༄༅། །དཀོན་མཆོག་གི་བཀའ་ཁྲིམས་བཅུའི་འགྲེལ་བཤད་བཞུགས་སོ། །
关于神的十诫
ཉིན་ལྟར་ང་ཚོས་སྒྲིག་ལམ་དང་ཁྲིམས་སྲུང་དགོས། སྲིད་གཞུང་ལ་ཁྲིམས་ལུགས་དང༌། སྒྲིག་ཁྲིམས། ཆོས་ཁྲིམསལ་སོགས་ཡོད་པ་མ་ཟད། ང་ཚོའི་ལས་ཀ་བྱེད་ས་ལའང་སྒྲིག་ལམ་ཡོད། སློབ་གྲྭ་ལ་སྒྲིག་ལམ་མང་པོ་ཡོད། འགྲིམ་འགྲུལ་སྒྲིག་ལམ་དང༌། དངུལ་ཁང་ནས་དངུལ་གཡར་བའི་སྒྲིག་ལམ་ཡང་ཡོད། སྒྲིག་ལམ་མེད་ན་ང་ཚོས་སྤྱི་ཚོགས་འཕྲོ་བརླག་ཕྱིན་ནས་སྡུག་བསྔལ་ཆེན་པོ་འབྱུང་བར་འགྱུར། དཀོན་མཆོགགིས་ང་ཚོ་ལ་བྱམས་པ་མཛད་པས་ཁོང་གིས་ཀྱང་དམ་པའི་གསུང་རབནང་དུ་ཆོས་ཁྲིམས་དང་སྒྲིག་ལམ་མང་པོ་ང་ཚོར་གནང་བྱུང༌། ཆོས་ཁྲིམས་ཀྱི་ནང་ནས་དཀོན་མཆོག་གི་བཀའ་ཁྲིམསབཅུ་དེ་གལ་ཆེ་ཤོས་ཡིན། དཀོན་མཆོག་གི་བཀའ་ཁྲིམས་བཅུ་དང་བསྟུན་ཏེ་མི་ཚེ་བསྐྱལ་ན་དཀོན་མཆོག་ཐུགས་དགྱེས་ཡོང༌།
每天,我们都要遵行各样的规则与律法。政府法律与条例,宗教律法,公司章程,学校规章制度,还有交通规则,考取驾照的规则,甚至从银行贷款的规则。没有了规则与律法,我们的社会将被摧毁,苦难也将更多。神爱我们,因此他在圣经中也给我们定下了许多规则与律法。其中,最重要的就是十诫。倘若我们遵行十诫生活,将会得着神的喜悦。
1.1 བོད་ཀྱི་བཙན་པོའི་རྒྱལ་རབས་མ་བྱུང་བའི་དུས་རབས་མང་པོའི་སྔོན་དུ་ཡ་ཧུ་དཱ་ཞེས་ཟེར་བའི་མི་རིགས་ཤིག་ཨེ་ཇེབཡུལ་ལ་བསྡད། ཁོ་ཚོས་ཨེ་ཇེབ་ཡུལ་གྱི་རྒྱལ་པོའི་བྲན་གཡོག་བྱས། རྒྱལ་པོ་དེས་ཡ་ཧུ་དཱ་པ་རྣམས་ལ་གདུག་རྩུབ་ཆེན་པོ་བཏང༌། དཀོན་མཆོགགིས་ཁོ་ཚོའི་སྡུག་བསྔལ་གཟིགས་ནས་དེ་རྣམས་སྐྱོབ་པའི་ཆེད་དུ་མོ་ཤེཞེས་ཟེར་བའི་ལུང་སྟོན་ཞིག་མངགས། དཀོན་མཆོག་གི་བཀའབཞིན་དུ་ལུང་སྟོན་པ་མོ་ཤེ་ཡིས་ཡ་ཧུ་དཱ་པའི་མི་རིགསཨེ་ཇེབ་ཡུལ་ནས་འབྲོག་སྟོང་གི་རི་བོ་སི་ནཱ་དེ་ལ་ཁྲིད། དེར་ངོ་མཚར་ཆེ་བའི་ལས་མང་པོ་མཛད་པའི་སྒོ་ནས་དཀོན་མཆོག་གིས་རང་གི་ནུས་མཐུ་ཆེན་པོ་ཡ་ཧུ་དཱ་པ་རྣམས་ལ་མངོན་པར་མཛད། ལུང་སྟོན་པ་མོ་ཤེ་བརྒྱུད་ནས་དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ལ་ཆོས་ཁྲིམསདང་བཀའ་ཁྲིམས་མང་པོ་གནང༌། ཡ་ཧུ་དཱ་པ་རྣམས་ཀྱིས་བཀའ་ཁྲིམས་དེ་ཚོ་བསྲུངས་ན་དཀོན་མཆོག་གིས་དེ་རྣམས་ལ་བྱིན་རླབས་གནང་བའི་ཞལ་ཆད་གནང༌། དེ་གང་ནས་བྱུང་བའི་ལོ་རྒྱུས་ནི་དམ་པའི་གསུང་རབཀྱི་ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་གཉིས་པ་སྟེ་ཐེགས་པ་ལེའུ་ 20 ཨང་ 1-17 དང༌། ལུང་སྟོན་པ་མོ་ཤེས་བྲིས་པའི་མདོ་ལྔ་པ་སྟེ་བཀའ་ལུང་ལེའུ་ 5 ཨང་ 6-21 ལ་འཁོད་ཡོད།*
1.1 早在西藏第一个王国建立的前几个世纪,以色列人居住在埃及地,是埃及国王的奴隶。国王对待以色列人非常残忍。神看到他们所受的苦难,就差派了一位名叫摩西的先知来拯救他们。在神的指引下,摩西带领以色列人出了埃及地,进入沙漠,来到西奈山。神行出各样的神迹,向以色列人展示了他的大能。他还通过摩西赐给以色列人许多宗教方面的律法以及十诫。神应许说,如果以色列人遵行这些律法,他将会保守他们。这个故事记载在圣经的出埃及记(20:1-17)与申命记(5:6-21)。
1.2 ཕྲུ་གུ་རྣམས་ཉེན་ཁ་མེད་པར་སྲུང་བའི་ཕྱིར་ཕ་མས་སྒྲིག་ལམ་འཛུགས། དཔེར་ན་ཕ་ཞིག་གིས་རང་གི་བུ་ལ་གཙང་པོའི་འགྲམ་ལ་མ་འགྲོ་བའི་བཀའ་བཏང་ནས་བུ་དེས་ཕའི་བཀའ་ལ་ཉན་ན་བདེ་བར་སྲུང་བར་འགྱུར། མ་ཉན་ན་གཙང་པོའི་འགྲམ་ནས་ཆུར་ལྷུང་སྟེ་ཤི་སྲིད། དེ་བཞིན་དུ་སྡིག་ཉེསལས་སྐྱོབ་པའི་ཆེད་དུ་དཀོན་མཆོག་གིས་བཀའ་ཁྲིམས་བཅུ་ངེད་རྣམས་ལ་གནང་བྱུང༌། བཀའ་དེ་རྣམས་བསྲུངས་ན་དཀོན་མཆོག་གིས་ང་ཚོར་ཐུགས་རྗེ་དང་བྱིན་རླབས་གནང་བར་འགྱུར་ངེས་ཡིན། མ་བསྲུངས་ན་ཕ་སེམས་བཟང་པོ་ཞིག་གིས་བཀའ་ལ་མ་ཉན་པའི་ཕྲུ་གུ་ལ་ཉེས་ཆད་གཅོད་པ་ལྟར་དཀོན་མཆོག་གིས་ཀྱང་ངེད་རྣམས་ལ་ཉེས་ཆད་མཛད་པར་འགྱུར་ངེས་ཡིན། འོན་ཀྱང་དཀོན་མཆོག་གིས་ངེད་རྣམས་ལ་བྱམས་པར་མཛད་པས་ང་ཚོར་ཕན་པའི་ཕྱིར་ཁོང་གི་བཀའ་བཅུ་པོ་འདི་ང་ཚོ་ལ་གནང་བྱུང༌།
1.2 父母为了孩子们的安全,给他们定下规则。例如,一位父亲告诉他的儿子不要靠近河边。如果儿子听从了父亲的教导,就会很安全。如果他违背了父亲的教导,就有可能掉入水中,溺水而亡。同样,神为了让我们不犯罪,赐下了十诫。倘若我们遵行,神将赐给我们恩典与祝福,倘若我们违背了他的诫命,神将会像慈爱的父母惩罚悖逆的孩子那样惩罚我们。但是,神爱我们,已经赐给了我们十条诫命,只为我们得益处。
1.3 དཀོན་མཆོག་གི་བཀའ་ཁྲིམསབཅུའི་ནང་ནས་དང་པོ་ནས་བཞི་པའི་བར་གྱི་དོན་ནི་ངེད་རྣམས་ཀྱིས་དཀོན་མཆོག་ལ་ཇི་ལྟར་བསྙེན་བཀུར་ཞུ་བའི་སྐོར་རེད། གཙོ་བོཡེ་ཤུས་གང་གསུངས་པ་བཞིན་དུ་དེའི་དོན་ང་ཚོས་གཙོ་བོ་དཀོན་མཆོགལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་འཛིན་དགོས།* བཀའ་ཁྲིམས་ལྔ་པ་ནས་བཅུ་པའི་བར་གྱི་དོན་ནི་ངེད་རྣམས་ཀྱིས་མི་གཞན་ལ་ཇི་ལྟར་བྱེད་དགོས་པའི་སྐོར་རེད། གཙོ་བོ་ཡེ་ཤུས་གང་གསུངས་པ་བཞིན་དུ་དེའི་དོན་ང་ཚོས་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་འཛིན་དགོས།* བཀའ་ཁྲིམས་རེ་རེ་བཞིན་དུ་ངེད་རྣམས་ཀྱིས་གང་ཞིག་བྱེད་དགོས་ལ། བྱ་བ་དེ་ནི་ངེད་རྣམས་ཀྱི་འགན་འཁྲིའམ། འོས་འགན་ཡིན། ང་ཚོས་བྱེད་མི་ཆོག་པའི་བྱ་བའང་ཡོད་ལ། བྱ་བ་དེ་རྣམས་ནི་སྡིག་ཉེས་ཡིན། ང་ཚོས་སྡིག་ཉེས་མི་བྱེད་པར་དཀོན་མཆོག་ཐུགས་མཉེས་པའི་ཆེད་དུ་ཁོང་གིས་བཀའ་ཁྲིམས་འདི་ཚོ་ང་ཚོར་གནང་བྱུང༌། གཤམ་གསལ་གྱི་བཀའ་ཁྲིམས་བཅུ་སྲུང་བའི་སྒོ་ནས་ང་ཚོས་སྡིག་ཉེས་ལ་འཛེམས་པ་མ་ཟད། དཀོན་མཆོག་ཐུགས་དགྱེས་པར་འགྱུར།
1.3 十诫中的前四条诫命告诉我们该如何敬拜神。主耶稣说,前四条诫命意味着我们要尽心、尽意、尽力爱主我们的神(马可福音12:30)。其余六条诫命则告诉我们应该如何在他人面前行事。主耶稣说,这些诫命让我们爱人如己(马可福音12:31)。每一条诫命都告诉我们所应当做的事。这是我们的责任。还有一些不能做的事,这些事被称为罪。神赐下十诫,好让我们知道该如何讨他的喜悦,不去犯罪。遵行十诫,我们将免于犯罪,得神的喜悦。
2.1 བླ་ན་མེད་པའི་དཀོན་མཆོགཁྱད་དུ་འཕགས་པ་ཡིན། ཁོང་གིས་འཛམ་གླིང་འདི་དང་དེར་ཡོད་པ་ཐམས་ཅད་བཀོད་པར་མཛད། ཁོང་ག་ས་ག་ལ་བཞུགས་ཏེ་མི་དང་གནས་ལུགས་ཐམས་ཅད་གཟིགས་པས་ཀུན་མཁྱེན་ཡིན། ཁོང་ནི་གང་ལ་ཡང་མི་རྟེན་ཞིང༌། དམ་པ་དང༌། སྡིག་ཉེསལས་ཡོངས་སུ་འབྲལ་བ་ཡིན། ཁོང་ནི་དབང་ཀུན་དང་ལྡན་པའི་དཀོན་མཆོག་ཡིན། དབང་ཀུན་དང་ལྡན་པའི་དཀོན་མཆོག་གཉིས་ཡོད་མི་སྲིད་པས། ཡ་ཝེ་དཀོན་མཆོག་གཅིག་པོ་དཀོན་མཆོག་ཡིན།* དཀོན་མཆོག་གཅིག་རང་ཡིན་པས། ང་ཚོས་ཁོང་གཅིག་པོར་བསྙེན་བཀུར་ཞུ་དགོས། ང་ཚོས་ཁོང་གི་བཀའ་ལ་ཡིད་ཆེས་ཏེ། ཁོང་ལ་བཀའ་དྲིན་ཆེ་ཞུ། བསྟོད་བསྔགས་བྱེད། སྨོན་ལམའདེབས། ཁོང་གི་བཀའ་སྲུང༌། ཁོང་གིས་སྔོན་དུ་ང་ཚོར་བྱམས་པར་མཛད་པས་ངེད་ཀྱིས་ཀྱང་ཁོང་ལ་བརྩེ་དགོས། དེ་ལྟར་བྱས་ན་དཀོན་མཆོག་གིས་ང་ཚོར་བྱིན་རླབས་གནང་བར་འགྱུར།
2.1 神非常伟大。他创造了整个世界及其中一切所有。他无所不在,他看透人心,知晓万物。他无需所依,他脱离了罪恶,全然圣洁。神是全能的。不可能存在两个全能的神,耶和华神是独一的主。(马可福音12:28-29)只有一位神,我们要单单敬拜他。我们相信他的话语,赞美他,感谢他,向他祷告,遵行他的旨意。我们爱他,因为他爱了我们。如果我们这样行,神就会赐给我们祝福。
2.2 མི་ཁ་ཤས་ཀྱིས་དཀོན་མཆོག་མེད་ཅེས་ཟེར། འོན་ཀྱང་དམ་པའི་གསུང་རབཀྱི་གསུང་མགུར་ཞེས་ཟེར་བའི་མདོ་ལྟར་ན། གླེན་པས་སེམས་ནང་དཀོན་མཆོག་མེད་ཅེས་ཟེར།* དཀོན་མཆོག་གིས་འཛམ་གླིང་འདི་བཀོད་པར་མཛད་པས་ཁོང་ཡིན་པར་ངེད་རྣམས་ཀྱིས་ཤེས། དམ་པའི་གསུང་རབ་སྟེ་རང་ཉིད་ཀྱི་བཀའ་བརྒྱུད་ནས་ཁོང་གིས་ངེད་རྣམས་ལ་གསུངས། ང་ཚོ་སྡིག་ཉེས་ལས་ཐར་ར་མཛད་པའི་ཕྱིར་ཉིད་ཀྱིས་སྲས་གཙོ་བོཡེ་ཤུམཱ་ཤི་འཛམ་གླིང་འདིར་མངགས། ཁོང་གིས་ངེད་རྣམས་ལ་དམ་པའི་ཐུགས་ཉིདགནང་བྱུང༌། སྨོན་ལམ་འདེབས་པའི་སྒོ་ནས་ང་ཚོས་ཉིན་ལྟར་ཁོང་ལ་ཞུ། གཙོ་བོ་ཡེ་ཤུ་ལ་དད་མཁན་ཐམས་ཅད་ཀྱིས་དཀོན་མཆོག་ཡིན་པར་ཤེས། དེས་མ་ཟད་དཀོན་མཆོག་ཡིན་པར་སྟོན་པའི་མཚན་ཉིད་རིག་པའི་ར་སྤྲོད་ཀྱང་ཡོད།
2.2 有人说没有神。圣经却说: “愚昧人心里说,'没有神'”。我们知道神是存在的,因为他创造了世界。他通过圣经对我们说话。他差派他的儿子主耶稣基督,将我们从罪恶中拯救出来。他赐下圣灵给我们。每一天,我们都通过祷告与神说话。所有相信主耶稣的人都知道神确实存在。一些哲学也证明了这一点。
2.3 མི་གཞན་གྱིས་དཀོན་མཆོག་མ་ཡིན་པ་རྣམས་ལ་རྟེན། དཔེར་ན་ཧམ་སེམས་པས་ནོར་ལ་རྟེན། རང་གི་མི་ཚེ་འདི་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་གཏོང་མི་ཐུབ་ཀྱང༌། ང་རྒྱལ་ཅན་གྱིས་རང་ལ་རྟེན་ཚུལ་བྱེད།* མོ་པ་དང༌། ཡང་ན་སྔགས་པའི་སར་འགྲོ་མཁན་རྣམས་ཀྱིས་གདོན་འདྲེ་ལ་རྟེན། ང་ཚོས་དཀོན་མཆོག་ཕུད་གཞན་གང་ཡང་ལ་བརྟེན་ན་རང་མགོ་རང་གིས་སྐོར་ཏེ་སྡིག་ཉེས་བྱེད་པ་ཡིན། ངེད་རྣམས་ཀྱིས་དཀོན་མཆོག་ཁོ་ནར་ང་ཚོའི་ཡིད་ཆེས་བྱེད་པ་འོས་མཁན་ཡིན། དེའི་ཕྱིར་དཀོན་མཆོག་གིས་ང་རང་ནི་ཁྱོད་ཚོའི་གཙོ་བོ་དཀོན་མཆོགཡིན་ཏེ། ང་རང་མ་གཏོགས་གཞན་གང་ལའང་ཁྱོད་ཚོས་བསྟེན་མི་ཆོག་ལ་དད་པའང་བྱེད་མི་ཆོག་ཅེས་གསུངས་སོ། །
2.3 不信的人依靠神以外的其他事物。例如,贪婪的人依靠金钱。骄傲的人试图依靠自己,虽然他不能使自己的寿数多加一刻(路加福音12:25)。去找算命师或萨满的人依靠邪灵。我们若依靠或相信神以外的人或物,我们就是在自欺,在犯罪。只有神配得我们的信靠。因此,神说:“我是主你的神。你不可依靠或相信别的神。”
3.1 ང་ཚོས་གང་ཡང་མཐོང་སྲིད་པ་རྣམས་ལས་དཀོན་མཆོགནི་ཁྱད་དུ་འཕགས་པའོ། དཔེ་དང༌། ཡང་ན་གཟུགས་བརྙན་གང་ཡང་གིས་ཁོང་རྩ་བ་ནས་མཚོན་མི་ཐུབ། གཙོ་བོཡེ་ཤུགཅིག་པུས་དཀོན་མཆོག་གི་ངོ་བོ་ཡང་དག་པར་མཚོན།* ངེད་རྣམས་ཀྱིས་དད་ལྡན་གཞན་རྣམས་དང་མཉམ་དུ་སྨོན་ལམའདེབས་པ་དང༌། དམ་པའི་གསུང་རབཀློག་པའི་སྒོ་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད། གཟུགས་བརྙན་ནམ་སྐུ་འདྲ་ལ་སོགས་དགོས་པ་མེད།
3.1 神比我们所见过的任何事物都要伟大。神比我们所见过或能想到的任何事物都要伟大。没有偶像能够表明他。只有主耶稣能够完全地代表他(希伯来书1:3)。我们通过和其他信徒一起祷告读经来敬拜神,无需通过任何偶像来敬拜他。
3.2 དུས་རབས་མང་པོའི་སྔོན་ལ། དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ལ་བཀའ་ཁྲིམས་བཅུ་གནང་བའི་སྐབས། དཀོན་མཆོག་མཚོན་པའི་ཆེད་དུ་ཁོ་ཚོས་གསེར་གྱིས་བཟོས་པའི་བེའུ་ཡི་སྐུ་འདྲ་ཞིག་བཟོས། སྐུ་འདྲ་དེ་བཟོ་བ་ནི་དཀོན་མཆོག་ལ་སྐུར་བ་བཏབ་པ་ཡིན། ལུང་སྟོན་མོ་ཤེཡིས་དེ་མཐོང་སྟེ་མེ་ལ་བསྲེགས་ནས་ཕྱེ་མར་བཏགས་ཏེ་ཆུར་བཏབ་པ་དང༌། ཁོ་རྣམས་ལ་ཆད་པ་གཏོང་བའི་ཕྱིར་ཆུ་དེ་ཡ་ཧུ་དཱ་པ་རྣམས་ལ་འཐུང་དུ་བཅུག* སྐུ་འདྲ་བཟོ་བ་ནི་སྡིག་ཉེསཆེན་པོ་ཞིག་ཡིན་པས་དཀོན་མཆོག་གིས་ཡ་ཧུ་དཱ་པ་རྣམས་ལ་ཆད་པ་མཛད། གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་རྣམས་ཀྱིས་ནང་ལ་ཡོད་པའི་སྐུ་འདྲ་ཐམས་ཅད་དབྱུག་དགོས། དེ་ལྟར་བྱས་ན་དཀོན་མཆོག་གིས་ཁོ་ཚོར་བྱིན་རླབས་གནང་བར་འགྱུར་ངེས་ཡིན།
3.2 很久以前,神赐给犹以色列人十诫以先,他们铸了一只金牛犊来代替神。铸造这个偶像是对神的亵渎。当先知摩西看到这一情景,用火焚烧它,磨得粉碎,撒在水面上,叫以色列人喝(出埃及记32:20)。铸造这个偶像是一桩大罪,神因此惩罚了众百姓。主耶稣的信徒必须清除掉家中所有的偶像。他们若这样做,将得着神的祝福。
3.3 མི་རྣམས་ཀྱིས་སྐུ་འདྲ་བསྟེན་པའི་རྒྱུ་མཚན་ནི་བསོད་ནམས་བསགས་པའི་ཆེད་དུ་དང༌། མི་ཚེ་རིང་པོའམ། དཔལ་འབྱོར་རམ་ཡང་ན། རང་ཉིད་ལ་ཕན་པ་གཞན་གང་ཞིག་འཐོབ་པའི་ཕྱིར་ཁོ་རྣམས་ཀྱིས་དེ་ཚོ་ལ་ཕྱག་འཚལ་བ་དང༌། ཡང་ན་མཆོད་པ་ཕུལ། འོན་ཏེ་མི་སུས་ཀྱང་དཀོན་མཆོག་ལ་དེ་ལྟར་བྱེད་མི་སྲིད། སྐུ་འདྲ་དང་དེའི་ནང་གི་ལྷ་དཀོན་མཆོག་ལས་རྩ་བ་ནས་མིན། དཀོན་མཆོག་གི་མདུན་དུ་ལྷ་དང་སྐུ་འདྲ་སོགས་ལ་ནུས་མཐུ་ཅིའང་མེད། དམ་པའི་གསུང་རབ་ལྟར་ན།
ངེད་ཀྱི་དཀོན་མཆོག་ནམ་མཁར་བཞུགས། །
ཁོང་གི་ཐུགས་ལ་ཅི་དགྱེས་མཛད། །
དེ་ཚོའི་སྐུ་འདྲ་གསེར་དང་ནི། །
དངུལ་ཡིན་མི་ཡི་ལག་ལས་བཟོས། །
ཁ་ནི་ཡོད་ཀྱང་གཏམ་མི་ལབ། །
མིག་ནི་ཡོད་ཀྱང་མཐོང་མི་ཐུབ། །
རྣ་བ་ཡོད་ཀྱང་ཐོས་མི་སྲིད། །
སྣ་ནི་ཡོད་ཀྱང་སྣོམ་མི་བྱེད། །
ལག་པ་ཡོད་ཀྱང་རེག་མི་ཐུབ། །
རྐང་པ་ཡོད་ཀྱང་མི་འགྲུལ་ལོ། །
གྲེ་བའི་ནང་ནས་སྐད་མི་འཐོན། །
ལྷ་བཟོ་བ་དང་དེ་ཚོ་ལ། །
བློ་གཏད་བཅོས་མཁན་ཐམས་ཅད་ནི། །
དེ་རྣམས་འདྲ་བར་འགྱུར་བ་ཡིན། །*
3.3 人们之所以依靠偶像,是因为他们想要积德。他们向偶像祈求或供奉是为了获得长寿、金钱或其他利益。但是,没有人会向神如此行。这些偶像与灵都不是从神来的。在神面前,这些邪灵毫无能力。正如圣经所说,我们的神在天上;都随自己的意旨行事。他们的偶像是金的银的,是人手所造的。有口却不能言,有眼却不能看,有耳却不能听,有鼻却不能闻,有手却不能摸,有脚却不能走,有喉咙也不能出声;造他的要和他一样,凡靠他的也要如此(诗篇115:3-8.ESV)。
3.4 ལུང་སྟོན་པ་ཡེ་ཤ་ཡཱཡིས་ཤིང་བཟོ་མཁན་སྐོར་གྱི་སྒྲུང་ཞིག་གསུངས། ཤིང་བཟོ་མཁན་དེས་སྡོང་དུམ་ཞིག་སོག་ལེ་བརྒྱབ་ནས་གཉིས་སུ་བཟོས། ཁ་ལག་བཟོ་བའི་ཕྱིར་ཕྱེད་ཀ་མེ་ལ་བསྲེགས་པ་དང༌། ཕྱེད་ཀ་འདྲ་བརྙན་བཟོ་པའི་ཕྱིར་བརྐོས། འདྲ་བརྙན་དེ་ལ་ཕྱག་བཙལ་ནས་དེ་ལ། ཁྱེད་ནི་ངའི་ལྷ་ཡིན་པས་ང་ལ་སྐྱོབ་ཅིག་ཅེས་བཤད། ཕྱེད་ཀ་བསྲེགས་པ་དང་ཕྱེད་ཀ་ལ་ཕྱག་བཙལ། ལུང་སྟོན་པ་ཡེ་ཤ་ཡཱ་ཡིས་དེ་ལྟར་གྱི་མི་ནི་རང་མགོ་རང་གིས་སྐོར་བར་གསུངས།* སྐུ་འདྲ་རྣམས་ལ་དབང་མེད་ལ། དཀོན་མཆོག་ཡང་མཚོན་མི་ཐུབ་པས་དཀོན་མཆོག་གིས་ཁྱོད་ཀྱིས་སྐུ་འདྲ་དང༌། སྟེང་གི་ནམ་མཁའམ། འོག་གི་སའམ། ས་འོག་གི་ཆུ་ལ་ཡོད་པའི་སེམས་ཅན་གྱི་གཟུགས་བརྙན་གང་ཡང་མ་བཟོས་ཤིག དེ་དག་ལ་ཕྱག་ཀྱང་མ་འཚལ་ལ་བསྙེན་བཀུར་ཡང་མ་བྱེད་ཅིག་ཅེས་གསུངས་སོ། །
3.4 先知以赛亚曾讲过一个木匠的故事。这个木匠取了一根圆木,锯成两份。他把一份烧在火中做食物。另一份雕刻成一个偶像。他向这偶像俯伏叩拜,祷告他说:“求你拯救我,因你是我的神。”他烧掉一半,敬拜另一半。以赛亚说这人是自欺。(以赛亚书44:10-20)偶像没有能力,不能替代神。因此,神说:“不可为自己雕刻偶像,也不可作什么形象仿佛上天、下地和地底下、水中的百物。不可跪拜那些像;也不可侍奉它。”
4.1 དཀོན་མཆོགགི་མཚན་གྱིས་ཉིད་ཀྱི་རང་གཤིས་མཚོན། གསུང་མགུར་ཞེས་པའི་མདོ་བཞིན་དུ་དཀོན་མཆོག་གི་མཚན་གྱིས་ཉིད་ཀྱི་དྲང་བ་ཉིད།* དམ་པ།* བྱམས་པ།* ཐར་* གཟི་བརྗིད།* བཅས་མཚོན། དེའི་ཕྱིར་མི་རྣམས་ཀྱིས་དཀོན་མཆོག་གི་མཚན་གཅེས་པ་དང༌།* དཀོན་མཆོག་གི་མཚན་ལ་བསྟོད་བསྔགས་བྱེད་པ་དང༌།* དཀོན་མཆོག་གི་མཚན་ལ་བཀའ་དྲིན་ཆེ་ཞུ་སྲིད།* དཀོན་མཆོག་གི་མཚན་ལ་བརྩི་བཀུར་བྱེད་པ་ནི་དཀོན་མཆོག་གི་རང་གཤིས་ལ་བརྩི་བཀུར་བྱེད་པ་དེ་ཡིན། ང་ཚོས་དཀོན་མཆོག་གི་མཚན་བཀུར་སྟིས་བརྗོད་ལ། སྤྱོད་ལམ་གྱི་སྒོ་ནས་ཁོང་ལ་བརྩི་བཀུར་བྱས་ན་དེས་ཁོང་གི་གཟི་བརྗིད་སྤེལ།* གལ་ཏེ་ངེད་རྣམས་ཀྱིས་དཀོན་མཆོག་ལ་དད་པ་བྱེད་ཅེས་ཟེར་ཡང་རྫུན་བཤད་པ་དང༌། ཡང་ན་ལོག་གཡེམ་མམ། སྔགས་རྒྱག་པ་ལ་སོགས་པའི་སྡིག་ཉེསབྱས་ན། གཙོ་བོ་དཀོན་མཆོགགི་མཚན་དོན་མེད་དུ་སྤྱོད། དཀོན་མཆོག་གིས་ཉིད་ཀྱི་མཚན་ལོག་པར་བརྗོད་པའམ།* དཀོན་མཆོག་གི་དམ་པའི་ཐུགས་ཉིདལ་སྐུར་བ་འདེབས་མཁན་ཆད་པ་མཛད་པར་འགྱུར་ངེས་ཡིན།* དཀོན་མཆོག་གི་མཚན་དམ་པ་ཡིན་པས་ཁོང་གིས་དོན་མེད་གང་བྱུང་དུ་ཁྱོད་ཚོའི་གཙོ་བོ་དཀོན་མཆོག་གི་མཚན་མ་སྤྱོད་ཅིག་ཅེས་གསུངས་སོ། །
4.1 神的名表明了他的属性。诗篇记载,神的名表明了他的公义(诗篇89:15-16),圣洁(诗篇99:3),慈爱(诗篇138:2),救恩(诗篇96:2)和荣耀(诗篇148:13)。因此人人能够爱神的名(诗篇5:11),赞美神的名(约珥书2:26),或称赞神的名(诗篇54:6)。尊重神的名就是尊重他的属性。如果我们用敬畏的心说神的名,用行为尊重他的属性,就是荣耀他(哥罗西书3:17)。倘若我们口里说相信他,却又说谎、犯奸淫;抑或我们在迷信或行巫术时使用神的名,那我们就是妄称神的名。神会惩罚滥用他名的人(出埃及记20:7)或说话干犯圣灵的人(马太福音12:32,马可福音3:29,路加福音12:10)。因为他的名是圣洁的:“神说,不可妄称耶和华你神的名。”
5.1 དཀོན་མཆོགགིས་ཉིན་དྲུག་རིང་འཛམ་གླིང་འདི་བཀོད་པར་མཛད། ཉིན་བདུན་པར་ཁོང་ངལ་གསོས་ནས་བཞུགས། དཀོན་མཆོག་གིས་ཉི་མ་བདུན་པ་དེ་དམིགས་བསལ་གྱི་ཉིན་མོར་བྱིན་གྱིས་བརླབས།* དེའི་ཕྱིར་ཉི་མ་བདུན་པ་ལ་ང་ཚོས་ནང་མི་དང་བཅས་པར་རྒྱུན་གྱི་ལས་ཀའམ་སློབ་སྦྱོང་སོགས་བཞག་སྟེ་དད་ལྡན་གཞན་རྣམས་དང་འདུས་ནས་དཀོན་མཆོག་ལ་བསྙེན་བཀུར་བྱེད་ལ། ཁོང་གི་བཀའ་ལ་ཉན་ཞིང༌། སྨོན་ལམའདེབས། གཅིག་གིས་གཅིག་ལ་མི་གཞན་ལ་ལས་བཟང་པོ་བྱེད་པར་སྐུལ། གཙོ་བོཡེ་ཤུའཆི་བ་ནས་སླར་གསོན་པོར་གྱུར་བ་ནས་བཟུང་དཀོན་མཆོག་གི་ངལ་གསོ་བའི་ཉིན་མོནི་གཟའ་ཉི་མ་ཡིན། ཉིན་མོ་དེར་ལས་ཀ་མི་བྱེད་པའི་དོན་ནི་ཐར་འཐོབ་པའི་ཕྱིར་ང་ཚོས་ལས་ཀ་མི་བྱེད་པའམ། དགེ་བ་མི་གསོག དུས་ཀྱི་མཐའ་མར་ང་ཚོས་དཀོན་མཆོག་གི་མདུན་དུ་རྟག་པར་ངལ་གསོས་ནས་གནས་པར་འགྱུར། ངལ་གསོ་བའི་ཉིན་མོ་ནི་དཀོན་མཆོག་གིས་ང་ཚོ་ལ་གནང་བའི་བྱིན་རླབས་ཤིག་ཡིན་པས་དཀོན་མཆོག་གིས་ངལ་གསོ་བའི་ཉིན་མོ་དྲན་ཏེ་དམ་པར་སྲུངས་ཤིག ཉིན་དྲུག་གི་རིང་དུ་ལས་ཀ་བྱེད་ཆོག་ཀྱང༌། ཉིན་བདུན་པ་ནི་ཁྱོད་ཚོའི་གཙོ་བོ་དཀོན་མཆོགགི་ངལ་གསོའི་ཉིན་མོ་ཡིན་པས། གང་གིས་ཀྱང་ལས་ཀ་བྱེད་མི་ཆོག་ཅེས་གསུངས་སོ། །
5.1 神在六日之内创造了世界。第七日便安息。神赐福给第七日,定为圣日(创世纪2:2-3)。因此,在第七日,我们和我们的家人应当将日常工作或学习搁置一边,与其他信徒聚在一起来敬拜神,聆听他的话语,向神祷告,鼓励彼此行善。因为星期天是主耶稣复活的日子,是神歇息的日子。这天不作工,是为了表明我们不需要通过工作或积德获得拯救。最后的日子,我们将永远安息在神的面前。安息日是神赐给我们的祝福,因此神命令我们:当纪念安息日,守为圣日。六日要劳碌作你一切的工,但第七日是向耶和华你神当守的安息日;无论何工不可作。
6.1 སྒྲུང་གཏམ་ལྟར་སྔ་མོར་ནགས་ཚལ་ཞིག་ལ་གླང་པོ་ཆེ་དང༌། རི་བོང༌། སྤྲེའུ། བྱ་བཅས་ཡོད་ལ། མཐུན་པའི་སྤུན་བཞི་པོ་ཚོས་གཅིག་གིས་གཅིག་ལ་བཀུར་སྟི་བྱེད་པར་འདོད། ཤིང་སྡོང་གི་རྩར་སླེབས་ནས་གླང་པོ་ཆེས་ཤིང་འདི་ཐོག་མར་མཐོང་སྐབས་རིང་ཚད་ངའི་ལུས་དང་འདྲ་བ་འདུག་ཅེས་བཤད། སྤྲེའུ་ཡིས་ངས་ཤིང་འདི་ཐོག་མར་མཐོང་སྐབས་ངའི་ལུས་དང་མཉམ་པ་ཙམ་འདུག་ཅེས་སྨྲས། རི་བོང་གིས་ཤིང་སྡོང་འདི་ཆུང་ཆུང་ཡོད་དུས་ངས་དེའི་ལོ་མ་ལས་ཟིལ་མ་བལྡགས། བྱ་དེས་ཤིང་འདིའི་རྩ་བ་ས་འོག་ལ་ཡོད་དུས་ངས་རྟུག་པ་བོར་བ་ལས་སྐྱེས་ཞེས་བཤད། དེ་ལྟར་སེམས་ཅན་དེ་ཚོས་རྒན་གཞོན་གྱི་རིམ་པ་ཤེས་པས་གཞོན་པས་རྒན་པ་ལ་བཀུར་སྟི་བྱས་ཤིང༌། དེ་རྣམས་མཐུན་པར་གནས། མི་རྣམས་ཀྱིས་དཀོན་མཆོགལ་བཀུར་སྟི་བྱེད་པའི་སྒོ་ནས་གཅིག་དང་གཅིག་མཐུན་ནས་སྡོད་སྲིད། གལ་ཏེ་ང་ཚོས་དཀོན་མཆོག་ལ་བཀུར་སྟི་བྱས་ན་རྒན་པོ་དང་ཕ་མ་རྣམས་ལའང་བཀུར་སྟི་བྱེད། ཕ་མ་ལ་བཀུར་སྟི་མི་བྱས་ན་དཀོན་མཆོག་ལ་བཀུར་སྟི་མི་བྱེད། ང་ཚོ་ཆུང་དུས་ནས་ཕ་མ་གཉིས་ཀྱིས་ངེད་རྣམས་ལ་བྱམས་སྐྱོང་བྱས་པ་དང༌། ཁོ་ཚོའི་དྲིན་ལན་འཇལ་བ་ནི་དཀོན་མཆོག་ཐུགས་དགྱེས།
6.1 有这样一个古老的故事,一片森林里住着一头大象,一只兔子,一只猴子和一只小鸟。四个朋友和睦相处,他们想要彼此尊重。于是来到一棵树前面,大象说:“我第一次看到这棵树时,它和我一般高。”猴子说:“我第一次看到这棵树时,它几乎和我的身体一般高。”兔子说:“我第一次看到这棵树时,舔了它树叶上掉下来的露珠。”小鸟说:“这棵树还没长起来时,我就开始给它施肥,它就慢慢地长大了。”这样,动物们知道了彼此的年龄,年少的尊重年长的。这则故事中的动物们通过彼此尊重而和睦相处。在人类生活中,我们只有尊重神才能彼此和睦。尊重神,就会尊重父母及长辈。不尊重父母,就是不尊重神。在我们孩提时,父母就养育我们,照顾我们,我们回报他们是神所喜悦的。
6.2 གཙོ་བོཡེ་ཤུལ་དད་མཁན་གྱི་ཁྱིམ་ཚང་ནང་ཕ་མས་ཕྲུ་གུ་རྣམས་ལ་ཇི་ལྟར་དཀོན་མཆོག་གི་བཀའཀློག་པ་དང༌། སྨོན་ལམའདེབས་པར་སློབ། ཕྲུ་གུས་ཕ་མ་གཉིས་ལ་ཇི་ལྟར་བཀུར་སྟི་བྱེད་པ་སློབ། སྐུ་ཚབཔའུ་ལུས་ཕ་མ་གཉིས་ལ་བརྩི་བཀུར་བྱེད་མཁན་རྣམས་ནི་ས་ལ་ཚེ་རིང་བར་འགྱུར་ཞེས་བྲིས།* དཀོན་མཆོག་གིས་ཕ་མ་མ་ཟད། རྒན་པོ་དང་དབང་ལྡན་རྣམས་ལ་བཀུར་སྟི་བྱེད་དགོས་པའི་བཀའ་གནང༌།* ཕྲུ་གུ་རྣམས་ཀྱིས་ཕ་མ་ལ་བཀུར་སྟི་བྱེད་པ་དཀོན་མཆོག་ཐུགས་དགྱེས་པས་ཁོང་གིས་ཁྱོད་ཀྱིས་ཕ་མ་གཉིས་ལ་བཀུར་སྟི་བྱེད་ཅིག་ཅེས་གསུངས་སོ། །
6.2 在一个基督徒家庭中,父母教导孩子如何读神的话语,如何祷告。孩子则学习如何顺从自己的父母。使徒保罗教导说,那些孝敬父母的人,能够得福,在世长寿(以弗所书6:2-4)。神命令我们不仅要尊重父母,还要顺服掌权者和长辈(罗马书13:1-2)。神要孩子们孝敬他们的父母和长辈,因此他说:“当孝敬父母。”
7.1 དཀོན་མཆོགགིས་ཉིད་ཀྱི་དཔེ་རུ་བྱས་ཏེ་མི་རྣམས་བཟོ་བར་མཛད།* ཁོང་གི་བཀའ་ལྟར་ངེད་རྣམས་ཀྱིས་ཡིད་མཐུན་ཏེ་མཉམ་དུ་ཞི་བདེར་གནས་པ་མ་ཟད། ང་ཚོའི་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་དགོས།* དེའི་ཕྱིར་མི་གསོད་མི་ཆོག མི་གསོད་པའི་རྒྱུ་མཚན་ནི་སྡང་སེམས་དང༌། དགྲ་ཤ་ལེན་པར་འདོད་པ། ཁོང་ཁྲོ་བཅས་ཡོད། ང་ཚོས་ཁྱིམ་མཚེས་ལ་སྡང་བའམ། དགྲ་ཤ་ལེན་མི་ཆོག གཙོ་བོཡེ་ཤུས་ཁོང་ཁྲོ་ནི་མི་གསོད་པའི་རྒྱུ་རྐྱེན་ཞིག་ཡིན་ལ། སྤུན་ཟླ་ལ་ཁྲོ་མཁན་ལ་ཁྲིམས་གཅོད་འཕོག་ངེས་ཡིན་པར་བསྟན། ཐ་ན་སྤུན་ལ་དམའ་འབེབས་གཏོང་མཁན་དམྱལ་ཁམསལ་འགྲོ་ཉེན་ཡོད།* སྐུ་ཚབཡོ་ཧ་ནནགྱིས་སུས་ཀྱང་སྤུན་ཟླར་སྡང་བ་དེ་ནི་སྲོག་གཅོད་མཁན་ཡིན། ཡང་སྲོག་གཅོད་མཁན་སུ་ལའང་དཔག་ཏུ་མེད་པའི་ཚེམི་གནས་པ་ཁྱེད་ཚོས་ཤེས་ཞེས་བྲིས།*
7.1 神照着自己的形象造人(创世纪1:26a)。神不仅命令我们要彼此和睦(哥林多后书13:11),而且让我们爱人如己(利未记19:18)。因此,禁止杀人。杀人的原因有仇恨,报复和发怒。我们不应该恨我们的邻居或伺机复仇。主耶稣教导说,发怒是杀人之根,凡向弟兄动怒的,难免受审判。甚至辱骂弟兄的,难免地狱的审判(马太福音5:21-22)。使徒约翰写到:“凡恨他弟兄的,就是杀人的。你们晓得凡杀人的,没有永生存在他里面。”(约翰1书3:15)
7.2 ཁོང་ཁྲོ་མེད་ནའང་མི་གཞན་གྱི་སྲོག་གཅོད་མི་ཆོག ཕྲུ་གུ་དམར་འབྱར་ཡང་ཚེ་སྲོག་དང་ལྡན་པ་ཡིན་པས་སྐྱེ་བའི་སྔོན་ལ་ཡང་ན་རྗེས་སུ་གསོད་མི་ཆོག ང་ཚོའི་གཟུགས་པོ་དཀོན་མཆོག་གིས་གནང་བ་ཡིན་པས་རང་ལའང་གནོད་འཚེ་གཏོང་བའམ་གསོད་མི་ཆོག དེའི་ཕྱིར་མངལ་འདོན་པ་དང༌། ཕྲུ་གུ་དམར་འབྱར། རང་སྲོག་གཅོད་པ་སོགས་མི་ཆོག དཀོན་མཆོག་གིས་རང་དང་འདྲ་བར་བརྩེ་དགོས་ཞེས་གསུངས་པས་ཁོང་གིས་ཁྱོད་ཀྱིས་མི་མ་གསོད་ཅིག་ཅེས་པའི་བཀའ་གནང་ངོ༌། །
7.2 即使不发怒,我们也不能杀人。因为婴儿和孩童都有神的形象,他们不应当在出生前或出生后被杀。我们也不应自杀或自残,因为我们的身体是神的礼物。因此,严禁流产,杀害婴儿或孩童,自杀。神告诉我们要爱人如己,因此他命令说:“不可杀人。”
8.1 ཐོག་མར་དཀོན་མཆོག་གི་མི་རྣམསནི་ཕོ་དང་མོར་བཀོད་པར་མཛད།* ཁོང་གིས་ངེད་རྣམས་ཀྱི་གཟུགས་པོ་བཀོད་པས་དེ་ཚོ་ཁོང་ལ་གཏོགས། དེའི་ཕྱིར་དཀོན་མཆོག་གི་བཀའབཞིན་དུ་ཆང་ས་ནི་སྐྱེས་པ་གཅིག་དང་བུད་མེད་གཅིག་མཉམ་དུ་འབྲེལ་བ་ཞིག་ཡིན།* དཀོན་མཆོགགིས་ལོག་གཡེམ་བྱེད་མཁན་རྣམས་ལ་ཆད་པ་མཛད་ངེས་ཡིན།* གཙོ་བོཡེ་ཤུས་སུས་ཀྱང་འདོད་ཆགས་སྐྱེས་ཏེ་བུད་མེད་གཅིག་ལ་བལྟས་ན་རང་གི་སེམས་ལ་ཁོ་མོ་མཉམ་དུ་ལོག་གཡེམ་བྱས་ཟིན་ཞེས་གསུངས།* ལོག་གཡེམ་མཚོན་པའི་པར་རིས་སམ། དེབ། གློག་ཀླད་ལ་སོགས་ལྟ་མི་ཆོག སྐུ་ཚབཔའུ་ལུས་སྤྱོད་པ་ངན་པ་རྣམས་སྤངསནས་སེམས་མ་བསྒྱུར་ན། ལོག་གཡེམ་བྱེད་པའམ། ཕོ་གཉིས་མཉམ་དུ་སྤྱོད་པ་རྣམས་དཀོན་མཆོག་གི་རྒྱལ་སྲིདལ་འཛུལ་མི་སྲིད་ཅེས་བྲིས།* དད་ལྡན་རྣམས་ཀྱི་ལུས་ནི་མཱ་ཤི་འི་སྐུ་གཟུགས་ཀྱི་ཡན་ལག་ཡིན་པས་སྨད་འཚོང་མའི་ཡན་ལག་ལ་སྦྱོར་མི་ཆོག* ངེད་རྣམས་ཀྱིས་ལོག་གཡེམ་སྤངས་དགོས་པ་མ་ཟད།* བཟའ་ཟླ་མ་གཏོགས་མི་གཞན་སུའང་དང་མཉམ་དུ་འདུ་མི་ཆོག ལོག་གཡེམ་བྱེད་པའི་དད་ལྡན་ཡིན་ཞེས་ཟེར་མཁན་དང་འགྲོགས་མི་ཆོག་ལ། ཁ་ལག་ཀྱང་ཟ་མི་ཆོག* གལ་ཏེ་ལོག་གཡེམ་བྱས་ཟིན་པ་རྣམས་ཀྱིས་སྤྱོད་པ་ངན་པ་སྤངསཏེ་སེམས་བསྒྱུར་ནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་ན། ཁོང་གིས་ཁོ་ཚོའི་སྡིག་ཉེསསེལ་ངེས་རེད། ངེད་རྣམས་ཀྱི་གཟུགས་པོ་དཀོན་མཆོག་ལ་གཏོགས་པས་ཁོང་གིས་ལོག་གཡེམ་མ་བྱེད་ཅིག་ཅེས་བཀའ་གནང་ངོ༌། །
8.1 神造男造女(创世纪1:27)。他创造了我们的身体,我们的身体是属神的。因此,神命令说婚姻只存在于一男一女之间(创世纪2:24)。苟合行淫的人,神必要审判(希伯来书13:4)。主耶稣说:“......我告诉你们说,凡看见妇女就动淫念的,这人心里已经与她犯奸淫了。”(马太福音5:28)我们不应该看与淫秽相关的书籍、图片或网站。使徒保罗说无论是奸淫的、作娈童的、亲男色的,若不悔改自己的罪,都不能承受神的国(哥林多前书6:9-10) 。相反,我们要逃避淫行(哥林多前书6:18)。我们只能与我们的妻子或丈夫发生性关系,除此以外,别无他人。我们不应该与自称为基督徒却又行淫乱的人相交(哥林多前书5:11)。那些已经行淫的人若悔改自己的罪,相信主耶稣,神就会饶恕他们的罪。我们的身体是属神的,所以他命令我们:“不可奸淫。”
9.1 དཀོན་མཆོགགིས་ང་ཚོར་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་བཟུང་དགོས་པའི་བཀའ་གནང༌། དེའི་ཕྱིར་ཁྱིམ་མཚེས་ཀྱི་དངུལ་ལམ་རྒྱུ་ནོར་སོགས་མ་རྐུ་བར་ངེད་རྣམས་ཀྱིས་ཁྱིམ་མཚེས་ལ་རོགས་པ་བྱེད་དགོས། ཚོང་ལས་བྱེད་སྐབས་ང་ཚོ་དྲང་པོ་ཡིན་དགོས། མ་བྱིན་པར་ལེན་པའམ། ཇག་པ་རྒྱག་པའམ། མགོ་སྐོར་གཏོང་བའམ། ཁྲམ་པ་བྱེད་པའམ། བུ་ལོན་མ་འཇལ་བ་ལ་སོགས་པའི་ཉེས་པ་བྱེད་མི་ཆོག ལྐོག་རྔན་སྟེར་བའམ་ལེན་མི་ཆོག སྒེར་གྱིས་ཧམ་གཉེར་བྱེད་པ་དང༌། གཞན་གྱི་རྒྱུ་ནོར་འཕྲོ་བརླག་གཏོང་མི་ཆོག
9.1 神命令我们爱人如己。我们应当帮助我们的邻居,不偷窃他的财物来伤害他。做生意时,我们必须诚信。不要偷盗、抢劫、欺瞒、诈骗或欠债。不要收受贿赂。不要为自己的益处去管理他人的财产或滥用别人的财富。
9.2 གཙོ་བོཡེ་ཤུས་ཁྱིམ་བདག་ཅིག་གི་སྒྲུང་གསུངས་པར། ཁྱིམ་བདག་དེས་ཕར་ཕྱིན་པའི་སྔོན་ལ་གཉེར་པ་ཞིག་ལ་དབང་ཆ་སྤྲད། འོན་ཀྱང་གཉེར་པ་དེས་ཁྱིམ་བདག་ལོག་ཡོང་བའི་དུས་ཚོད་འགྱང་བར་བསམས་ཏེ་གཡོག་པོ་དང་གཡོག་མོ་བརྡུངས་པ་དང་ཟ་འཐུང་བྱས་ནས་ར་བཟི་བར་གྱུར། གཉེར་པས་མི་སེམས་པའི་ཉི་མ་དང༌། མི་ཤེས་པའི་དུས་ཚོད་ལ་ཁྱིམ་བདག་དེ་ཚུར་སླེབས། གཙོ་བོ་ཡེ་ཤུས་ཁྱིམ་བདག་དེས་གཉེར་པ་དེ་དུམ་བུར་བཅད་ནས་དད་པ་མེད་པའི་མི་དང་ལྷན་དུ་གནས་སུ་འཇུག་ངེས་ཡིན།* དཀོན་མཆོག་གིས་ངེད་རྣམས་ལ་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་བཟུང་དགོས་པའི་བཀའ་གནང་བས་ཁོང་གིས་རྐུ་མ་མ་བརྐུ་ཞིག་ཅེས་གསུངས་སོ། །
9.2 主耶稣讲了一个关于主人的故事。主人出行前,派一个管家管理仆人。但管家想:“我的主人必来得迟”,就动手打仆人,并且用主人的财富吃喝醉酒。在他想不到的日子,不知道的时辰,主人回来了。主耶稣说主人必重重处治这邪恶的管家,定他和不忠心的人同罪。(路加福音12:42-46)。神命令我们爱人如己,因此他说:“不可偷盗。”
10.1 དཀོན་མཆོགནི་རྟག་ཏུ་བདེན་པའོ།* གལ་སྲིད་ངེད་རྣམས་ཀྱིས་ཡབ་དཀོན་མཆོག་ལ་དད་པ་བྱས་ན་ང་ཚོའང་བདེན་པ་ཡིན་དགོས་ལ་ཕན་ཚུན་ལ་རྫུན་གཏམ་མི་ཤོད།* དེ་བས་ན་ང་ཚོས་བདེན་གཏམ་བཤད་དེ་གང་བཤད་པ་ལྟར་བྱེད་དགོས། དཀོན་མཆོག་གིས་ང་ཚོས་གང་བྱེད་པ་ཐམས་ཅད་གཟིགས་པས་རྫུན་བཤད་ན་ཁོང་གིས་མཁྱེན། རྫུན་ཤོད་པ་དེ་ནི་དཀོན་མཆོག་གི་བཀའལ་མི་ཉན་པ་དང༌། སྡིག་ཉེསཡིན། རྫུན་ཤོད་པ་ལས་གནོད་པ་ཆེན་པོ་འབྱུང་སྲིད།
10.1 神是真实的(罗马书3:4)。我们若相信我们的天父,就必须真实(哥罗西书3:9),不要彼此说谎。这意味着我们必须说实话,言出必行。神看得到我们的行为,知道我们的谎言。说谎是违背神,是犯罪,会带来许多的伤害。
10.2 སྔོན་མ་སྔོན་མ་གཙང་རྒྱལ་རྩེ་རྫོང་ལ་ལུག་རྫི་སྤེན་པ་ཟེར་མཁན་གཅིག་ཡོད། ཉིན་ལྟར་ཁོ་ལུག་འཚོ་བར་རིའི་སྟེང་དུ་འགྲོ་གི་ཡོད། ཉི་མ་གཅིག་ཁོ་ལུག་འཚོ་དུས་ལུག་རྫི་གཞན་རྣམས་ལ། སྤྱང་ཀི་སླེབས་བྱུང༌། སྤྱང་ཀི་སླེབས་བྱུང༌། མགྱོགས་པོ་སྤྱང་ཀི་གསོད་པར་ཤོག་ཅེས་བོས། ལུག་རྫི་གཞན་རྣམས་ཀྱིས་ལག་པ་ལ་རྡོ་དང་མེ་མདའ་འཁྱེར་ཏེ་སྤེན་པ་ལ་རོགས་པ་བྱེད་པར་ཡོང༌། འོན་ཀྱང་སྤེན་པའི་འགྲམ་ལ་སླེབས་ནས་ཁོ་ཚོས་སྤེན་པ་གད་མོ་ཤོར་ཏེ་བསྡད་པར་མཐོང༌། མགོ་སྐོར་བཏང་བ་ཤེས་པས་ཁོ་རྣམས་སོ་སོའི་ལས་ཀ་བྱེད་པར་ལོག་ཕྱིན། ཉིན་ཁ་ཤས་རྗེས་སུ་སྤེན་པའི་ལུག་ཡོད་སར་སྤྱང་ཀི་དངོས་གནས་སླེབས་པས་ཁོས་ཡང་བསྐྱར་སྤྱང་ཀི་སླེབས་བྱུང༌། སྤྱང་ཀི་སླེབས་བྱུང་ཞེས་སྐད་བརྒྱབ། འོན་ཀྱང་ལུག་རྫི་གཞན་རྣམས་ཀྱིས་སྤེན་པས་ཡང་བསྐྱར་ཀྱག་བརྫུན་བཤད་ཀྱི་འདུག་བསམས་ནས་མ་ཕྱིན། དེའི་ཕྱིར་སྤེན་པའི་ལུག་མང་པོ་སྤྱང་ཀིས་ཟས་པ་མ་ཟད། དཀའ་ངལ་ཡང་ཞེ་དྲག་བྱུང༌།
10.2 很久以前,在Gyantse境内,有一个牧羊人,名叫Pemba。他每天都会去山上放羊。有一天,他在放羊时对着其他牧羊人大喊:“狼来了!狼来了!快来打狼!”其他牧羊人急忙拿着石头和枪杆冲过来帮助Pemba。他们来了以后,Pemba坐在那里哈哈大笑。他们意识到自己被骗,就各自回去放羊了。几天以后,真的有一只狼到Pemba的羊群里来了。Pemba再次对其他牧羊人呼喊:“狼来了!狼来了!”但其他牧羊人以为Pemba又在撒谎,就没有来。狼咬死了Pemba许多羊,Pemba损失惨重。
10.3 རྫུན་ཤོད་པ་ནི་རང་གཞན་གཉིས་ལ་གནོད་པ་བྱེད་པ་ཡིན། གཙོ་བོཡེ་ཤུས་རྫུན་ཤོད་མཁན་ནི་བདུད་སཱ་ཏནགྱི་བུ་ལྟར་ཡིན་པར་གསུངས། བདུད་སཱ་ཏན་ནི་རྫུན་གཏམ་ཤོད་མཁན་ཡིན་ཏེ། རྫུན་གྱི་ཕ་ཡང་ཡིན།* གདོན་འདྲེ་དང་ལྷ་རྣམས་ཀྱིས་རྫུན་གཏམ་ཤོད།* རྫུན་གཏམ་ཤོད་མཁན་རྣམས་དཀོན་མཆོག་གི་རྒྱལ་སྲིདདུ་འཛུལ་མི་སྲིད།* གཏམ་ཤོད་དུས་གཟབ་གཟབ་བྱེད་དགོས། སྐུ་ཚབཡ་ཀོབཀྱིས་ལྕེ་ནི་ལུས་ཀྱི་ཡན་ལག་ཆུང་ཆུང་ཞིག་ཡིན་ཡང་དོན་ཆེན་གྱི་སྐོར་འུད་ཤོབ་བྱེད། མེ་ཆུང་ངུ་ཞིག་གིས་ཅི་ལྟར་ཆེ་བའི་ཤིང་ནགས་སྲེག ཡང་ལྕེ་ནི་མེ་སྟེ། ང་ཚོའི་ཡན་ལག་གི་ནང་ནས་ལྕེ་དེས་དྲང་པོ་མེད་པའི་འཇིག་རྟེན་མཚོན། དེས་ལུས་ཧྲིལ་པོ་མི་གཙང་བར་བྱེད་ཅིང༌། མི་ཚེའི་འཁོར་ཆ་ཚང་སྤར་བ་དང༌། དམྱལ་ཁམསཀྱིས་མེ་ཡིན་པའི་ལྕེ་སྤར་རོ། མིའི་རིགས་ཀྱིས་གཅན་གཟན་དང༌། བྱ་བྱིའུ། ལྟོ་བགྲོད། རྒྱ་མཚོའི་སྲོག་ཆགས་རིགས་ཀུན་འདུལ་བར་བྱེད་ཅིང༌། བཏུལ་ཟིན་ཀྱང༌། སུས་ཀྱང་ལྕེ་འདུལ་མི་ཐུབ། དེ་ནི་མི་བརྟན་པ་དང་ངན་པ་ཡིན་ཏེ། སྲོག་ལེན་དུག་ཆུ་ཡིས་གང་ཞེས་གསུངས།*
10.3 谎言伤人害己。主耶稣说撒谎的人是出于他们的父魔鬼。魔鬼是撒谎的,是谎言之父(约翰福音8:44)。魔鬼和灵撒谎(列王记上22:22-23;历代志下18:21-22).那些说谎言的将被关在神国之外(启示录22:15)。我们必须小心自己的言语。使徒雅各说:“舌头在百体里也是最小的,却能说大话。看哪,最小的火能点着最大的树林。舌头就是火,在我们百体中,是个罪恶的世界,能污秽全身,也能把生命的轮子点起来,并且是从地狱里点着的。各类的走兽、飞禽、昆虫、水族,本来都可以制伏,也已经被人制伏了;唯独舌头没有人能制伏,是不止息的恶物,满了害死人的毒气。”(雅各书3:5b-8)
10.4 རྫུན་སྤངས་བདེན་འཛིན་བྱེད་ཅེས་པའི་གཏམ་དཔེ་བདེན་པ་ཡིན། འཇིག་རྟེན་འདིར་རྫུན་ཤོད་མཁན་མང་པོ་ཡོད། ངེད་རྣམས་ཀྱིས་རྫུན་གཏམ་སྤངས་ནས་བདེན་གཏམ་ཁོ་ན་ཤོད་དགོས།* དཀོན་མཆོག་བདེན་པ་ཡིན་པས་ཁོང་གིས་ངེད་རྣམས་ལ་གཞན་ལ་རྫུན་གྱི་དཔང་པོ་མ་བྱེད་ཅིག་ཅེས་བཀའ་གནང་ངོ༌། །
10.4 箴言说“弃绝谎言,持守真理”,确实如此。这个世上有许多说谎的人。我们应该弃绝所有的谎言,只说诚实话(以弗所书4:14)。神是真实的,他命令我们“不可作假见证陷害人。”
11.1 བཀའ་ཁྲིམས་འདི་ལྟར་ངེད་རྣམས་ཀྱིས་མི་གཞན་གྱི་རྒྱུ་ནོར་ལ་ཧམ་སེམས་བྱེད་མི་ཆོག མི་ཁ་ཤས་ཀྱིས་ཁྱིམ་མཚེས་ཀྱི་དངུལ་ལམ། གཡག་གམ། ཆུང་མ་ལ་ཧམ་སེམས་བྱེད། དེ་ནི་དཀོན་མཆོག་གི་བཀའདང་འགལ་བ་ཡིན། མི་གཅིག་གིས་ཧམ་སེམས་བྱེད་དེ་མི་གཞན་གྱི་ནོར་བརྐུས་ན་རང་ལ་ཡོད་པའང་ཤོར་སྲིད། སྔོན་མ་ཁྱི་གཅིག་གིས་ཤ་རྡོག་གཅིག་ཁ་ལ་འཁྱེར་ཏེ་ཟམ་པའི་སྒང་ལ་ཕྱིན། ཁྱི་དེས་རང་གི་གཟུགས་བརྙན་ཆུའི་ནང་ནས་མཐོང་སྐབས་ཆུའི་ནང་གི་ཁྱི་དེའི་ཤ་རྡོག་གཅིག་པོ་དེ་ང་ལ་བྱུང་ན་ཤ་རྡོག་གཉིས་ཡོང་བར་བསམས། ཁྱི་དེས་ལམ་སེང་ཁ་གདངས་ནས་ཆུའི་ནང་ལ་མཆོངས་པ་དང༌། ཁའི་ནང་གི་ཤ་རྡོག་དེ་ཆུ་ལ་ཟགས་པ་མ་ཟད་ཆུ་ནང་གི་ཤ་རྡོག་དེ་མ་རྙེད་པས། ཁ་སྟོང་ལག་སྟོང་ལ་འགྲོ་དགོས་བྱུང་བ་རེད།
11.1 这条诫命告诉我们不要贪恋属于他人的东西。有些人想要邻居的金钱、牛犊甚至妻子。这是错误的,违背了神的诫命。人若贪恋、偷取他人之物,就很可能连自己所有的也要失去。曾经,有一条狗正在过桥,它嘴里叼着一块肉。当狗看到自己在水中的倒影时,心里想:“如果能得到那条狗口里的肉,那我就有两块肉了。”它张开口,跳进水里。它口里的肉掉入水中,又找不到在水里看到的那块肉,只能空口而归了。
11.2 ཧམ་སེམས་ཀྱིས་ང་ཚོ་ལ་གནོད་པ་བྱེད་པ་མ་ཟད། དཀོན་མཆོགལ་འཕྱ་སྨོད་ཀྱང་བྱེད། གལ་ཏེ་ངེད་རྣམས་ཀྱིས་ཁོང་གི་བཀའ་ལ་ཡིད་ཆེས་བྱས་ན་དཀོན་མཆོག་གིས་ངེད་རྣམས་ལ་གང་དགོས་པ་ཚང་མ་གནང་བར་འགྱུར་བའི་ཞལ་ཆད་གནང༌། གཙོ་བོཡེ་ཤུས་ཁོང་གི་ཉེ་གནསརྣམས་ལ། མི་ཚེའི་ཕྱིར་ཟས་གང་ཞིག་ཟ་རྒྱུ་དང༌། ལུས་ཀྱི་ཕྱིར་གོས་གང་ཞིག་གྱོན་པ་སེམས་ཁྲལ་མ་བྱེད་ཅིག གང་ལགས་ཟེར་ན། མི་ཚེ་ནི་ཟས་དང༌། ལུས་པོ་གྱོན་ཆས་དེ་གཉིས་ལས་ལྷག་པ་ཡོད་དོ། ཕོ་རོག་ལ་ལྟོས་ཤིག དེ་ཚོས་ས་བོན་མི་འདེབས་ལ། ལོ་ཏོག་ཡང་མི་རྔ༌། དེ་ཚོར་མཛོད་ཁང་ངམ་བང་མཛོད་མེད་ཀྱང༌། དཀོན་མཆོག་གིས་དེ་ཚོར་ཟས་གནང༌། ཁྱེད་ཚོ་བྱ་རྣམས་ལས་ཇི་ཙམ་གྱི་གལ་ཆེའོ། ཁྱེད་ཚོ་ལས་སུ་ཞིག་གིས་སེམས་ཁྲལ་བྱེད་པའི་ངང་ནས་མི་ཚེ་འདི་ལ་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་གཏོང་ཐུབ་བམ། དེ་ལྟར་དོན་ཆུང་འདི་ཡང་བྱེད་མི་ཐུབ་ན། དོན་གཞན་ལ་ཅིའི་ཕྱིར་སེམས་ཁྲལ་བྱེད། སྟག་གཟིག་མེ་ཏོག་ཇི་ལྟར་སྐྱེ་བར་ལྟོས་ཤིག དེ་ཚོས་ལས་ཀ་མི་བྱེད་ཅིང་བལ་ཡང་མི་འཁལ། ངས་ཁྱེད་ཚོ་ལ་ཟེར་རྒྱུར། རྒྱལ་པོ་སོ་ལོ་མོནགཟི་བརྗིད་དང་ལྡན་པ་ཡིན་ཡང༌། ཁོང་གི་རྒྱན་གོས་དེ་ཚོ་ལས་གཅིག་ལའང་འགྲན་མི་ཐུབ། གལ་ཏེ་དཀོན་མཆོག་གིས་ཞིང་གི་རྩྭ་དེ་རིང་སྐྱེ་སྟེ་སང་ཉིན་ཐབ་ལ་འཕེན་རྒྱུ་ཡིན་པ་དེ་ལྟར་གཡོག་པར་མཛད་ན། ཁོང་གིས་དེ་བས་ཀྱང་ཁྱོད་དད་ཆུང་བ་རྣམས་ལ་གཡོག་པ་གནང་བར་བྱའམ། ཅི་ཟ་དང་ཅི་འཐུང་མ་འཚོལ་ཞིང་སེམས་ཁྲལ་མ་བྱེད། རྒྱུ་མཚན་ནི་ཡ་ཧུ་དཱ་པ་མ་ཡིན་པ་རྣམས་ཀྱིས་དེ་ཚོ་ཚང་མ་འཚོལ། ཁྱོད་ཀྱི་ཡབ་ཀྱིས་ཁྱོད་ཚོ་ལ་དེ་རྣམས་དགོས་པ་མཁྱེན།* དཀོན་མཆོག་གིས་བྱ་བྱེའུ་ཡང་སྐྱོང་བར་མཛད། ངེད་རྣམས་ཀྱི་དོན་ལ་གང་མཆོག་ཡིན་པར་མཁྱེན། དཀོན་མཆོག་གིས་ངེད་རྣམས་ལ་གང་དགོས་པ་གནང་བར་འགྱུར་བར་དད་པ་བྱེད་པའི་སྒོ་ནས་ང་ཚོ་ཆོག་ཤེས་བྱེད་པར་འགྱུར།* ང་ཚོའི་ཡབ་དཀོན་མཆོག་གིས་ངེད་རྣམས་ལ་གང་དགོས་པ་གནང་བར་འགྱུར་བས་ཁོང་གིས་མི་གཞན་གྱི་ཁང་པ་ལ་ཧམ་སེམས་བྱེད་མི་ཆོག་ཅིང༌། གཞན་གྱི་ཆུང་མ་དང༌། གཡོག་པོ། གཡོག་མོ། བ་གླང་དང༌། དེ་ལྟར་མི་ལ་ཡོད་པ་ཐམས་ཅད་ལ་ཧམ་སེམས་བྱེད་མི་ཆོག་ཅེས་པའི་བཀའ་གནང་ངོ༌། །
11.2 贪恋不仅对我们有害处,而且羞辱神。神应许说,倘若我们跟从他,遵循他旨意,他就将一切所需的赐给我们。主耶稣对他的门徒说:“不要为生命忧虑吃什么,为身体忧虑穿什么;因为生命胜于饮食,身体胜于衣裳。你想,乌鸦也不种,也不收,又没有仓,又没有库,神尚且养活它。你们比飞鸟是何等地贵重呢!你们哪一个能用思虑使寿数多加一刻呢?这最小的事你们尚且不能作,为什么还忧虑其余的事呢?你想,百合花怎么长起来?它也不劳苦,也不纺线。然而我告诉你们:就是所罗门极荣华的时候,他所穿戴的,还不如这花一朵呢!你们这小心的人哪,野地里的草今天还在,明天就丢在炉里,神还给它这样的妆饰,何况你们呢!你们不要求吃什么,喝什么,也不要挂心。这都是外邦人所求的。你们必须用这些东西,你们的父是知道的。”(路加福音12:22-30)神看顾最小的鸟儿和植物。他知道什么是对我们最好的。相信神会赐给我们所需要的,我们就能得满足。父神会赐给我们一切的所需,因此,他命令我们:“不可贪恋人的房屋;也不可贪恋人的妻子、仆婢、牛驴,并他一切所有的。”
12.1 ཉིན་ཞིག་ཆོས་ཁྲིམས་ལ་མཁས་པའི་མིཞིག་འོངས་ནས་གཙོ་བོཡེ་ཤུལ་བཀའ་ཁྲིམས་ཀྱི་ནང་ནས་གལ་ཆེ་ཤོས་གང་ཡིན་ཞེས་བཀའ་འདྲི་ཞུས། དེའི་ལན་དུ་ཡེ་ཤུས་གལ་ཆེ་ཤོས་དང་པོ་ནི། ཀྱེ། ངའི་མི་རིགས་ཡི་སི་ར་ཨེལཉོན་ཅིག གཙོ་བོ་དཀོན་མཆོགནི་ང་ཚོའི་གཙོ་བོ་གཅིག་རང་ཡིན། རང་གིས་གཙོ་བོ་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་ཟུངས་ཤིག གཉིས་པ་ནི། ཁྱེད་རང་གིས་ཁྱིམ་མཚེས་ལ་རང་དང་འདྲ་བར་བརྩེ་བར་ཟུངས་ཤིག འདི་གཉིས་ལས་གལ་ཆེ་བའི་བཀའ་ཁྲིམས་གཞན་མེད་ཅེས་གསུངས།*
12.1 一天,有一位文士来到主耶稣面前问道:“诫命中哪是第一要紧的呢?”耶稣回答说:“第一要紧的,就是说:'以色列啊,你要听,主我们神,是独一的主。你要尽心、尽性、尽意、尽力爱主你的神。'”(马克福音12:28-31)。
12.2 བཀའ་ཁྲིམས་བཅུ་ངེད་རྣམས་ལ་གནང་བའི་སྒོ་ནས་དཀོན་མཆོགགིས་ངེད་རྣམས་ལ་བྱམས་སྐྱོང་མཛད་པ་བསྟན་པར་མཛད། ང་ཚོ་ཚང་མས་དཀོན་མཆོག་གི་ཆོས་ཁྲིམསདང་འགལ་ནས་སྡིག་ཉེསབྱས་པ་ཡིན། དེའི་ཆད་པ་ནི་འཆི་བ་དང༌། དཀོན་མཆོག་དང་ཁ་བྲལ་བ་ཡིན། འོན་ཀྱང་སྐུ་ཚབཔའུ་ལུས་ངེད་རྣམས་ད་དུང་སྡིག་ཉེས་ཅན་ཡིན་པའི་དུས་སུ། མཱ་ཤི་ང་ཚོའི་དོན་དུ་སྐུ་སྲོག་བཏང་གནང་བའི་སྒོ་ནས་དཀོན་མཆོག་ཉིད་ཀྱི་བྱམས་པ་ཇི་ཙམ་ཡོད་པ་ངེད་རྣམས་ལ་བསྟན་པར་མཛད་ཅེས་བྲིས།* ང་ཚོའི་སྡིག་པ་སེལ་བའི་ཕྱིར་གཙོ་བོ་ཡེ་ཤུ་ཉིད་ཀྱིས་དེའི་ཆད་པ་མྱོང༌། དེའི་རྐྱེན་གྱིས་ང་ཚོ་ལ་དཀོན་མཆོག་དང་འབྲེལ་བ་ཡང་དག་པ་ཞིག་འཐོབ་སྲིད། སྡིག་ཉེས་གཏན་ནས་མ་བྱེད་མཁན་གཅིག་པོ་ནི་གཙོ་བོ་ཡེ་ཤུ་ཡིན། ཁོང་གིས་དཀོན་མཆོག་གི་བཀའཡང་དག་པར་བསྲུངས་ཀྱང༌། ང་ཚོའི་སྡིག་ཉེས་ཀྱི་དོན་དུ་ང་ཚོའི་ཚབ་ལ་གྲོངས། སྐུ་ཚབ་པའུ་ལུས་གལ་ཏེ་ཁྱེད་ཀྱིས་ཁ་ཡིས་ཡེ་ཤུ་གཙོ་བོ་ཡིན་པ་ཁས་ལེན་བྱས་ཤིང༌། སེམས་ཀྱིས་ཀྱང་དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་ར་མཛད་པ་དེ་ལ་དད་པ་བྱས་ན། ཁྱེད་ངེས་པར་ཐར་ར་འགྱུར་རོ་ཞེས་བྲིས།* ཁྱེད་ཀྱིས་ད་ལྟའང་དེ་ལྟར་བྱེད་སྲིད། ཁྱེད་ཀྱིས་དཀོན་མཆོག་གི་བཀའ་བཅུ་སློབ་ཅིང་སྲུང་དུས་དཀོན་མཆོག་དང་འབྲེལ་བ་ཉེ་པོ་དང་ལྡན་པར་འགྱུར་ལ། ཁོང་གི་སྲས་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང་འདྲ་བར་འགྱུར་བར་ཤོག ། ། །
12.2 神赐给我们十诫命,表明了他对我们的慈爱与看顾。我们所有的人都违背了神的律法,犯了罪。等待我们的惩罚将是死亡和与神隔绝。然而,使徒保罗说,当我们还是罪人的时候,神就爱了我们,耶稣为我们而死(罗马书5:8)。为了饶恕我们的罪,主耶稣自己经历了这样的惩罚。我们也因此能与神有一个正确的关系。主耶稣是唯一一个没有犯罪的人。他全然遵守神的诫命,却为我们的罪代替我们而死。正如使徒保罗所说:“你若口里认耶稣为主,心里信神叫他从死里复活,就必得救。”(罗马书10:9)现在,你就可以这样行。愿你学习和遵行神的诫命,与他更加亲近,更像他的儿子主耶稣。