ལོའི་རྗེས་སུ་རོ་མཱ ་པའི་སྲིད་གཞུང་གིས་སྐུ་ཚབ ་ཡོ་ཧ་ནན ་དེར་རྒྱང་འབུད་བཏང༌། སྐུ་ཚབ་ཡོ་ཧ་ནན་གྱིས་མངོན་པར་མཛད་པ་ཞེས་པའི་མདོ་དེ་པད་མོ་ལ་བཞུགས་དུས་བྲིས།

པར་ཐ།
པར་ཐ་ཡུལ་དེང་དུས་ཀྱི་དབྱི་རན་རྒྱལ་ཁབ་ཏུ་ཆགས། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་པར་ཐ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:9 ལ་གཟིགས་)
པར་ན་པཱ།
ཀིབ་རུ ་གླིང་ཕྲན་གྱི་ཡ་ཧུ་དཱ་པའི་མཱ་ཤི་ཀ ་པ་ཞིག་ཡིན། ཁོང་ནི་མི་བཟང་པོ་ཞིག་ཡིན་ཏེ། དད་པ་དང་དཀོན་མཆོག ་གི་དམ་པའི་ཐུགས་ཉིད ་ཀྱིས་གང་བ་ཞིག་ཡིན། (མཛད་པ་ 11:24 ལ་གཟིགས་) ཕཱ་རུ་ཤི་པ ་ཤ་ཨུལ ་ནི་མཱ་ཤི་ཀ་པ་པའུ་ལུ ་གྱུར་བའི་སྐབས་སུ་པར་ན་པཱ་ཡིས་ཁོང་ལ་རོགས་པ་བྱས་ཏེ་ཡེ་རུ་ཤ་ལེམ ་གྱི་སྐུ་ཚབ ་རྣམས་ཀྱི་མདུན་དུ་འཁྲིད། (མཛད་པ་ 9:27 ལ་གཟིགས་) དེའི་རྗེས་སུ་ཡེ་རུ་ཤ་ལེམ་གྱི་སྐུ་ཚབ་རྣམས་ཀྱིས་པར་ན་པཱ་སི་རི་ཡཱ ་ཡུལ་གྱི་ཨན་ཏི་ཡོག་ཡཱ ་གྲོང་ཁྱེར་གྱི་ཆོས་ཚོགས་སུ་བཏང་ཞིང༌། པར་ན་པཱ་ཡིས་སྐུ་ཚབ་པའུ་ལུ་ལ་དེར་ཆོས་སྟོན་པར་གདན་འདྲེན་ཞུས། པར་ན་པཱ་ནི་སྐུ་ཚབ་པའུ་ལུའི་ལས་རོགས་སུ་གྱུར་བས་ཁོང་གཉིས་ཀྱིས་ས་དབུས་རྒྱ་མཚོའི་ཤར་ཕྱོགས་ཀྱི་ཡུལ་མང་པོར་འཕྲིན་བཟང ་བསྒྲགས།
པི་ལ་ཏུ།
གཙོ་བོ ་ཡེ་ཤུ འི་སྐུ་དུས་སུ་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱིས་ཡི་སི་ར་ཨེལ ་ཡུལ་ལ་དབང་བསྒྱུར་བྱས། སྤྱི་ལོ་ 26 ནས་ 36 ལོ་བར་ཕོན་ཏི་ཡུ་པི་ལ་ཏུ་ནི་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ཡིན། ཁོ་མི་གདུག་རྩུབ་ཅན་ཡིན་ལ། གཙོ་བོ་ཡེ་ཤུ་རྒྱང་ཤིང ་སྒང་ལ་གསོད་དགོས་པའི་ཁྲིམས་ཐག་གཅོད་མཁན་ཡིན། (མར་ཀུ ་ 15:1-12 ལ་གཟིགས་)
པི་རི་སི་ཀཱ
ཨ་ཀུ་ལཱ་དང་ཕུར་སི་ལཱ འི་མཆན་འགྲེལ་ལ་གཟིགས།
པི་སི་དི་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ག་ལད་ཡཱ་ཞིང་ཆེན་གྱི་ཡུལ་ཞིག་ཡིན། དེའི་གྲོང་ཁྱེར་གཙོ་བོ ་ནི་པི་སི་དི་ཡཱ་ཡུལ་གྱི་ཨན་ཏི་ཡོག་ཡཱ ་ཡིན། (དེ་ནི་སི་རི་ཡཱ ་ཡུལ་གྱི་ཨན་ཏི་ཡོག་ཡཱ་དང་གཅིག་པ་མིན། ཨན་ཏི་ཡོག་ཡཱའི་མཆན་འགྲེལ་ལ་གཟིགས་)

པུ་ཏེའོ་ལི།
གནའ་བོའི་དུས་སུ་དབྱི་ཏ་ལི་ཡུལ་གྱི་གྲུ་ཁ་ཞིག་ཡིན་ཏེ། རྒྱལ་ས་རོ་མཱ ་ནས་རྒྱང་ཐག་སྤྱི་ལེ་ 274 ཙམ་ཡོད། དེར་སྐུ་ཚབ ་པའུ་ལུ ་དབྱི་ཏ་ལི་ཡུལ་དུ་སླེབས། (མཛད་པ་ 28:13 ལ་གཟིགས་) དེང་སྐབས་པུ་ཏེའོ་ལི་ནི་པོ་སུའོ་ལི་ཞེས་ཟེར།

པུ་རེ་ཡཱ།
གྷི་རིག་ཡུལ་གྱི་གྲོང་ཁྱེར་ཡིན་ལ། སྤྱི་ལོའི་སྔོན་གྱི་དུས་རབས་ལྔ་པར་བཙུགས། དུས་རབས་དང་པོའི་ཕྱེད་ཙམ་ལ་སྐུ་ཚབ ་པའུ་ལུ ་དང་ཁོང་གི་ལས་རོགས་སི་ལཱ ་ཡིས་པུ་རེ་ཡཱ་གྲོང་ཁྱེར་གྱི་ཡ་ཧུ་དཱ་པ་རྣམས་ལ་ཆོས་བསྟན། སྐུ་ཚབ་པའུ་ལུའི་ལས་རོགས་ཀྱི་ནང་ནས་སཱོ་པ་ཏེར་ཞེས་ཟེར་མཁན་པུ་རེ་ཡཱ་པ་ཞིག་ཡིན། (མཛད་པ་ 20:4 ལ་གཟིགས་) དེང་སྐབས་པུ་རེ་ཡཱ་ནི་ཝེ་རེ་ཡཱ་ཞེས་ཟེར་བའི་གྷི་རིག་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཞིག་ཡིན།

པེ་ཏྲོ།
སྟོན་པ་ཡེ་ཤུ འི་ཉེ་གནས ་ལས་གཅིག་དང༌། ཉེ་གནས་ཨན་དྲེ་ཡཱ་ཡི་གཅུང་པོ་ཡིན། ཡ་ཧུ་དཱ་པའི་སྐད་དུ་ཁོང་གི་མིང་ལ་སི་མི་ཡོན་དང༌། ཡང་ན་སི་མོན ་ཞེས་ཟེར། སྟོན་པ་ཡེ་ཤུས་ཁོ་ལ་ཀེ་ཕཱ ་ཞེས་པའི་མིང་འདོགས་པར་མཛད་ཅིང༌། དེའི་དོན་ནི་བྲག་ཡིན་པས་གྷི་རིག་སྐད་དུ་ཁོང་ལ་པེ་ཏྲོ་ཞེས་ཟེར། (ཡོ་ཧ་ནན་ 1:41 ལ་གཟིགས་) གཙོ་བོ ་ཡེ་ཤུ་འཆི་བ་ནས་སླར་གསོན་དུ་གྱུར་བའི་རྗེས་སུ་པེ་ཏྲོ་སྐུ་ཚབ ་ནང་ནས་གཙོ་བོ་ཞིག་ཏུ་གྱུར། ཁོང་གིས་ཡ་ཧུ་དཱ་པ་མིན་པ ་རྣམས་ལ་འཕྲིན་བཟང ་བསྒྲགས་ཤིང༌། ཞལ་ཆད་གསར་པའི་མདོ་སྟེ་པེ་ཏྲོས་བྲིས་པའི་འཕྲིན་ཡིག་དང་པོ་དང་གཉིས་པ་བྲིས། ཁ་རྒྱུན་ལྟར་ན་སྐུ་ཚབ་པེ་ཏྲོའི་དྲུང་ཡིག་ཡོ་ཧ་ནན་མར་ཀུ ་ཞེས་ཟེར་མཁན་ཡིན་ཞིང༌། མར་ཀུ་དེ་ནི་མར་ཀུ་ཡིས་བྲིས་པའི་འཕྲིན་བཟང་གི་རྩོམ་པ་པོ་ཡིན།
པེ་ཐན་ཡཱ།
1) རྒྱལ་ས་ཡེ་རུ་ཤ་ལེམ ་འཁྲིས་ཀྱི་གྲོང་སྡེ་ཞིག་ཡིན། སྟོན་པའི་ཡེ་ཤུ འི་གྲོགས་པོ་མིར་ཡམ ་དང༌། མར་ཐཱ། ལཱ་ཟར་བཅས་པེ་ཐན་ཡཱ་ལ་བཞུགས། དེར་གཙོ་བོ ་ཡེ་ཤུ་སྐུ་ཚེ་ལས་འདས་པའི་སྔོན་ལ་བུད་མེད་གཅིག་གིས་ཁོང་གི་དབུ་སྟེང་ལ་སྤོས་ཆུ་བླུགས། (མར་ཀུ ་ 14:3-9 ལ་གཟིགས་)
2) ཡོར་དན་གཙང་པོ འི་ཤར་ཕྱོགས་སུ་ཆགས་པའི་གནས་ཤིག་ཡིན། དེར་ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱིས་ཁྲུས་གསོལ ་གནང༌། (ཡོ་ཧ་ནན ་ 1:28 ལ་གཟིགས་པ་དང༌། ས་བཀྲ་ལ་གཟིགས་)




པེ་སག་དུས་ཆེན།
ཡ་ཧུ་དཱ་པའི་དུས་ཆེན་གྱི་ནང་ནས་གལ་ཆེ་བ་ཞིག་ཡིན། གནའ་བོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ནི་ཨེ་ཇེབ ་ཡུལ་མིའི་བྲན་གཡོག་ཡིན། དེའི་དུས་སུ་དཀོན་མཆོག ་གིས་ལུང་སྟོན་པ ་མོ་ཤེ ་ལ་གནང་བའི་བཀའ་བཞིན་དུ་ཡ་ཧུ་དཱ་པའི་ཁྱིམ་ཚང་རེ་རེས་ལུ་གུ་ཞིག་བསད་ནས་དེའི་ཁྲག་ཁང་པའི་ཕྱི་སྒོ་ལ་འབྱུག་དགོས། རྟགས་དེ་བརྒྱབ་པའི་ཁང་པའི་མི་རྣམས་བདེ་བར་བསྲུངས་ཀྱང༌། རྟགས་དེ་མེད་པའི་ཁང་པའི་ནང་ལ་ཨེ་ཇེབ་པའི་སྔོན་སྐྱེས་ཀྱི་ཕྲུ་གུ་ཤི གཙོ་བོ ་ཡེ་ཤུ འི་སྐུ་དུས་སུ་མི་ཚང་རེའི་ནང་ལ་སྐྱུར་རྩི་མེད་པའི་བག་ལེབ་དང༌། ལུག་ཤ སྔོ་ཚོད་ཁ་ཏིག་གི་ལྟོ་ཆས་མཉམ་དུ་བཟས་ནས་ཡ་ཧུ་དཱ་པ་རྣམས་ཀྱིས་ཨེ་ཇེབ་ཡུལ་ནས་ཐོན་པར་དྲན་གསོ་བྱེད། ཡུ་དཱས་རྒྱབ་གཏོད་བྱས་པའི་མཚན་མོར་གཙོ་བོ་ཡེ་ཤུས་ཉིད་ཀྱི་ཉེ་གནས ་དང་མཉམ་དུ་པེ་སག་དུས་ཆེན་གྱི་ཞལ་ཟས་བཞེས། (མར་ཀུ ་ 14:12-21 ལ་གཟིགས་) ཁོང་གྲོངས་ནས་སྐུ་གསོན་པོར་བཞེངས་སུ་གྱུར་བའི་རྗེས་སུ་ཁོང་གི་ཉེ་གནས་རྣམས་ཀྱིས་གཙོ་བོ་ཡེ་ཤུ་ནི་པེ་སག་དུས་ཆེན་གྱི་ལུ་གུ་དང་འདྲ་བ་ཡིན་པར་རྟོགས། གང་ལགས་ཟེར་ན། ཁོང་གྲོངས་པ་ནི་དད་ལྡན་རྣམས་ཐར་བ ར་བྱེད་པའི་ཆེད་དུ་ཡིན་པས་སོ། དེའི་ཕྱིར་གཙོ་བོ་ཡེ་ཤུ་ལ་དཀོན་མཆོག་གི་ལུ་གུ་ཞེས་ཟེར།
པེ་སད་དཱ།
གཙོ་བོ ་ཡེ་ཤུ ས་ངོ་མཚར་ཆེ་བའི་མཛད་པ་སྤེལ་ཡུལ་ཞིག་ཡིན་ཏེ། ག་ལིལ་མཚོ ་འགྲམ་བྱང་ཕྱོགས་སུ་ཆགས་པའི་གྲོང་ཁྱེར་ཞིག (ས་བཀྲ་ལ་གཟིགས་)




པེ་ཨིལ་བཟི་པད།
1) ཞལ་ཆད་རྙིང་པའི་དུས་སྐབས་སུ་ཨེ་ཀ་རོན་གྲོང་ཁྱེར་གྱི་ལྷ་ཡི་མིང༌། (རྒྱལ་རབས་གཉིས་པ་ 1:19 ལ་གཟིགས་)
2) བདུད་ཀྱི་རྒྱལ་པོ་སཱ་ཏན ་གྱི་མིང་ཡིན།
པེར་ག་མོ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན།

པེར་གཱ
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཕམ་ཕིལ་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན་ལ། དེའི་གྲུ་ཁ་ཨ་ཐལ་ཡཱ ་ཞེས་ཟེར་བ་དེ་ཡིན། (ས་བཀྲ་ལ་གཟིགས་)

པོན་ཏུ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་ཞིག་ཡིན་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཆགས། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་པོན་ཏུ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:9 ལ་གཟིགས་) སྐུ་ཚབ ་པེ་ཏྲོ ་ཡིས་པོན་ཏུ་ཡུལ་ལ་སྡོད་མཁན་མཱ་ཤི་ཀ ་པ་རྣམས་ལ་འཕྲིན་ཡིག་ཅིག་བཏང༌། (པེ་ཏྲོ་དང་པོ་ 1:1 དང་ས་བཀྲ་ལ་གཟིགས་)
པོར་ཀི་ཡུ་ཕེ་སི་ཏུ།
ཡ་ཧུ་དཱ་ཡུལ ་གྱི་སྤྱི་ཁྱབ་ཕེ་ལིག ་གི་ཤུལ་འཛིན་པ་ཡིན་ཞིང༌། སྐུ་ཚབ ་པའུ་ལུ ་ཁོང་གི་དྲུང་དུ་འདྲི་གཅོད་བྱས། (མཛད་པ་ 24:27-26:32 ལ་གཟིགས་)
དཔག་ཏུ་མེད་པའི་ཚེ།
དཀོན་མཆོག ་ནི་འཛམ་གླིང་འདི་འགོད་པ་གནང་མཁན་ཡིན་ལ། སྲོག་ཆགས་ཐམས་ཅད་ལ་ཚེ་སྲོག་གནང༌། གཙོ་བོ ་ཡེ་ཤུ ས་གསུངས་པའི་ཞལ་ཆད་བཞིན་དུ་གལ་ཏེ་མི་སུ་ཞིག་གིས་ཁོང་ལ་དད་པ་བྱས་ན། མི་དེ་ལ་དཔག་ཏུ་མེད་པའི་ཚེ་གནང་བར་འགྱུར། (ཡོ་ཧ་ནན ་ 3:16 ལ་གཟིགས་) དད་ལྡན་པ་རྣམས་ཀྱི་གཟུགས་པོ་ཤི་ཡང༌། གཙོ་བོ་ཡེ་ཤུའི་ཞལ་ཆད་བཞིན་དུ་ཁོ་ཚོ་ཁོང་དང་མཉམ་དུ་དུས་རྟག་ཏུ་གསོན་པོར་གནས། (ཡོ་ཧ་ནན་ 11:25-26 ལ་གཟིགས་) སྐུ་ཚབ ་པའུ་ལུ འི་གསུང་ལྟར་ན་དད་ལྡན་རྣམས་ནི་གཙོ་བོ་ཡེ་ཤུའི་འཇིག་རྒྱུ་མེད་པའི་སྐུ་གཟུགས་དང་འདྲ་བའི་གཟུགས་པོ་དང་ལྡན་ཏེ་འཆི་བ་ནས་གསོན་པོར་མཛད་པར་འགྱུར་ངེས་ཡིན་ལ། ཁོང་དང་འགྲོགས་ཏེ་དུས་རྟག་ཏུ་བཞུགས་པར་འགྱུར། (ཀོ་རིན་ཐུ ་པ་དང་པོ་ 15:42 ལ་གཟིགས་)
སྤྱོད་པ་ངན་པ་སྤོང་བ།
གཙོ་བོ ་ཡེ་ཤུ འི་གསུང་བཞིན་དུ་ཐར་པ ་ཐོབ་པའི་ཆེད་དུ་མི་རྣམས་ཀྱིས་སོ་སོའི་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་དགོས། སྤྱོད་པ་ངན་པ་སྤོང་བའི་དོན་ནི་སྡིག་སྤྱོད་དོར་བ་དེ་ཡིན། སེམས་བསྒྱུར་བའི་དོན་ནི་རང་ཉིད་ཀྱི་སྡིག་ཉེས་ཁས་བླངས ་ནས་དཀོན་མཆོག་གི་བཀའ ་ལ་དད་པ་བྱས་ཏེ་ཁོང་གི་བཀའ་ལ་ཉན་པ་དེ་ཡིན། དེ་ལྟར་བྱེད་མཁན་གྱིས་རང་གི་འདོད་པ་ལྟར་མ་ཡིན་གྱིས། དཀོན་མཆོག ་གི་དགོངས་པ་ལྟར་མི་ཚེ་སྐྱེལ། སྡིག་ཉེས་སེལ་བ ་དང་གཙོ་བོ་ཡེ་ཤུའི་མདུན་དུ་དཔག་ཏུ་མེད་པའི་ཚེ ་ཐོབ་པའི་ཆེད་དུ་ངེད་རྣམས་ཀྱིས་སྤྱོད་པ་ངན་པ་རྣམས་སྤངས་ནས་སེམས་བསྒྱུར་དགོས། ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱིས་མི་རྣམས་ཀྱིས་སྤྱོད་པ་ངན་པ་སྤངས ་ནས་སེམས་བསྒྱུར་བར་བསྒྲགས། (མར་ཀུ ་ 1:4 ལ་གཟིགས་) གཙོ་བོ་ཡེ་ཤུས་དཀོན་མཆོག་གི་རྒྱལ་སྲིད ་འཐོན་ལ་ཉེ་བར་སླེབས་པས། ཁྱེད་ཚོས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་དགོས་ཞེས་གསུངས། (མད་ཐཱ ་ 4:17 ལ་གཟིགས་) སྐུ་ཚབ ་པེ་ཏྲོ ས་སྤྱོད་པ་ངན་པ་སྤངས་ནས་སེམས་བསྒྱུར་ལ་ཁྱེད་ཀྱི་སྡིག་ཉེས་སེལ་བའི་ཕྱིར་རེ་རེས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ འི་མཚན་གྱི་ཐོག་ནས་ཁྲུས་གསོལ ་ལོངས་ཤིག་དང༌། ཁྱེད་རྣམས་ལ་དཀོན་མཆོག་གི་གནང་སྦྱིན་ཏེ་དམ་པའི་ཐུགས་ཉིད ་འཐོབ་པར་འགྱུར་ཞེས་བསྒྲགས། (མཛད་པ་ 2:38 ལ་གཟིགས་)
ཕ་རུག་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་དང་ག་ལད་ཡཱ་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཆགས་ཡོད། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་ཕ་རུག་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:10 ལ་གཟིགས་)
ཕཱ་རུ་ཤི་པ།
གནའ་བོའི་ཡི་སི་ར་ཨེལ ་གྱི་ཆོས་ཀྱི་ཕྱོགས་ཁག་ཅིག་ཡིན། ཕཱ་རུ་ཤི་པའི་བསླབ་བྱ་ལྟར་དཀོན་མཆོག ་གི་ཆོས་ཁྲིམས ་སྲུང་བ་དེ་ཧ་ཅང་གལ་ཆེ་བ་ཡིན། འོན་ཀྱང་གཙོ་བོ ་ཡེ་ཤུ འི་གསུང་བཞིན་དུ་མི་རྣམས་ཀྱིས་དཀོན་མཆོག་གི་བཀའ ་ལ་ཉན་དགོས་པ་མ་ཟད། དཀོན་མཆོག་ལ་སྙིང་ནས་བརྩེ་བར་འཛིན་དགོས། དེ་བས་ན་གཙོ་བོ་ཡེ་ཤུས་ཕཱ་རུ་ཤི་པ་རྣམས་ལ་ཡང་ཡང་བཀའ་བཀྱོན་མཛད། གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་པོར་གྱུར་ནས་ཕཱ་རུ་ཤི་ཕྱོགས་ཁག་གི་ཁོངས་མི་ཁ་ཤས་ཀྱིས་ཁོང་ལ་དད་པ་བྱས། (མཛད་པ་ 15:5 ལ་གཟིགས་)
ཕམ་ཕིལ་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་ས་ཁུལ་ཞིག་ཡིན་ཏེ། དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ལྷོ་ཕྱོགས་ཀྱི་མཚོ་འགྲམ་དུ་གནས་ཡོད། དེའི་གྲོང་ཁྱེར་གཙོ་བོ ་ནི་པེར་གཱ ་དང་ཨ་ཐལ་ཡཱ ་ཡིན། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་ཕམ་ཕིལ་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:10 ་དང་ས་བཀྲ་ལ་གཟིགས་)
ཕི་ལ་དེལ་ཕི་ཡཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་ཞིག་ཡིན།

ཕི་ལིབ།
1) གཙོ་བོ ་ཡེ་ཤུ འི་ཉེ་གནས ་ཤིག་ཡིན། (ཡོ་ཧ་ནན ་ 1:43-46 ལ་གཟིགས་)
2) ཨེ་ཏུ་རི་ཡཱ་དང་ཏྲ་ཀོ་ནི་ཏི་ཡུལ་གྱི་ས་གནས་དཔོན་པོ་ཞིག་ཡིན། (ལུ་ཀཱ་ 3:1 ལ་གཟིགས་)
3) ཧེ་རོ་དཱེ ་ཕི་ལིབ་ནི་གནའ་བོའི་ཡི་སི་ར་ཨེལ ་གྱི་རྒྱལ་པོ་ཧེ་རོ་དཱེའི་བུ་ཞིག་ཡིན། རྒྱལ་པོ་ཧེ་རོ་དཱེ་ཡིས་རང་གི་གཅུང་པོ་ཕི་ལིབ་ཀྱི་བཟའ་ཟླ་ཧེ་རོད་ཡཱ་ཟེར་བ་དེ་རང་གི་བཟའ་ཟླར་བླངས། དེ་ནི་དཀོན་མཆོག་གི་བཀའ་ཁྲིམས ་དང་འགལ་བས་ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱིས་རྒྱལ་པོ་ཧེ་རོ་དཱེ་ལ་བཀའ་བཀྱོན་གནང་བ་དང༌། རྒྱལ་པོ་ཧེ་རོ་དཱེ་ཡིས་ཡོ་ཧ་ནན་བཟུང་སྟེ་བཙོན་ཁང་ལ་བཅུག་ནས་བསད། (མར་ཀུ ་ 6:17-18 ལ་གཟིགས་)
4) ཡེ་རུ་ཤ་ལེམ ་ཆོས་ཚོགས་ལ་ཞབས་ཕྱི་ཞུ་མཁན་མི་བདུན་གྱི་ནང་ནས་ཞིག་སྟེ། ཁོང་གིས་ས་མར་ཡཱ་ཡུལ ་ལ་ཆོས་བཤད་ནས་ཨེ་ཐི་ཨོ་ཕི་ཡཱ་ཡུལ་གྱི་དཔོན་པོ་ལ་འཕྲིན་བཟང ་བསྒྲགས། (མཛད་པ་ 6:5 དང༌། མཛད་པ་ 8:4-40 ལ་གཟིགས་)
ཕི་ལིབ་པཱི།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་མ་ཀེ་དོན་ཡཱ ་ཞིང་ཆེན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཡིན། དཀོན་མཆོག ་གིས་མ་ཀེ་དོན་ཡཱ་པ་རྣམས་ལ་འཕྲིན་བཟང ་སྒྲོག་ཏུ་བོས་པར་ཤེས་ནས། ལས་རོགས་དང་བཅས་པར་སྐུ་ཚབ ་པའུ་ལུ ་ཏྲོ་ཡཱ ་ནས་གྲུ་གཟིངས་ལ་བསྡད་དེ་ཕི་ལིབ་པཱི་ལ་སླེབས། (མཛད་པ་ 16:9-12 ལ་གཟིགས་) ཁོང་གིས་འཕྲིན་བཟང་བསྒྲགས་པའི་རྐྱེན་གྱིས་གྲོང་ཁྱེར་གྱི་དཔོན་རིགས་ཀྱིས་ཁོང་ལ་འཛིན་བཟུང་བྱས་ནས་བཙོན་ཁང་དུ་བཅུག་ཀྱང༌། དེ་ལས་ཐར་བ འི་རྗེས་སུ་ཆོས་ཚོགས་ཤིག་བཙུགས། དེའི་རྗེས་སུ་ཁོང་གིས་ཕི་ལིབ་པཱི་གྲོང་ཁྱེར་གྱི་མཱ་ཤི་ཀ ་པ་རྣམས་ལ་འཕྲིན་ཡིག་ཅིག་བྲིས། འཕྲིན་ཡིག་དེ་ནི་ཞལ་ཆད་གསར་པའི་མདོ་ཨང་བཅུ་གཅིག་པའོ། (ས་བཀྲ་ལ་གཟིགས་)

ཕུར་སི་ལཱ།
ཨ་ཀུ་ལཱ་དང་ཕུར་སི་ལཱ འི་མཆན་འགྲེལ་ལ་གཟིགས།
ཕེ་ལིག
སྤྱི་ལོ་ 52 ལོ་ནས་ 59 བར་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་ཡ་ཧུ་དཱ་ཡུལ ་གྱི་སྤྱི་ཁྱབ་ཡིན། ཁོས་སྐུ་ཚབ ་པའུ་ལུ ་བཙོན་ཁང་དུ་བཅུག་ནའང་ཁོང་གི་བསླབ་བྱ་ཉན་པར་དགའ། ཕེ་ལིག་གི་ཤུལ་འཛིན་པ་ནི་པོར་ཀི་ཡུ་ཕེ་སི་ཏུ ་ཡིན། (མཛད་པ་ 24:26-27 ལ་གཟིགས་)
འཕྲིན་བཟང༌།
1) འདི་ལྟར་ཡིན་ཏེ། ངེད་རྣམས་ཀྱི་སྡིག་ཉེས་སེལ་བ འི་ཆེད་དུ་གཙོ་བོ ་ཡེ་ཤུ ་རྒྱང་ཤིང ་སྟེང་གྲོངས་ནས་སླར་གསོན་པོར་གྱུར་ཞིང༌། སུས་ཀྱང་སྤྱོད་པ་ངན་པ་སྤངས ་ནས་སེམས་བསྒྱུར་ཏེ་ཁོང་ལ་དད་པ་བྱས་ན་དཔག་ཏུ་མེད་པའི་ཚེ ་ཐོབ་པར་འགྱུར་ངེས་ཡིན། འཕྲིན་བཟང་ལ་དད་པ་བྱེད་མཁན་རྣམས་ཀྱིས་རང་གི་འདོད་པ་ལྟར་མ་ཡིན་གྱིས། དཀོན་མཆོག ་གི་དགོངས་པ་བཞིན་དུ་མི་ཚེ་སྐྱེལ། ཁོ་རྣམས་སྡིག་ཉེས ་ཀྱི་ཆད་པ་ལས་ཐར་བ ར་འགྱུར་བ་མ་ཟད། ཤི་ན་ཡང་གཙོ་བོ་ཡེ་ཤུ་དང་འགྲོགས་ཏེ་དུས་རྟག་ཏུ་གནས་པར་འགྱུར། འཕྲིན་བཟང་དེ་དང་ལེན་བྱེད་པ་རྣམས་ཐར་བར་འགྱུར་ཞིང༌། དེ་དང་ལེན་མི་བྱེད་པ་རྣམས་ལ་དཀོན་མཆོག་གི་ཉེས་ཆད་ཕོག་པར་འགྱུར།
2) དམ་པའི་གསུང་རབ ་ནང་གི་མདོ་བཞི་སྟེ། གཙོ་བོ་ཡེ་ཤུའི་རྣམ་ཐར་ཡིན། འཕྲིན་བཟང་དེ་བཞི་ནི་མད་ཐཱ ་ཡིས་བྲིས་པའི་འཕྲིན་བཟང་དང༌། མར་ཀུ ས་བྲིས་པའི་འཕྲིན་བཟང༌། ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང༌། ཡོ་ཧ་ནན ་གྱིས་བྲིས་པའི་འཕྲིན་བཟང་བཅས་ཡིན།
བག་ལེབ་བགོས་པ།
1) གཙོ་བོའི་དྲན་རྟེན་གྱི་ཞལ་ཟས ། (ཀོ་རིན་ཐུ ་པ་དང་པོ་ 10:16 ལ་གཟིགས་)
2) གནའ་བོའི་དུས་སུ་བག་ལེབ་བགོས་པ་ནི་དད་ལྡན་རྣམས་ཀྱི་ལུགས་སྲོལ་ཞིག་ཡིན་ཏེ་ཁ་ལག་མཉམ་དུ་བཟས་པ་དེ་ཡིན། (མཛད་པ་ 2:42 ལ་གཟིགས་)
བེད་ལེ་ཧེམ།
1) ཡ་ཧུ་དཱ་ཡུལ ་གྱི་བེད་ལེ་ཧེམ་ནི་གཙོ་བོ ་ཡེ་ཤུ འི་འཁྲུངས་ཡུལ་ཡིན། དེར་རྒྱལ་པོ་དཱ་བིད ་ཀྱི་གྲོང་ཁྱེར་ཡང་ཟེར། ས་བཀྲ་ལ་གཟིགས་)
2) གནའ་བོའི་དུས་སུ་ག་ལིལ་ཡུལ ་གྱི་གྲོང་གསེབ་ཅིག་ཡིན། (ཡོ་ཤུ་ཨ་ 19:15 ལ་གཟིགས)།





བླ་ཆེན་གཙོ་བོ།
ཡ་ཧུ་དཱ་པའི་བླ་ཆེན་གཙོ་བོ འི་མཆན་འགྲེལ་ལ་གཟིགས།
སྦ་བི་ལོན།
1) གཙང་པོ་ཡུ་ཧྥ་ལ་ཏི ་ཡི་འགྲམ་ལ་ཆགས་པའི་གནའ་བོའི་གྲོང་ཁྱེར་ཞིག་ཡིན། སྦ་བི་ལོན་གྲོང་ཁྱེར་གྱི་ཤུལ་དེང་སྐབས་ཀྱི་དབྱི་རག་ལ་ཆགས།
2) གནའ་བོའི་དུས་སུ་ཡི་སི་ར་ཨེལ ་ཡུལ་གྱི་ཤར་ཕྱོགས་སུ་གནས་པའི་རྒྱལ་ཁམས་ཤིག་ཡིན། སྤྱི་ལོའི་སྔོན་གྱི་དུས་རབས་བརྒྱད་པར་སྦ་བི་ལོན་ཡུལ་གྱི་དམག་དཔུང་གིས་ཡི་སི་ར་ཨེལ་ཡུལ་ལ་བཙན་འཛུལ་བྱས། ཁོ་ཚོས་རྒྱལ་པོ་སོ་ལོ་མོན ་གྱིས་སྔར་བཞེངས་པའི་མཆོད་ཁང་ཆེན་མོ ་དེ་མེད་པར་བྱས་ཤིང༌། ཡ་ཧུ་དཱ་པའི་མི་རིགས ་སྦ་བི་ལོན་ཡུལ་ལ་རྒྱང་འབུད་བཏང༌། ལོ་བདུན་ཅུའི་རྗེས་སུ་ཡ་ཧུ་དཱ་པ་རྣམས་རང་ཡུལ་དུ་ཕྱིར་ལོག་དང༌། ཡེ་རུ་ཤ་ལེམ ་གྲོང་ཁྱེར་གྱི་ལྕགས་རི་དང་མཆོད་ཁང་ཆེན་མོ་སླར་ཡང་བརྩིགས།
3) སྐུ་ཚབ ་པེ་ཏྲོ ་ཡིས་བྲིས་པའི་འཕྲིན་ཡིག་དང་པོ་དང༌། སྐུ་ཚབ་ཡོ་ཧ་ནན ་ལ་མངོན་པར་མཛད་པ་ཞེས་ཟེར་བའི་མདོ་གཉིས་ཀར་སྦ་བི་ལོན་གྲོང་ཁྱེར་ནི་ཕལ་ཆེར་རོ་མཱ ་གྲོང་ཁྱེར་ཡིན་ཏེ། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་རྒྱལ་ས་མཚོན། རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་དཔོན་རིགས་ཀྱིས་ཆོས་ཚོགས་ལ་བརྒལ་ཞིང༌། དད་ལྡན་པ་མང་པོ་གནོད་འཚེ་བྱས་ནས་བསད། (ས་བཀྲ་ལ་གཟིགས་)

མ་ཀེ་དོན་ཡཱ།
གནའ་རབས་ཀྱི་མ་ཀེ་དོན་ཡཱ་ཡུལ་ནི་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཞིང་ཆེན་ཞིག་ཡིན་ཏེ། དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་གནས་ཡོད། (ས་བཀྲ་ལ་གཟིགས་)
མཱ་ཤི་ཀ
1) གནའ་བོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ལ་རྒྱལ་པོ་ལ་སྣུམ་གྱིས་འབྱུག་པའི་ལུགས་སྲོལ་ཡོད། འབྱུག་པ་མྱོང་བའི་མི་ལ་ཡ་ཧུ་དཱ་པའི་སྐད་དུ་མཱ་ཤི་ཡཱ་ཞེས་ཟེར། དུས་རབས་བཅུ་དགུ་པ་ལ་དམ་པའི་གསུང་རབ ་བོད་སྐད་དུ་སྒྱུར་བའི་དུས་སུ་མཱ་ཤི་ཡཱ་ནི་མཱ་ཤི་ཀར་གྱུར། གཙོ་བོ ་ཡེ་ཤུ ་ནི་རྒྱལ་པོ་ཡིན་པས་ཁོང་ལ་མཱ་ཤི་ཀ་ཞེས་ཟེར། གནའ་བོའི་གྷི་རིག་སྐད་དུ་མཱ་ཤི་ཀ་ནི་ཁི་རི་སི་ཐོ་ཞེས་ཟེར་བས། ཡེ་ཤུ་མཱ་ཤི་ཀ་ལ་ཡེ་ཤུ་ཁི་རི་སི་ཐོ་ཡང་ཟེར།
2) སྟོན་པ་ཡེ་ཤུའི་སྐུ་དུས་སུ་རོ་མཱ ་གོང་མའི་རྒྱལ་ཁབ་ཀྱིས་ཡི་སི་ར་ཨེལ ་ཡུལ་དབང་དུ་བསྒྱུར། རོ་མཱ་པའི་སྲིད་གཞུང་གིས་ཡི་སི་ར་ཨེལ་པ་རྣམས་ལ་བཙན་གནོན་བྱས་པས་ཡ་ཧུ་དཱ་པ་རྣམས་ཀྱིས་མཱ་ཤི་ཀ་ཞེས་ཟེར་བའི་རོ་མཱ་པའི་དབང་ནས་ཐར་བ ར་བྱེད་པའི་སྐྱབས་མགོན་ལ་རེ་སྒུག་བྱས། (མར་ཀུ ་ 14:62 ལ་གཟིགས་)
མད་ཐཱ།
1) སྔར་ཁྲལ་སྡུད་མཁན ་ཡིན་ཡང་རྗེས་སུ་གཙོ་བོ ་ཡེ་ཤུ འི་ཉེ་གནས ་སུ་གྱུར།
2) མད་ཐཱ་ཡིས་བྲིས་པའི་འཕྲིན་བཟང ་ནི་ཞལ་ཆད་གསར་པའི་མདོ་དང་པོ་དེ་ཡིན།
མར་ཀུ
རྒྱུན་སྲོལ་ལྟར་སྐུ་ཚབ ་པེ་ཏྲོ འི་དྲུང་ཡིག་ཡིན་ཞིང༌། མར་ཀུས་བྲིས་པའི་འཕྲིན་བཟང ་གི་རྩོམ་པ་པོ་ཡིན། མར་ཀུ་ནི་ཡོ་ཧ་ནན་མར་ཀུ་ཡང་ཟེར། (མཛད་པ་ 15:37 ལ་གཟིགས་)
མི་ཏི་ལེ་ནེ།
མི་ཏི་ལེ་ནེ་གྲོང་ཁྱེར་ནི་ས་དབུས་རྒྱ་མཚོའི་ལེ་སི་པོ་སི་གླིང་ཕྲན་དུ་ཆགས་ཏེ། སྤྱི་ལོ་སྔོན་གྱི་དུས་རབས་བཅུ་གཅིག་པར་བཙུགས། གྷི་རིག་ཡུལ་ནས་ཡེ་རུ་ཤ་ལེམ ་ལ་འགྲོ་དུས་སྐུ་ཚབ ་པའུ་ལུ ་མི་ཏེ་ལེ་ནེ་བརྒྱུད་ནས་ཕེབས། (མཛད་པ་ 20:14 ལ་གཟིགས་)

མི་ལེ་ཏུ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱ ་ཞིང་ཆེན་གྱི་གྲུ་ཁ་ཡོད་པའི་གྲོང་ཁྱེར་ཞིག་ཡིན། (ས་བཀྲ་ལ་གཟིགས་) དེའི་གནའ་ཤུལ་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཡོད། གྷི་རིག་ཡུལ་ནས་ཡེ་རུ་ཤ་ལེམ ་ལ་འགྲོ་དུས་སྐུ་ཚབ ་པའུ་ལུ ་མི་ཏེ་ལེ་ནེ་བརྒྱུད་ནས་ཕེབས། (མཛད་པ་ 20:15 དང༌། ཐི་མོ་ཐེ་གཉིས་པ་ 4:20 ལ་གཟིགས་)

མིའི་རིགས་ཀྱི་བུ།
1) ལུང་སྟོན་པ ་དཱ་ནི་ཨེལ ་གྱི་རྨི་ལམ་དུ་མངོན་པའི་མི་ཞིག་ཡིན་ཏེ། (དཱ་ནི་ཨེལ་ 7:13-14 ལ་གཟིགས་)
2) གཙོ་བོ ་ཡེ་ཤུ འི་མཚན་གྱི་ནང་ནས་གཅིག་ཡིན་ཏེ། ཁོང་གིས་མཚན་འདི་རང་གི་དོན་ལ་བདམས་པར་མཛད། དཔེར་ན་ཁོང་གིས་རང་གི་སྐོར་གསུངས་ཏེ། མིའི་རིགས་ཀྱི་བུ་ལ་འཇིག་རྟེན་འདིའི་སྟེང་སྡིག་ཉེས་སེལ་བ འི་དབང་ཡོད་ཅེས་གསུངས།
མིར་ཡམ།
1) གཙོ་བོ ་ཡེ་ཤུ འི་ཡུམ་ཡིན། གཙོ་བོ་ཡེ་ཤུ་འཁྲུངས་པའི་སྔོན་ལ་དཀོན་མཆོག་གི་ཕོ་ཉ ་ཞིག་གིས་ཁོང་འཁྲུངས་པ་མིར་ཡམ་ལ་བསྒྲགས་པས། ཁོ་མོས་དཀོན་མཆོག ་ལ་བསྟོད་པ་ཕུལ། (ལུ་ཀཱ་ 1:46-55 ལ་གཟིགས་) ག་ལིལ་ཡུལ ་གྱི་གྲོང་ཁྱེར་ཀ་ནཱ་ལ་མིར་ཡམ་གྱིས་གཙོ་བོ་ཡེ་ཤུས་བསྟན་པའི་ངོ་མཚར་བའི་རྟགས་དང་པོ་མཐོང༌། ཁོང་རྒྱང་ཤིང ་དུ་འགྲོངས་སྐབས་ཁོ་མོ་གཙོ་བོ་ཡེ་ཤུ་དང་མཉམ་དུ་ཡོད། དེའི་རྗེས་སུ་ཁོ་མོ་སྐུ་ཚབ ་རྣམས་དང་འགྲོགས། (མཛད་པ་ 1:14 ལ་གཟིགས་)
2) པེ་ཐན་ཡཱ ་གྲོང་སྡེ་ནས་ཡིན་པའི་བུད་མེད་མར་ཐཱ་ཡི་ནུ་བོ་ཡིན། ཁོ་མོ་གཉིས་དང་དེ་ཚོའི་གཅུང་པོ་ལཱ་ཟར་ནི་སྟོན་པ་ཡེ་ཤུའི་གྲོགས་པོ་ཡིན།
3) མག་དལ་གྲོང་ཁྱེར་ནས་ཡིན་པའི་མིར་ཡམ། ཁོ་མོ་ནི་གདོན་འདྲེ་བདུན་གྱིས་ཟིན་པའི་མི་ཞིག་ཡིན། གཙོ་བོ་ཡེ་ཤུས་དེ་ཚོ་ཕར་བསྐྲད་ནས་བུད་མེད་གཞན་དང་མཉམ་དུ་ཁོ་མོས་རང་གི་རྒྱུ་ནོར་གྱིས་སྟོན་པ་ཡེ་ཤུ་དང་ཁོང་གི་ཉེ་གནས ་རྣམས་ལ་རྒྱབ་སྐྱོར་བྱས། (ལུ་ཀཱ་ 8:2 ལ་གཟིགས་) ཁོ་མོ་གཙོ་བོ་ཡེ་ཤུ་གྲོངས་པ་དང་སླར་གསོན་པོར་གྱུར་བའི་དཔང་པོ་བྱེད་མཁན་ཞིག་ཡིན། (མར་ཀུ ་ 15:40-41 ; 16:1-3 ལ་གཟིགས་)
4) ཡ་ཀོབ ་དང་ཡོ་སེབ ་ཀྱི་ཨ་མ་མིར་ཡམ། (མད་ཐཱ ་ 27:56 ལ་གཟིགས་)
5) ཡོ་ཧ་ནན་མར་ཀུའི་ཨ་མ་མིར་ཡམ། (མཛད་པ་ 12:12 ལ་གཟིགས་)
མུ་རཱ།
རོ་མཱ ་གོང་མའི་རྒྱལ་ཁབ་ཀྱི་ལིག་ཀི་ཡཱ་ཞིང་ཆེན་གྱི་གྲུ་ཁ་ཡོད་པའི་གྲོང་ཁྱེར་ཞིག་ཡིན། དེའི་གནའ་ཤུལ་དེང་སྐབས་ཀྱི་ཐུར་ཁེ་རྒྱལ་ཁབ་ཏུ་ཡོད། དེར་བརྒྱ་དཔོན ་ཡུ་ལི་ཡུ་ཡིས་སྐུ་ཚབ ་པའུ་ལུ ་ལས་རོགས་དང་བཅས་པར་རྒྱལ་ས་རོ་མཱ་ལ་འགྲོ་བའི་གྲུ་གཟིངས་ནང་དུ་བཅུག (མཛད་པ་ 27:5-6 ལ་གཟིགས་)

མེ་ལི་ཊེ།
ས་དབུས་རྒྱ་མཚོའི་ནུབ་ཕྱོགས་ཀྱི་གླིང་ཕྲན་ཞིག་ཡིན། (ས་བཀྲ་ལ་གཟིགས་) དེར་སྐུ་ཚབ ་པའུ་ལུ ་དབྱི་ཏ་ལི་ཡུལ་ལ་བསྐྱལ་བའི་གྲུ་གཟིངས་གཏོར་པ་རེད། དེང་སང་ས་ཆ་དེ་ནི་སྐུ་ཚབ་པའུ་ལུའི་མཚོ་ཁུག་ཞེས་ཟེར། མེ་ལི་ཊེ་གླིང་ཕྲན་གྱི་ཝ་ལེ་ཊ་གྲོང་ཁྱེར་ནས་རྒྱང་ཐག་སྤྱི་ལེ་ 13 ཙམ་ཡོད།

མེཌ་ཡཱ།
གནའ་བོའི་ཡུལ་ཞིག་ཡིན་ཏེ། དེང་དུས་ཀྱི་དབྱི་རན་དང་ཨ་ཛེར་སྦེ་ཇན་གྱི་ས་ཁུལ་ཞིག་ཡིན། དམ་པའི་ཐུགས་ཉིད ་དད་ལྡན་རྣམས་ལ་འབབ་པའི་ཚེ་ཡེ་རུ་ཤ་ལེམ ་ལ་འཛོམས་པའི་མི་ཚོགས་ཀྱི་ཁྲོད་མེཌ་ཡཱ་ཡུལ་ནས་ཡོང་བའི་ཡ་ཧུ་དཱ་པ་ཁ་ཤས་ཡོད། (མཛད་པ་ 2:9 ལ་གཟིགས་)
མོ་ཤེ
ཡ་ཧུ་དཱ་པའི་ལུང་སྟོན་པ ་ཞིག་ཡིན། ཁོང་ནི་སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པ་ཙམ་ལ་ཨེ་ཇེབ ་ཡུལ་དུ་འཁྲུངས། དེར་ཁོང་ཨེ་ཇེབ་ཡུལ་གྱི་རྒྱལ་སྲས་སུ་འཚར་ལོངས་བྱུང༌། དེའི་དུས་སུ་ཡ་ཧུ་དཱ་པའི་མི་རིགས ་ཀྱིས་ཨེ་ཇེབ་ཡུལ་གྱི་རྒྱལ་པོར་བྲན་གཡོག་བྱས། དཀོན་མཆོག་གི་བཀའ ་ལ་ཉན་པས་ལུང་སྟོན་པ་མོ་ཤེ་ཡིས་རང་གི་མི་རིགས་བྲན་གཡོག་ལས་ཐར་བ ར་བྱས་ནས་ཁོ་ཚོ་སི་ནཱ་འབྲོག་སྟོང་དུ་ཁྲིད། དེར་དཀོན་མཆོག ་གིས་ལུང་སྟོན་པ་མོ་ཤེ་བརྒྱུད་ནས་ཡ་ཧུ་དཱ་པའི་མི་རིགས་ལ་ཆོས་ཁྲིམས ་མང་པོ་གནང༌། མཐའ་མར་ལུང་སྟོན་པ་མོ་ཤེས་རང་གི་མི་རྣམས་ཡི་སི་ར་ཨེལ ་ཡུལ་གྱི་ས་མཚམས་སུ་ཁྲིད། ལུགས་སྲོལ་ལྟར་ལུང་སྟོན་པ་མོ་ཤེས་དམ་པའི་གསུང་རབ ་ཀྱི་ཐོག་མའི་མདོ་ལྔ་པོ་བརྩམས།
དམྱལ་ཁམས།
དཀོན་མཆོག ་གི་འཕྲིན་བཟང ་དང་ལེན་མི་བྱེད་མཁན་རྣམས་ཤི་ནས་དུས་རྟག་ཏུ་བསྡད་དེ་ཉེས་ཆད་མྱོང་ས་ཡིན་ལ། བདུད་སཱ་ཏན ་དང་ཁོའི་ཕོ་ཉ་རྣམས་ཀྱི་གནས་སའང་ཡིན། (མད་ཐཱ ་ 25:41,46 ལ་གཟིགས་)
སྨོན་ལམ།
དཀོན་མཆོག ་ལ་སྨོན་ལམ་ཞུ་བ་ནི་ཁོང་དང་བཀའ་མོལ་གནང་བ་ནང་བཞིན་ཡོད། སྨོན་ལམ་འདེབས་པའི་སྒོ་ནས་དད་ལྡན་རྣམས་ཀྱིས་དཀོན་མཆོག་ལ་སྨྲ་ཞིང༌། དམ་པའི་གསུང་རབ ་ཀྱི་སྒོ་ནས་དཀོན་མཆོག་གིས་དད་ལྡན་རྣམས་ལ་གསུང་གི་ཡོད། སྤྱིར་བཏང་བཤད་ན་ཡེ་ཤུ འི་ཆོས་ལུགས་ཀྱི་སྨོན་ལམ་རིགས་ལྔ་ནི།
1) དཀོན་མཆོག་ལ་བསྙེན་བཀུར་བྱེད་པ། (ལུ་ཀཱ་ 1:68-75 ལ་གཟིགས་)
2) དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུ་བ། (ཀོ་ལོ་སཱ་པ་ 3:17 ལ་གཟིགས་)
3) སྡིག་ཉེས ་ཁས་ལེན་བྱེད་པ། (ཡོ་ཧ་ནན ་དང་པོ་ 1:9 དང༌། གསུང་མགུར་ 51 ལ་གཟིགས་)
4) མི་གཞན་གྱི་དོན་ལ་གསོལ་སྨོན་ཞུ་བ། (ཨེ་ཕེ་སུ ་པ་ 3:16-19 ལ་གཟིགས་)
5) རང་གི་དོན་དུ་གསོལ་སྨོན་ཞུ་བ་བཅས་ཡིན། (འགོད་པ་ 24:12 ལ་གཟིགས་)
སྟོན་པ་ཡེ་ཤུས་རང་གི་ཉེ་གནས ་རྣམས་ལ་སྨོན་ལམ་ཇི་ལྟར་འདེབས་པ་བསྟན་པར་མཛད། (མད་ཐཱ ་ 6:9-13 ལ་གཟིགས་) སྐུ་ཚབ ་ཡོ་ཧ་ནན་གྱིས་ཁོང་གི་ཐུགས་དགོངས་བཞིན་དུ་ཅིའང་ཞུས་ན་ཁོང་གིས་གསན་པར་འགྱུར་ངེས་ཡིན་ཞེས་བྲིས། (ཡོ་ཧ་ནན་དང་པོ་ 5:14 ལ་གཟིགས་)
སྨྱུང་གནས།
རེ་ཞིག་ཟ་འཐུང་མི་བྱེད་པ་དེ་ཡིན། གནའ་བོའི་དུས་སུ་ཡ་ཧུ་དཱ་པ་རྣམས་ཀྱིས་མྱ་ངན་ནམ། སྡིག་ཉེས ་སྤངས་ནས་སེམས་བསྒྱུར་བ་སྟོན་པའི་ཆེད་དུ་སྨྱུང་གནས་སྲུང༌། (ཤ་མུ་ཨེལ་དང་པོ་ 31:13 དང༌། དཱ་ནི་ཨེལ ་ 9:3-4 ལ་གཟིགས་) གཙོ་བོ ་ཡེ་ཤུ ས་ཉིད་ཀྱི་ཉེ་གནས ་རྣམས་ལ་སྨྱུང་གནས་ཀྱི་སྐོར་བསྟན་པར་མཛད། (མད་ཐཱ ་ 6:16 ལ་གཟིགས་) སྐུ་ཚབ ་པར་ན་པཱ ་དང་པའུ་ལུ ་ཕྱིར་མངགས་པའི་སྔོན་ལ་ཨན་ཏི་ཡོག་ཡཱ ་གྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་སྣེ་འཁྲིད་པ་རྣམས་ཀྱིས་སྨྱུང་གནས་བསྲུངས། (མཛད་པ་ 13:2 ལ་གཟིགས་)
ཙི་ཡོན།
ཡི་སི་ར་ཨེལ ་གྱི་རྒྱལ་ས་ཡེ་རུ་ཤ་ལེམ ་ནི་རི་བོ་ཙི་ཡོན་ལ་ཆགས་པས་དཀོན་མཆོག ་གི་གསུང་རབ་ནང་ཙི་ཡོན་གྱིས་ཡི་སི་ར་ཨེལ་ཡུལ་མཚོན།
གཙང་བ་དང་མི་གཙང་བ།
དཀོན་མཆོག ་གིས་ལུང་སྟོན་པ ་མོ་ཤེ ་ལ་གནང་བའི་ཆོས་ཁྲིམས ་ལྟར་ན་ཟས་སྣ་ཚོགས་དང༌། ཤ་རིགས། སྤྱོད་ལམ་རྣམས་ཡ་ཧུ་དཱ་པའི་མི་རིགས ་ཀྱི་དོན་ལ་མི་གཙང་བར་རྩི་དགོས། (ལེ་ཝི ་ཚུལ་ཁྲིམས་ 11-12 ལ་གཟིགས་) དཔེར་ན་ཕག་ཤ་དང༌། རྔ་མོང་དང༌། སྤུར་ལ་རེག་པ་དང༌། མཛེ་ནད ་ཅན་ཞིག་ལ་རེག་པ་མི་གཙང་བར་བརྩིས། གཙང་བར་འགྱུར་བའི་ཆེད་དུ་མི་གཙང་བར་འགྱུར་མཁན་གྱིས་ཆོ་ག་ཁ་ཤས་བྱེད་དགོས། (ལེ་ཝི་ཚུལ་ཁྲིམས་ 13 དང༌། མར་ཀུ ་ 1:44 ལ་གཟིགས་) འོན་ཀྱང་གཙོ་བོ ་ཡེ་ཤུ ་འབྱོན་པའི་སྐབས་སུ་ཁོང་གིས་གསུངས་པ། མིའི་ཡིད་ནང་ནས་ཕྱིར་གང་འཐོན་པའི་སྡིག་ཉེས ་ཀྱིས་མི་མི་གཙང་བ་བྱེད་པར་གསུངས། (མར་ཀུ་ 7:15 ལ་གཟིགས་) རྗེས་སུ་སྐུ་ཚབ ་པེ་ཏྲོ ར་གང་གཙང་བ་དང་མི་གཙང་བའི་སྐོར་དཀོན་མཆོག་ནས་ཞལ་གཟིགས་གནང༌། (མཛད་པ་ 10:9-16 ལ་གཟིགས་)
གཙོ་བོ།
དཀོན་མཆོག ་དང༌། ཡང་ན་གཙོ་བོ་ཡེ་ཤུ འི་ཞེ་སའི་མཚན་ཞིག་ཡིན། དེའི་དོན་ནི་ཡབ་སྲས་དཀོན་མཆོག་ལ་མི་རིགས་ཐམས་ཅད་ལ་དབང་བསྒྱུར་བའི་དབང་ཆ་ཡོད་པར་གོ །
གཙོ་བོའི་དྲན་རྟེན་གྱི་ཞལ་ཟས།
གཙོ་བོའི་དྲན་རྟེན་གྱི་ཞལ་ཟས་སྤྱོད་པ་ནི་གཙོ་བོ ་ཡེ་ཤུ འི་བཀའ་ལྟར་ཁོང་གྲོངས་པ་དང་སླར་གསོན་པར་དྲན་གསོ་ཞུ་བའི་ཕྱིར་བག་ལེབ་དང་རྒུན་ཆང་ཟ་འཐུང་བའི་ཆོ་ག་ཞིག་ཡིན་ཏེ། བག་ལེབ་དུམ་བུར་བཟོས་ནས་བགོ་བཤའ་རྒྱག་པ་ནི་གཙོ་བོ་ཡེ་ཤུའི་སྐུ་གཟུགས་དང༌། རྒུན་ཆང་ནི་ཁོང་གི་སྐུ་ཁྲག་མཚོན། (ལུ་ཀཱ་ 22:14-20 དང༌། ཀོ་རིན་ཐུ ་པ་དང་པོ་ 11:23-26 ལ་གཟིགས་)
ཚི་དོན།
ས་དབུས་རྒྱ་མཚོའི་འགྲམ་ལ་ཆགས་པའི་གྲུ་ཁའི་གྲོང་ཁྱེར་ཞིག་ཡིན། གཙོ་བོ ་ཡེ་ཤུ ས་མཛད་པའི་དོན་རྣམས་ཐོས་པས་གྲོང་ཁྱེར་ཐཱ་ཨེར ་དང་ཚི་དོན་ནས་མི་མང་པོ་ཁོང་གི་གསུང་ཉན་པའི་ཆེད་དུ་ཁོང་གི་དྲུང་དུ་ཡོང༌། (མར་ཀུ ་ 3:8 ལ་གཟིགས་) དེང་སང་ཐཱ་ཨེར་ནི་ལེ་སྦ་ནོན་རྒྱལ་ཁབ་ཀྱི་གྲོང་ཁྱེར་ཆེ་གྲས་ཨང་གསུམ་པ་ཡིན། (ས་བཀྲ་ལ་གཟིགས་)





མཛེ་ནད།
དམ་པའི་གསུང་རབ ་ནང་མཛེ་ནད་ཅེས་ཟེར་བ་དེ་ནི་དོན་དམ་དུ་པགས་ནད་རིགས་མི་འདྲ་བ་ཞིག་ཡིན། དེ་ཚོ་ཚང་མ་དེང་སྐབས་ཀྱི་མཛེ་ནད་དང་མི་གཅིག་པ་ཡིན། གནའ་བོའི་ཡ་ཧུ་དཱ་པ་རྣམས་ཀྱིས་མཛེ་ནད་ཅན་མི་གཙང་བར་བརྩིས། གཙོ་བོ ་ཡེ་ཤུ ས་མཛེ་ནད་ཅན་འགའ་ཤས་གཙང་བར་མཛད། (མད་ཐཱ ་ 8:1-4 དང༌། མར་ཀུ ་ 1:40-42 ལ་གཟིགས་)
ཟ་བུ་ལུན།
1) ཡ་ཧུ་དཱ་པའི་མེས་པོ་ཡ་ཀོབ ་ཀྱི་བུ་བཅུ་གཉིས་ནང་གི་བུ་ཞིག་ཡིན།
2) ཡི་སི་ར་ཨེལ ་གྱི་ཚོ་པ་བཅུ་གཉིས་ནང་གི་ཚོ་པ་གཅིག་ཡིན།
3) ཡི་སི་ར་ཨེལ་གྱི་བྱང་ཕྱོགས་སུ་ཆགས་པའི་ཟ་བུ་ལུན་ཚོ་པའི་སྡོད་ས་དེ་ཡིན།
ཟེ་ཀ་རི་ཡཱ།
1) གཙོ་བོ ་ཡེ་ཤུ ་འཁྲུང་པའི་དུས་སུ་ཡ་ཧུ་དཱ་པའི་བླ་མ ་ཞིག་ཡིན། ཁོང་དང་ཁོང་གི་བཟའ་ཟླ་ཨེ་ལི་ས་བེད་ནི་ཁྲུས་གསོལ་མཁན་ཡོ་ཧ་ནན ་གྱི་ཡབ་ཡུམ་ཡིན།
2) སྤྱི་ལོའི་སྔོན་གྱི་དུས་རབས་དྲུག་པར་ཡི་སི་ར་ཨེལ ་ཡུལ་དུ་བྱོན་པའི་དཀོན་མཆོག ་གི་ལུང་སྟོན་པ ་ཞིག་ཡིན། ཁོང་གིས་ཟེ་ཀ་རི་ཡཱ་ཞེས་ཟེར་བའི་མདོ་དེ་བྲིས།
3) ཞལ་ཆད་རྙིང་པའི་མདོ་སུམ་ཅུ་སོ་བརྒྱད་པའི་མིང་ཡིན།
4) མད་ཐཱ ་ཡིས་བྲིས་པའི་འཕྲིན་བཟང ་ལེའུ་ 23 ཨང་ 35 ལ་འཁོད་པ་ལྟར་པེ་རེ་ཀི་ཡཱ་ཡི་བུ་ཟེ་ཀ་རི་ཡཱ་ནི་ཡ་ཧུ་དཱ་པའི་དཔོན་རིགས་རྣམས་ཀྱིས་བསད་པའི་དྲང་ལྡན་གྱི་མི་ཞིག་ཡིན།
འོ་བྱེད་པ།
གནའ་བོའི་དུས་སུ་གྲོགས་པོ་རྣམས་ཐུག་སྐབས་གཅིག་གིས་གཅིག་ལ་འགྲམ་ལ་འོ་བྱེད་ཅིང༌། གཙོ་བོ ་ཡེ་ཤུ ་ལ་དད་པ་རྣམས་ཀྱིས་ཀྱང་ལུགས་སྲོལ་དེ་བསྲུངས། (རོ་མཱ ་པ་ 16:16 དང༌། ཀོ་རིན་ཐུ ་པ་དང་པོ་ 16:20 དང་ཀོ་རིན་ཐུ་པ་གཉིས་པ་ 16:12 ལ་གཟིགས་) གཙོ་བོ་ཡེ་ཤུ་སུ་ཞིག་ཡིན་པ་ཁོང་འཛིན་བཟུང་བྱེད་པ་རྣམས་ལ་སྟོན་པའི་ཕྱིར་ཁོང་ལ་རྒྱབ་གཏོད་བྱེད་མཁན་ཡུ་དཱ་དབྱི་སི་ཀར་རེ ་ཡིས་ཁོང་གི་འགྲམ་པར་འོ་བྱས། (མར་ཀུ ་ 14:44-45 ལ་གཟིགས་)
ཡ་ཀོབ།
1) སྤྱི་ལོའི་སྔོན་གྱི་དུས་རབས་བཅོ་བརྒྱད་པ་ཙམ་ལ་པཱ་ལེ་སི་ཐན་ཡུལ་ལ་བཞུགས། ཁོང་ནི་ཡ་ཧུ་དཱ་པའི་མེས་པོ་ཨབ་ར་ཧམ ་གྱི་ཚ་བོ་ཞིག་དང༌། ཡ་ཧུ་དཱ་པའི་མེས་པོ་ཨི་སཱག ་གི་བུ་ཡིན། ཡ་ཀོབ་ལ་ཡི་སི་ར་ཨེལ ་ཡང་ཟེར།
2) སྟོན་པ་ཡེ་ཤུ འི་ཉེ་གནས ་ནང་ནས་གཅིག་ཡིན། གཙོ་བོ ་ཡེ་ཤུ་འཆི་བ་ནས་སླར་གསོན་པོར་གྱུར་བའི་རྗེས་སུ་རྒྱལ་པོ་ཧེ་རོ་དཱེ ་ཡིས་ཁོ་བསད། (མཛད་པ་ 12:2 ལ་གཟིགས་)
3) སྟོན་པ་ཡེ་ཤུའི་གཅུང་པོ་ཞིག་ཡིན། (མད་ཐཱ ་ 13:55 ལ་གཟིགས་) ཁོང་ནི་གནའ་བོའི་ཆོས་ཚོགས་ཀྱི་རྒན་པོར་གྱུར་བ་དང༌། ལུགས་སྲོལ་ལྟར་ཁོང་གིས་ཡ་ཀོབ་ཅེས་པའི་འཕྲིན་ཡིག་བྲིས། (མཛད་པ་ 15:13 ལ་གཟིགས་)
ཡ་ཧུ་དཱ་པའི་རྒྱལ་ཚོགས།
ཡ་ཧུ་དཱ་པའི་བླ་མ ་དང༌། བླ་ཆེན་དང༌། ཆོས་ཁྲིམས་ལ་མཁས་པའི་མི ་བདུན་ཅུ་ཙམ་གྱི་ཚོགས་པ་ཞིག་ཡིན། ཁོ་ཚོའི་ནང་མང་ཆེ་བ་ནི་ཕཱ་རུ་ཤི་པ འི་ཕྱོགས་ཁག་གམ། སཱ་ཅུ་སེ་པ འི་ཕྱོགས་ཁག་གི་ཁོངས་མི་ཡིན། གཙོ་བོ ་ཡེ་ཤུ ་ཡ་ཧུ་དཱ་པའི་རྒྱལ་ཚོགས་ཀྱི་ཚོགས་འདུ་ལ་ཁྲིམས་གཅོད་མྱོང༌། (མར་ཀུ ་ 14:53-65 ལ་གཟིགས་)
ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས།
ཡ་ཧུ་དཱ་པའི་ལུགས་སྲོལ་འདི་ནི་དཀོན་མཆོག ་གིས་གནང་བའི་ཞལ་ཆད་དེ་སྲུང་བའི་རྟགས ་ཤིག་ཡིན་ཏེ་ཕོ་མཚན་གྱི་མདུན་ལྤགས་གཅོད་པ་ཡིན།
ཡ་ཧུ་དཱ་པའི་འདུ་ཁང༌།
དཀོན་མཆོག ་ལ་བསྙེན་བཀུར་བྱེད་གནས་དང་ཆོས་སྟོན་ཉན་ས་ཡིན། ཡི་སི་ར་ཨེལ ་ཡུལ་གྱི་གྲོང་ཁྱེར་དང༌། གྷི་རིག་ཡུལ། (མཛད་པ་ 17:10 ལ་གཟིགས་) སི་རི་ཡཱ ་ཡུལ། (མཛད་པ་ 9:1 ལ་གཟིགས་) ས་ཆ་གཞན་ལའང་བརྩིགས་ཡོད། སྐུ་ཚབ ་པའུ་ལུ ་ཡིས་ད་མ་སེག་གྲོང་ཁྱེར་དང༌། (མཛད་པ་ 9:20 ལ་གཟིགས་) ཀིབ་རུ ་གླིང་ཕྲན། (མཛད་པ་ 13:4 ལ་གཟིགས་) ཀོ་རིན་ཐུ ་གྲོང་ཁྱེར། (མཛད་པ་ 18:4 ལ་གཟིགས་) ཐེ་ས་ལོ་ནི་ཀེ ་གྲོང་ཁྱེར་ལ་སོགས་པའི་འདུ་ཁང་ལ་ཆོས་ཡང་ཡང་བསྟན། (མཛད་པ་ 17:1 ལ་གཟིགས་)




ཡ་ཧུ་དཱ་པའི་རྟགས།
ཡ་ཧུ་དཱ་པའི་ཆོས་ཀྱི་རྟགས ་ལ་གཟིགས།
ཡ་ཧུ་དཱ་པའི་མི་རིགས།
གཙོ་བོ ་ཡེ་ཤུ ་ནི་ཡ་ཧུ་དཱ་པ་ཞིག་ཡིན། ཡ་ཧུ་དཱ་པའི་མི་རིགས་སམ་དེང་ལྗེའུ་རིགས་ཞེས་འབོད་པ་ནི་ཁོ་ཚོའི་མེས་པོ་ཨབ་ར་ཧམ ་གྱི་བུ་རྒྱུད་ཡིན། གནའ་བོའི་དུས་སུ་ཨབ་ར་ཧམ་ནི་མེ་སུའོ་པི་ཏ་མེ་ཡཱ་ཡུལ་ལ་བསྡད་ཅིང༌། དཀོན་མཆོག ་གིས་ཁོ་ལ་པཱ་ལེ་སི་ཐན་ཡུལ་ལ་ཕྱིན་ནས་འབྲོག་པ་ལྟར་བཞུགས་དགོས་པའི་བཀའ་གནང༌། (འགོད་པ་ 12 ལ་གཟིགས་) མེས་པོ་ཨབ་ར་ཧམ་ལ་བུ་རྒྱུད་མང་པོ་ཡོད་ལ། དུས་རབས་འགའ་ཤས་ཀྱི་རྗེས་སུ་ཁོ་ཚོ་ཨེ་ཇེབ ་ཡུལ་གྱི་བྲན་གཡོག་ཏུ་གྱུར། སྤྱི་ལོའི་སྔོན་གྱི་དུས་རབས་བཅུ་གསུམ་པ་ཙམ་ལ་ལུང་སྟོན་པ ་མོ་ཤེ ་ཡིས་ཡ་ཧུ་དཱ་པའི་མི་རིགས་བྲན་གཡོག་ལས་ཐར་བ ར་བྱས་ནས། སི་ནཱ་འབྲོག་སྟོང་གི་རི་བོ་སི་ནཱའི་ཕྱོགས་སུ་ཁྲིད། དེར་དཀོན་མཆོག་གིས་ལུང་སྟོན་པ་མོ་ཤེ་བརྒྱུད་ནས་ཡ་ཧུ་དཱ་པའི་མི་རིགས་ལ་ཆོས་ཁྲིམས ་མང་པོ་གནང་བ་མ་ཟད། ཡ་ཧུ་དཱ་པ་རྣམས་ཀྱི་ཐར་བར་མཛད་པའི་དཀོན་མཆོག་ཡིན་པར་འགྱུར་བའི་ཞལ་ཆད་གནང༌། དུས་དེ་ནས་བཟུང་ཡ་ཧུ་དཱ་པ་རྣམས་ལ་དཀོན་མཆོག་དང་འབྲེལ་བ་དེ་ཡོད། (རོ་མཱ ་པ་ 9-10 ལ་གཟིགས་) དུས་རབས་དང་པོར་གཙོ་བོ་ཡེ་ཤུ་འཆི་བ་ནས་སླར་གསོན་པོར་གྱུར་བའི་རྗེས་སུ་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་དམག་དཔུང་གིས་ཡི་སི་ར་ཨེལ ་ཡུལ་ལ་བཙན་འཛུལ་བྱས་པ་དང༌། རྒྱལ་ས་ཡེ་རུ་ཤ་ལེམ ་དང་དེར་ཡོད་པའི་མཆོད་ཁང་ཆེན་མོ ་ཡོངས་སུ་གཏོར་བཤིག་བཏང༌། དུས་དེར་ཡ་ཧུ་དཱ་པ་རྣམས་ཡི་སི་ར་ཨེལ་ཡུལ་ནས་