༄༅། །སྐུ་ཚབ་རྣམས་ཀྱི་དམ་ཚིག་གི་འགྲེལ་བཤད་བཞུགས་སོ། །
使徒信经评述
1.1 དེང་སང་བོད་པ་མང་པོས་གཙོ་བོཡེ་ཤུའི་སྐོར་གྱི་གཏམ་ཐོས་བཞིན་ཡོད། གཙོ་བོ་ཡེ་ཤུ་ནི་ལོ་ངོ་ 2,000 སྔོན་དུ་(ཀྲུང་གོའི་ཧན་རྒྱལ་རབས་ཀྱི་དུས་སུ་) ཨེ་ཞེ་ཡཱགླིང་ཆེན་གྱི་ནུབ་ཕྱོགས་སུ་ཆགས་པའི་ཡི་སི་ར་ཨེལཡུལ་ལ་བཞུགས། ཁོང་ནི་ཉེ་གནསམང་པོ་ཡོད་པའི་སློབ་དཔོན་སྙན་གྲགས་ཆེན་པོ་ཞིག་ཡིན། ལོ་གསུམ་རིང་གཙོ་བོ་ཡེ་ཤུས་ཁོང་གི་ཉེ་གནས་ལ་ཆོས་བསྟན་གནང་ཞིང༌། འཛམ་གླིང་གི་མི་རྣམས་ལ་འཕྲིན་བཟངསྒྲོག་པའི་ཆེད་དུ་ཁོ་ཚོ་མངགས། འཕྲིན་བཟང་དེ་ནི་འདི་ལྟར་ཡིན། གལ་ཏེ་མི་རྣམས་ཀྱིས་སྤྱོད་པ་ངན་པ་སྤངསནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་ཅིང་ཁོང་གི་གསུང་ལ་ཉན་ན། ཁོ་རྣམས་ལ་དཔག་ཏུ་མེད་པའི་ཚེཐོབ་ནས་དུས་རྒྱུན་དུ་དཀོན་མཆོགདང་མཉམ་དུ་བཞུགས་པར་འགྱུར། འཕྲིན་བཟང་དེ་སྒྲོག་མཁན་རྣམས་ལ་གཙོ་བོ་ཡེ་ཤུའི་སྐུ་ཚབཅེས་ཟེར། ཁོང་རྣམས་གང་སར་ཕེབས་ནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་པའི་སྒོ་ནས་ཇི་ལྟར་དཔག་ཏུ་མེད་པའི་ཚེ་འཐོབ་པ་དེ་མི་རྣམས་ལ་བསྟན། མི་ཧ་ཅང་མང་པོས་ཁོང་ཚོའི་འཕྲིན་བཟང་ལ་ཡིད་ཆེས་བྱས་ཤིང༌། དཀོན་མཆོག་གི་བཀའལ་ཉན་ནས་ཁོ་རྣམས་ཆོས་ཚོགས་ཞེས་ཟེར་བའི་ཚོགས་ཆུང་དུ་འཛོམས།
1.1 今天,许多藏族人听了关于主耶稣基督的故事。主耶稣生活在距今约两千年前的西亚以色列(大约相当于汉朝),是当时一位著名的夫子,拥有众多的门徒。亲自教导门徒三年以后,他将他们差派到世界各处宣讲福音。福音讲的是:如果人们远离作恶,相信主耶稣基督,听从他的教导,就能获得新生,与神同活。宣讲福音的人被称为主耶稣的“门徒”。他们每到一处,就会告诉那里的人们如何通过相信主耶稣基督获得永生。许多人相信他们所讲的,并遵守神的话语,以小组的方式在一起聚会,成为“教会”。
1.2 ཀྲུང་གོའི་ཅིན་རྒྱལ་རབས་ཀྱི་དུས་སུ་ཆོས་ཚོགས་རྣམས་ཀྱིས་སྐུ་ཚབ་ཚོའི་གསུང་མདོར་བསྡུས་ལ་བློ་འཛིན་བྱེད་བདེ་པོ་ཞིག་བཀོད། གཙོ་བོ་ཡེ་ཤུའི་སྐུ་ཚབ་རྣམས་རང་ཉིད་ཀྱིས་དེ་མ་བྲིས་ཀྱང༌། ཁོང་ཚོའི་གསུང་མདོར་བསྡུས་ཡིན་པས་དེ་ལ་སྐུ་ཚབ་རྣམས་ཀྱི་དམ་ཚིག་ཅེས་ཟེར། འཛམ་གླིང་ཡོངས་ལ་ཡོད་པའི་གཙོ་བོ་ཡེ་ཤུའི་རྗེས་སུ་འབྲང་མཁན་རྣམས་ཀྱིས་དུས་རབས་མང་པོའི་རིང་སྐུ་ཚབ་རྣམས་ཀྱི་དམ་ཚིག་དེ་ངག་ཐོག་ནས་བརྗོད་ཡོད།
1.2 晋朝时期,教会对使徒们的教导进行了概括,简单易背。尽管它不是主耶稣的门徒亲自书写的,但由于是对使徒教导的概述,因此被称为“使徒信经”。从此,使徒信经在全世界的基督徒中传诵至今。
1.3 སྐུ་ཚབ་རྣམས་ཀྱི་དམ་ཚིག་ནི་རྒྱུ་མཚན་གསུམ་གྱི་རྐྱེན་པས་དེང་སང་གལ་ཆེན་པོ་ཞིག་ཡིན། དང་པོ་ནི། གཙོ་བོ་ཡེ་ཤུའི་རྗེས་སུ་འབྲང་མཁན་རྣམས་ཀྱིས་གང་ཞིག་ལ་དད་པ་བྱེད་པའི་སྐོར་མདོར་བསྡུས་ཤིག་ཡིན། གཉིས་པ་ནི། དད་ལྡན་གསར་པ་རྣམས་གཙོ་བོ་ཡེ་ཤུ་དང་ཁོང་གི་གསུང་གི་སྐོར་ལ་སློབ་སྦྱོང་བྱེད་ཐབས་བདེ་པོ་ཞིག་ཡོད། གསུམ་པ་ནི། སྐུ་ཚབ་རྣམས་ཀྱི་དམ་ཚིག་ངག་ཐོག་ནས་ང་ཚོས་ཧན་རྒྱལ་རབས་ཀྱི་དུས་ནས་བཟུང་འཛམ་གླིང་ཡོངས་ཀྱི་ཡེ་ཤུ་ལ་དད་མཁན་རྣམས་ཀྱིས་གང་ལ་དད་ཅིང་བསྟན་པ་རྣམས་ང་ཚོས་ཡང་དད་ཅིང་སྟོན། སྐུ་ཚབ་རྣམས་ཀྱི་དམ་ཚིག་ནི་གཤམ་གསལ་ལྟར་ཡིན།
1.3 今天的信经之所以重要,其原因在于:1)它是对基督徒信仰的总括:2)它便于新信徒认识主耶稣基督并学习他的教导;3)它表明所有相信主耶稣的人都是相通的。通过念诵使徒信经,可以向世人表明,自汉代以来,我们所相信和宣讲的与世界各地的基督徒所相信和被教导的完全相同。信经的内容如下:
1.4 ང་ནི་དཀོན་མཆོག་སྟེ་དབང་ཀུན་དང་ལྡན་པའི་ཡབ་ཆེན། འཇིག་རྟེན་ཁམས་ཀྱི་འགོད་པ་པོ་ཁོང་ལ་དད་དོ། ང་ནི་ཡེ་ཤུ་མཱ་ཤི་སྟེ། དཀོན་མཆོག་གི་སྲསགཅིག་པོ། ངེད་རྣམས་ཀྱི་གཙོ་བོ་ཡིན་པ། དམ་པའི་ཐུགས་ཉིདལས་ན་ཆུང་མ་མིར་ཡམགྱི་ལྷུམས་སུ་ཞུགས་ནས་འཁྲུངས་པ། ཕོན་ཏི་ཡུ་པི་ལ་ཏུའི་དབང་འོག་ཏུ་སྡུག་བསྔལ་མྱངས་པ། རྒྱང་ཤིངསྟེང་ལ་བརྐྱངས་པ། གྲོངས་ནས་དུར་དུ་བཅུག་པ། གཤིན་པོའི་གནས་ལ་བབས་པ། ཉིན་གསུམ་པར་སླར་སྐུ་གསོན་པོར་བཞེངས་པ། དཀོན་མཆོག་གི་ཞིང་ཁམསསུ་འཕགས་ཤིང༌། ད་ལྟ་བླ་ན་མེད་པའི་ཡབ་དཀོན་མཆོག་གི་ཕྱག་གཡས་སུ་བཞུགས་པ། ཕྱིས་སུ་ཤི་གསོན་གཉིས་ཀར་ཁྲིམས་གཅོད་གནང་བར་ཕེབས་ངེས་པ་དེ་ལ་དད་དོ། ། ང་ནི་དམ་པའི་ཐུགས་ཉིད། ། ཕྱོགས་བཞི་ཀུན་ཏུ་ཡོད་པའི། ། ཡེ་ཤུའི་ཆོས་ཚོགས་དམ་པ། ། དད་ལྡན་རྣམས་ཀྱི་འགྲོགས་རོགས། ། ཉེས་སྡིག་དྲི་མ་ཀུན་སེལ། ། ཤི་ཡང་གསོན་པོར་ལང་བ། ། དཔག་ཏུ་མེད་པའི་ཚེ་སྲོག ། དེ་དག་ཀུན་ལ་དད་དོ། ། ཨ་མེན། །
1.4 我信上帝,全能的父,创造天地的主。我信我主耶稣基督,上帝的独生子;因着圣灵感孕,从童贞女玛利亚所生;在本丢彼拉多手下受难,被钉在十字架上,受死,埋葬;降在阴间;第三天从死里复活;升天,坐在全能父上帝的右边;将来必从那里降临,审判活人,死人。我信圣灵;我信圣而公之教会;我信圣灵相通;我信罪得赦免,我信身体复活,我信永生。阿门。
1.5 སྔར་སྲོལ་ལྟར་སྐུ་ཚབ་རྣམས་ཀྱི་དམ་ཚིག་ལ་ལེའུ་གསུམ་དང་རྣམ་པ་བཅུ་གཉིས་ཡོད། ལེའུ་དང་པོ་ནི་དཀོན་མཆོག་གི་སྐོར་ཡིན་ཞིང༌། ལེའུ་གཉིས་པ་ནི་གཙོ་བོ་ཡེ་ཤུ་མཱ་ཤི་ཀ ལེའུ་གསུམ་པ་དམ་པའི་ཐུགས་ཉིད་དང་མཱ་ཤི་ཀའི་ཆོས་ཚོགས་སོགས་ཀྱི་སྐོར་ཡིན་ནོ། །
1.5 传统上,信经可分为三节十二条。第一节是关于神的教导,第二节是对主耶稣基督的讲述,第三节则是关于圣灵、教会以及其他的事情。
2.1 དམ་པའི་གསུང་རབཀྱི་མདོ་ལ་བཀོད་པ་ལྟར་ན། འཇིག་རྟེན་ཁམས་འདི་ལྟར་བྱུང༌། ཐོག་མར་དཀོན་མཆོགགིས་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་གསར་དུ་བཀོད་གནང་བ་རེད། ཡང་ས་ནི་དབྱིབས་མེད་སྟོང་པ་ཡིན་པ་དང༌། རྒྱ་མཚོ་ཆེན་པོའི་སྟེང་ལ་མུན་ནག་ཡིན་ཞིང་དཀོན་མཆོག་གི་དགོངས་པ་ནི་རྒྱ་མཚོའི་སྟེང་རླུང་ལྟར་རྒྱུ་བཞིན་ཡོད་དོ། དེ་ཡང་དཀོན་མཆོག་གིས་འོད་འབྱུང་ཞིག་ཅེས་གསུངས་པས། འོད་བྱུང་ངོ༌། དཀོན་མཆོག་གིས་འོད་དེ་ལེགས་པ་ཡིན་པར་གཟིགས་ཏེ་མུན་པ་ལས་འོད་དབྱེ་བ་ཕྱེ། དཀོན་མཆོག་གིས་འོད་ཀྱི་མིང་ལ་ཉིན་མོ་ཞེས་བཏགས། མུན་པའི་མིང་ལ་མཚན་མོ་ཞེས་བཏགས། མཚན་མོ་དང་ཉིན་མོ་བྱུང་བ་དེ་ནི་ཉི་མ་དང་པོའོ། །*
2.1 据圣经记载,世界是这样开始的:起初,神创造天地。地面空虚混沌,渊面黑暗;神的灵运行在水面上。神说:“要有光”,就有了光。神看光是好的,就把光暗分开了。神称光为昼,称暗为夜。有晚上,有早晨,这是头一日。(创世记1:1-5)
2.2 ལོ་རྒྱུས་འདི་ལ་བརྟེན་ནས་ངེད་རྣམས་ཀྱིས་དཀོན་མཆོག་གིས་འཛམ་གླིང་འདི་དང་དེར་ཡོད་པ་ཐམས་ཅད་བཀོད་གནང་བར་ཤེས། དེ་ནི་སྐུ་ཚབརྣམས་ཀྱི་དམ་ཚིག་གི་རྣམ་པ་དང་པོའི་གླེང་གཞི་ཡིན།
2.2 从这个故事,我们知道神创造了天地及其中所有的。这是信经第一条的主题。
2.3 སྐུ་ཚབརྣམས་ཀྱི་དམ་ཚིག་གི་རྣམ་པ་དང་པོ་ཡིས་དཀོན་མཆོགགི་སྐོར་དོན་ཚན་བཞི་བཏོན། དང་པོ་ནི། དཀོན་མཆོག་ཡིན། གཉིས་པ་ནི། དཀོན་མཆོག་ནི་ཡབ་དང་འདྲ་བ་ཡིན། གསུམ་པ་ནི། དཀོན་མཆོག་དབང་ཀུན་དང་ལྡན་པ་ཞིག་ཡིན། བཞི་པ་ནི། དུས་ཀྱི་ཐོག་མར་ཁོང་གིས་ཡོད་དོ་ཅོག་བཀོད་པར་མཛད།
2.3 信经第一条断言了神的四件事:1)他是存在的;2)他像一位父亲;3)他是全能的;4)起初,他创造了一切。
2.4 དཀོན་མཆོག་ཡིན་ནོ། དཀོན་མཆོག་ནི་འཇིག་རྟེན་ཁམས་ཀྱི་བླ་ན་མེད་པའི་དབང་མཛད་པ་པོ་ཡིན།* ཁོང་ལ་ཐོག་མཐའ་མེད།* མུ་མཐའ་མེད་པ་དང༌། འགྱུར་བ་མེད་པ་ཡིན།* ཁོང་ནི་གང་ཡོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས།* འཇིག་རྟེན་ཁམས་ལ་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་རྟེན།* དཀོན་མཆོག་མཐོང་མི་སྲིད་ཀྱང༌། དུས་རྟག་ཏུ་གང་སར་བཞུགས།* ཁོང་ནི་ཀུན་མཁྱེན་དང༌།* ངེད་རྣམས་ཀྱིས་གང་བྱེད་པ་ཐམས་ཅད་གཟིགས་མཁན་ཡིན།* ཁོང་ནི་ཡོངས་སུ་རང་དབང་ཡིན་ལ། ང་ཚོ་ནས་གང་ཡང་མི་དགོས།*
2.4 神是存在的。神是宇宙独有全能的掌管者(提摩太前书6:15)。他是起初的,也是末后的(提摩太前书1:17)。他是无限的,永不改变(雅各书1:15,玛拉基书3:6)。他是万物的起源;(创世记1:1)万物都依靠他(罗马书11:36)。尽管不能看见神,但他充满天地(耶利米书23:23-24)。他是全知的(诗篇147:5)。他深知我们一切所行(诗篇139:1-16)。他完全自由,也不用人手服侍(使徒行传17:24-25)。
2.5 དཀོན་མཆོག་གཅིག་རང་ཡིན། ཡབ་དཀོན་མཆོག སྲས་དཀོན་མཆོག དམ་པའི་ཐུགས་ཉིདདེ་དཀོན་མཆོག་གཅིག་ཡིན། ཡབ་དཀོན་མཆོག་གིས་འཇིག་རྟེན་ཁམས་འདི་བཀོད་པར་མཛད། སྲས་དཀོན་མཆོག་ནི་གཙོ་བོཡེ་ཤུམཱ་ཤི་ཡིན། ཁོང་ནི་ང་ཚོ་སྡིག་ཉེསཀྱི་ཆད་པ་ལས་ཐར་ར་མཛད་པའི་ཕྱིར་འཛམ་གླིང་འདིར་ཕེབས། དམ་པའི་ཐུགས་ཉིད་དཀོན་མཆོག་ནི་གཙོ་བོ་ཡེ་ཤུ་ལ་དད་པ་དང་ལྡན་པ་ཐམས་ཅད་ཀྱི་སེམས་ནང་བཞུགས། གསུམ་པོ་སྟེ་ཡབ་དང་སྲས་དང་དམ་པའི་ཐུགས་ཉིད་གཅིག་པ་མ་ཡིན་ཡང་ངོ་བོ་གཅིག་རང་ཡིན། དེ་ནི་ནང་པའི་ཆོས་ཀྱི་དཀོན་མཆོག་གསུམ་དང་མི་འདྲ་བ་གསལ་པོར་སྟོན། དཀོན་མཆོག་ནི་ལྷའམ། བྱང་ཆུབ་སེམས་དཔའ་མ་ཡིན། ཁོང་མུ་མཐའ་མེད་པ་ཡིན་པས་མི་རྣམས་ཀྱིས་བཟོས་པའི་སྐུ་འདྲ་དང་རྩ་བ་ནས་མི་འདྲ།*
2.5 只有一位神。圣父,圣子,圣灵都是神(马太福音25:19)。圣父创造了宇宙及其中所有的。圣子就是主耶稣基督, 他来到世上,为要救我们脱离罪的惩罚。圣灵住在每一位信徒的心中。尽管神拥有三个不同的方面:父,子,圣灵,但他们的属性相同。这一点清楚地向世人表明,神不同于佛教中的三皈依 。神不是一个偶像或菩萨。他是造物主,是人手造的偶像或形象所不能比拟的。(出埃及记20:4-5,民数记5:8-9) 。
2.6 དཀོན་མཆོག་ནི་ཡོངས་སུ་དམ་པ་དང༌། ངན་པའམ་སྡིག་ཉེས་དང་རྩ་བ་ནས་འབྲལ། དཀོན་མཆོག་གིས་ངན་པ་ལ་སྡང་བར་མཛད་ཅིང༌། རྟག་ཏུ་སྡིག་ཉེས་ཆད་པར་མཛད་ཀྱང༌།* ཐུགས་བཟོད་པ་དང༌། ཐུགས་རྗེ་ཅན། ཐུགས་བཟང་པོའང་ཡིན། སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་བ་རྣམས་ཀྱི་སྡིག་ཉེས་སེལ་ར་མཛད་པ་མ་ཟད། ཁོང་འཚོལ་མཁན་རྣམས་ལ་བྱ་དགའ་གནང་མཁན་ཡིན།* དཀོན་མཆོག་ནི་བྱམས་པའོ། །*
2.6 神全然圣洁,在他全无罪恶或罪孽。神憎恶罪恶,惩罚罪孽(出埃及记34:5-7)。但是神满有宽容、怜悯和良善。他赦免那些从罪中悔改的人,且赏赐那些寻求他的人(希伯来书11:6)。神就是爱(约翰一书4:8)。
2.7 དཀོན་མཆོག་ནི་དབང་ཀུན་དང་ལྡན་ནོ། དཀོན་མཆོག་ལ་དབང་དང༌། ནུས་མཐུ་ཡོད་དོ་ཅོག་ཡོད། ཁོང་གིས་གང་མཛད་པ་ཐམས་ཅད་ལས་དབང་ཆེ་བོ་ཡིན། ཁོང་གི་དགོངས་པ་ལྟར་ཐམས་ཅད་མཛད་ཐུབ།* དབང་དང༌། ཡང་ན་ནུས་མཐུ་ཀུན་དང་ལྡན་པ་གཅིག་ལས་མང་བ་མི་སྲིད་པས། དཀོན་མཆོག་གཅིག་རང་ཡིན།* དཀོན་མཆོག་གིས་རྟག་ཏུ་བཟང་པོ་མཛད་ཅིང༌། ངན་པ་རྩ་བ་ནས་མི་མཛད།
2.7 全能的神拥有所有的权威与权力。他比所造之物更有能力。他能够按自己的意愿做任何事情(路加福音1:37)。全能者只有一位,因此,神是独一的主(马可福音2:29)。神经常为良善的缘故使用这些权力。他从不作恶。
2.8 དཀོན་མཆོག་ནི་དད་ལྡན་རྣམས་ཀྱི་ཡབ་ཡིན་ནོ། དཀོན་མཆོག་གིས་ང་ཚོ་བཟོས་པར་མཛད།* ཡབ་དཀོན་མཆོག་ནི་སྲས་དཀོན་མཆོག་སྟེ་གཙོ་བོ་ཡེ་ཤུ་མཱ་ཤི་ཀའི་ཡབ་ཡིན།* གལ་ཏེ་ངེད་རྣམས་ཀྱིས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་ན། དཀོན་མཆོག་གི་ནང་མི་ལ་ཚུད་ཅིང༌། ཁོང་ང་ཚོའི་ཡབ་ཏུ་འགྱུར།* དེའི་ཕྱིར་དཀོན་མཆོག་གིས་ང་ཚོར་བྱམས་སྐྱོང་མཛད་ལ། ངན་པ་ནས་ཐར་བར་མཛད།*
2.8 圣父:神是那些有信仰之人的父。他创造了我们(哥林多前书8:6)。神也是主耶稣的父(约翰福音3:35)。当我们相信主耶稣时,我们就成为了神家庭中的一员,他就成为我们的父(约翰福音1:12,罗马书8:16)。这意味着神爱我们,关心我们,救我们脱离凶恶(马太福音6:13)。
2.9 དཀོན་མཆོག་ནི་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་ཀྱི་འགོད་པ་པོ་ཡིན་ནོ། རྫ་མ་བཟོ་མཁན་གྱིས་རྫ་ལས་སྣོད་ཆས་བཟོ་བ་དང༌། ཤིང་བཟོ་མཁན་གྱིས་ཤིང་ལས་ནང་ཆས་བཟོ། འོན་ཀྱང་དཀོན་མཆོག་གིས་འཛམ་གླིང་འདི་གང་ཡང་མེད་པ་ལས་བཀོད་པར་མཛད།* དཀོན་མཆོག་གིས་བོད་ཡུལ་གྱི་རི་དང་གཙང་པོ་དང༌། མཚན་མོ་ང་ཚོས་མཐོང་ཐུབ་པའི་སྐར་མའང་བཟོས་པར་མཛད། ཁོང་གིས་ང་ཚོས་མཐོང་ཐུབ་པའི་སེམས་ཅན་ཐམས་ཅད་དང༌། མཐོང་མི་ཐུབ་པའང་བཟོས་པར་མཛད། དཀོན་མཆོག་གིས་ཐོག་མར་གང་མཛད་པ་ཐམས་ཅད་བཟང་པོ་ཡིན།*
2.9 神是天地的创造主。陶匠用粘土造物,木匠用木头造物,神创造这个世界却是从无到有(约翰福音:1:3)。神创造了西藏所有的山川河流以及我们夜晚所见的众星。我们所有看到的活物,所不能看到的存在,都是神所造的。神起初所造的一切都是好的(创世记1:31)。
3.1 ཡེ་ཤུམཱ་ཤི་འི་མཚན་གྱི་སྐོར། གནའ་བོའི་དུས་སུ་དཀོན་མཆོགགིས་ཡི་སི་ར་ཨེལཡུལ་གྱི་ལུང་སྟོན་རྣམས་བརྒྱུད་ནས་རང་གི་མི་རྣམས་ལ་གསུངས། ཁོ་ཚོ་སྡིག་ཉེསལས་ཐར་ར་བྱེད་པའི་ཕྱིར་ཁོང་གིས་རྒྱལ་པོ་ཞིག་མངག་རྒྱུ་ཡིན་པར་ཞལ་ཆད་མཛད། གནའ་བོའི་ཨིབ་རི་སྐད་དུ་ཡོང་རྒྱུ་ཡིན་པའི་རྒྱལ་པོ་དེའི་མཚན་ལ་མཱ་ཤི་ཀ་ཞེས་ཟེར། དེའི་རྗེས་ལ་དུས་རབས་དང་པོའི་སྐབས་སུ་གྷི་རིག་སྐད་ནི་ཕྱི་རྒྱལ་གྱི་སྐད་དུ་གྱུར་ལ། མཱ་ཤི་ཀ་ནི་གྷི་རིག་སྐད་དུ་ཁི་རི་སི་ཐོ་ཞེས་སུ་བསྒྱུར། དམ་པའི་གསུང་རབཀྱི་ཞལ་ཆད་གསར་པ་སྤྱི་ལོ་ 1885 ལོར་ལ་དྭགས་སུ་བོད་ཡིག་ཏུ་ཐེངས་དང་པོར་བསྒྱུར་བའི་སྐབས་སུ་མཱ་ཤི་ཀ་ནི་མཱ་ཤི་ཀ་ཞེས་པའི་སྒྲ་བསྐྱུར་ཡིན། དེ་ལྟར་ན་གཙོ་བོཡེ་ཤུ་ནི་བོད་སྐད་དུ་གཙོ་བོ་ཡེ་ཤུ་མཱ་ཤི་ཀ་དང༌། ཡང་ན་གཙོ་བོ་ཡེ་ཤུ་ཁི་རི་སི་ཐོ་ཞེས་ཟེར།
3.1 耶稣基督的名。古时,神通过以色列境内的先知向他的子民说话。他应许差派一位王者将他们从罪中拯救出来。古希腊语中,这个即将到来的王被称为弥赛亚。随后,在公元一世纪,希腊成为国际语,而弥赛亚被翻译成基督。1885年,圣经首次译成藏语,该名字也被意译成为“基督”。因此,主耶稣在藏区也称为主耶稣弥赛亚或主耶稣基督。
3.2 གཙོ་བོ་ཡེ་ཤུ་འཇིག་རྟེན་འདིར་མ་འཁྲུངས་པའི་སྔོན་ལ་དཀོན་མཆོག་གིས་ཁོང་གི་ཕ་མ་གཉིས་ལ་ཕོ་ཉ་ཞིག་མངགས།*ཕོ་ཉ་དེས་ཁོ་གཉིས་ལ་སྲས་ཤིག་འཁྲུང་རྒྱུ་ཡིན། དེ་ལ་ཡེ་ཤུ་ཞེས་པའི་མཚན་གསོལ་དགོས་པར་གསུངས། གནའ་བོའི་ཨིབ་རི་སྐད་དུ་ཡེ་ཤུ་ལ་ཡོ་ཤུ་ཨ་ཞེས་ཟེར་ཞིང༌། དེའི་དོན་ནི་གཙོ་བོས་ཐར་བར་མཛད་ཅེས་པའོ། གཙོ་བོ་ཡེ་ཤུས་མི་རྣམས་སྡིག་ཉེས་ལས་ཐར་བར་མཛད་པས་དཀོན་མཆོག་གིས་ཁོང་ལ་ཡེ་ཤུ་ཞེས་པའི་མཚན་འདོགས་པར་མཛད།
3.2 主耶稣降生到这个世界以前,神差派了一位使者给他的父母报信(马太福音1:21,路加福音2:3)。使者让他们给他取名叫耶稣。古希腊语中,耶稣即约书亚,源于 “神”与“拯救”二字。神赐给他这个名字,是因为他要将百姓从罪中拯救出来。
3.3 གཙོ་བོ་ཡེ་ཤུ་ནི་དཀོན་མཆོག་གི་སྲསགཅིག་པོ་ཡིན་ནོ། དཀོན་མཆོག་ནི་གཙོ་བོ་ཡེ་ཤུའི་ཡབ་ཡིན་ལ། གཙོ་བོ་ཡེ་ཤུ་དཀོན་མཆོག་གི་སྲས་གཅིག་པོ་དེ་ཡིན།* འཇིག་རྟེན་འདི་མ་བཀོད་པའི་སྔོན་ལ་གཙོ་བོ་ཡེ་ཤུ་དཀོན་མཆོག་གི་སྲས་ཡིན།* ཁོང་གི་སྲས་ཡིན་པས་གཙོ་བོ་ཡེ་ཤུས་དཀོན་མཆོག་མཁྱེན། བུ་ཞིག་གི་རང་གི་ཕའི་ཁ་ལ་ཉན་པ་ལྟར། གཙོ་བོ་ཡེ་ཤུས་ཁོང་གི་ཡབ་དཀོན་མཆོག་གི་བཀའལ་ཉན་ཞིང༌། ཁོང་གིས་གང་གསུངས་པ་ཐམས་ཅད་སྒྲུབ་པར་མཛད།* དེའི་ཕྱིར་གཙོ་བོ་ཡེ་ཤུས་དཀོན་མཆོག་གི་ངོ་བོ་ཡང་དག་པར་མཚོན།*
3.3 主耶稣是神的独生子。神是主耶稣的父,主耶稣是他的独生子(约翰福音3:16)。早在世界以先,主耶稣就是神的儿子(约翰福音1:1)。主耶稣之所以知道神,就因为他是神的儿子。如同儿子遵从父亲一样,主耶稣遵行了他父神的一切诫命(约翰福音 5:30)。如此,主耶稣完全显明了神的属性(约翰福音:3)。
3.4 གཙོ་བོ་ཡེ་ཤུ་ནི་ང་ཚོའི་གཙོ་བོ་དང་བདག་པོ་ཡིན་ནོ། དཀོན་མཆོག་གིས་གཙོ་བོ་ཡེ་ཤུའི་སྒོ་ནས་འཛམ་གླིང་འདི་དང་དེར་ཡོད་པ་ཐམས་ཅད་བཀོད་པར་མཛད།* གཙོ་བོ་ཡེ་ཤུ་ནི་འཛམ་གླིང་འདིའི་གཙོ་བོ་ཡིན་པ་མ་ཟད། ཁོང་ལ་དད་པ་བྱེད་མཁན་ཐམས་ཅད་ཀྱི་གཙོ་བོ་ཡང་ཡིན། གཙོ་བོ་ཡེ་ཤུ་ནི་དཀོན་མཆོག་ཡིན་པས་མི་རྣམས་ཀྱིས་ཁོང་གི་གསུང་ཐམས་ཅད་ལ་ཡིད་ཆེས་བྱེད་ཅིང༌། ཁོང་གི་བཀའ་ལ་ཉན་དགོས། ཁོང་ལ་དད་པ་བྱེད་དེ་ཁོང་གི་བཀའ་ལ་ཉན་མཁན་གྱི་སྡིག་ཉེས་ནི་སེལ་ངེས་ཡིན། ཁོ་རྣམས་ཁོང་གི་སྐུ་མདུན་དུ་འདྲེན་པར་འགྱུར་ལ། ཁོང་དང་མཉམ་དུ་དུས་རྟག་ཏུ་བཞུགས་པར་འགྱུར། ཁོང་ལ་དད་པ་མི་བྱེད་དེ་ཁོང་གི་བཀའ་ལ་མི་ཉན་མཁན་གྱི་སྡིག་ཉེས་ནི་སེལ་བར་མི་འགྱུར། ཁོ་རྣམས་ཁོང་གི་སྐུ་མདུན་ནས་སྐྲོད་པར་འགྱུར་ལ། བདུད་སཱ་ཏནདང་མཉམ་དུ་དུས་རྟག་ཏུ་སྡིག་ཉེས་ཀྱི་ཆད་པ་མྱོང་བར་འགྱུར།*
3.4 主耶稣是我们的主,也是我们的主人。神通过主耶稣基督创造了世界及其中所有的(歌罗西书1:16)。他是世上万有之主,亦是所有信他之人的主。主耶稣是神,人们应当相信他,遵从他的教导。信他并遵从他教导的人,其罪必得赦免。神将会邀请他们进入他的同在,与他同活。不相信主耶稣且不遵从他教导的人,其罪必不得赦免。他们将远离神的面,并因着他们的罪与撒旦一起经受永刑(马太福音7:23)。
3.5 ཀྲུང་གོ་ཧན་རྒྱལ་རབས་ཀྱི་དུས་སུ་རོ་མཱགོང་མའི་རྒྱལ་ཁབ་ཀྱིས་ཡི་སི་ར་ཨེལཡུལ་ལ་དབང་བསྒྱུར། རོ་མཱ་པའི་དམག་དཔུང་གིས་ཡོ་རོབ་དང༌། ཨ་ཧྥེ་རི་ཀ ཨེ་ཞེ་ཡ་ནུབ་ཕྱོགས་སུ་མི་རིགས་མང་པོ་དབང་དུ་སྡུད། རོ་མཱ་པས་དར་གོས་འགྲུལ་ལམ་ཟེར་བའི་གནའ་བོའི་ཚོང་ལམ་བརྒྱུད་ནས་ཐ་ན་ཀྲུང་གོ་ལ་ཉོ་ཚོང་བྱེད་པའི་དུས་སྐབས་དེར་གཙོ་བོཡེ་ཤུའཁྲུངས།* ཁོང་གི་འཁྲུངས་ཚུལ་གཤམ་གསལ་ལྟར་ཡིན།
3.5 中国汉朝时期,以色列处于罗马帝国的统治之下。罗马军队征服了欧洲,北非以及中东的许多国家。罗马人甚至通过“丝绸之路”这条远古的贸易通道与中国进行商贸往来。(圣经简介,39页)。主耶稣正是在这一时期降生,他降生的事记在下面:
3.6 དཀོན་མཆོགགིས་ཕོ་ཉ་གེབ་རི་ཨེལ་ག་ལིལ་ཡུལགྱི་ན་ཙ་རེལཟེར་བའི་གྲོང་ཚོར་མིར་ཡམཞེས་ཟེར་བའི་གཞོན་ནུ་མའི་སར་མངགས། མིར་ཡམ་ནི་རྒྱལ་པོ་དཱ་བིདཀྱི་རྒྱུད་པ་ཡོ་སེབཀྱི་བཟའ་ཟླར་འགྱུར་བ་ཐག་གཅོད་བྱས་པ་རེད། ནང་དུ་ཕེབས་སྐབས་གེབ་རི་ཨེལ་གྱིས་ཁོ་མོར་ཐུགས་རྗེ་ཐོབ་པ་ཁྱོད་ལ་བདེ་བ་དང་ལྡན་པར་གྱུར་ཅིག གཙོ་བོ་ཁྱོད་དང་མཉམ་དུ་བཞུགས་ཞེས་གསུངས། དེ་ཐོས་ནས་མིར་ཡམ་སེམས་ཤིན་ཏུ་འཁྲུགས་ཤིང་འཚམས་འདྲི་དེ་ཅི་ལྟར་ཡིན་བསམ་ཞིབ་བྱེད་བཞིན་ཡོད། དཀོན་མཆོག་གི་ཕོ་ས་ཁོ་མོར་མིར་ཡམ། མ་འཇིགས་ཤིག དཀོན་མཆོག་ནས་ཁྱོད་ལ་ཐུགས་རྗེ་ཐོབ། ལྟོས་ཤིག ཁྱོད་མངལ་དང་ལྡན་པར་འགྱུར་ཏེ་སྲས་ཤིག་སྐྱེས་ནས་ཁྱོད་ཀྱིས་ཁོང་གི་མཚན་ལ་ཡེ་ཤུ་ཞེས་ཐོགས་ཤིག ཁོང་སྐྱེས་བུ་ཆེན་པོར་འགྱུར་ལ་བླ་ན་མེད་པའི་དཀོན་མཆོག་གི་སྲསཞེས་ཀྱང་གསོལ་བར་འགྱུར། གཙོ་བོ་དཀོན་མཆོགགིས་ཁོང་ལ་རང་གི་མེས་པོ་དཱ་བིད་ཀྱི་བཞུགས་ཁྲི་གནང་ཞིང༌། ཁོང་གིས་ཡ་ཀོབཀྱི་རྒྱུད་པར་དུས་རྒྱུན་དུ་དབང་སྒྱུར་ལ། ཁོང་གི་རྒྱལ་སྲིད་ནི་མཐའ་མེད་པའོ་ཞེས་གསུངས། མིར་ཡམ་གྱིས་ཕོ་ཉ་ལ་ང་སྐྱེས་པ་དང་འདུས་མ་མྱོང་བས་འདི་ཅི་ལྟར་སྲིད་ཅེས་ཞུས་པ་ན། ཕོ་ཉས་དམ་པའི་ཐུགས་ཉིདཁྱོད་ལ་འབབ་ཅིང་བླ་ན་མེད་པའི་དཀོན་མཆོག་གི་ནུས་མཐུ་ཁྱོད་ལ་ཁྱབ་པར་འགྱུར། དེའི་ཕྱིར་ཕྲུ་གུ་དམ་པ་དེ་ལ་དཀོན་མཆོག་གི་སྲས་ཞེས་གསོལ། ལྟོས་ཤིག ཁྱོད་ཀྱི་སྤུན་མཆེད་རྒན་མོ་ཨེ་ལི་ས་བེད་རབས་ཆད་མ་ཞེས་བྱ་བ་ཡིན་ཀྱང༌། ད་ལྟ་མངལ་དུ་བུ་ཞིག་འཁོར་ནས་ཟླ་བ་དྲུག་ཡིན། གང་ཡིན་ཟེར་ན། དཀོན་མཆོག་གིས་མཛད་མི་སྲིད་པ་གང་ཡང་མེད་དོ་ཞེས་གསུངས། དེ་ནས་མིར་ཡམ་གྱིས་ང་གཙོ་བོའི་གཡོག་མོ་ཞིག་ཡིན་ཏེ་ཁྱེད་ཀྱི་བཀའ་ལྟར་ང་ལ་འབྱུང་བར་ཤོག་ཅེས་སྨྲས་ནས་ཕོ་ཉ་ཕར་ཕེབས།*
3.6 天使加百列奉神的差遣,往加利利的一座城去,这城名叫拿撒勒。到一个童女那里,是已经许配大卫家的一个人,名叫约瑟。童女的名字叫马利亚。天使进去,对她说:“蒙大恩的女子,我问你安,主和你同在了!”马利亚因这话就很惊慌,又反复思想这样问安是什么意思。天使对她说:“马利亚,不要怕!你在神面前已经蒙恩了。你要怀孕生子,可以给他起名叫耶稣。他要为大,称为至高者的儿子,主神要把他祖大卫的位给他。他要作雅各家的王,直到永远,他的国也没有穷尽。”马利亚对天使说:“我没有出嫁,怎么有这事呢?”天使回答说:“圣灵要临到你身上,至高者的能力要荫庇你,因此所要生的圣者,必称为神的儿子。况且你的亲戚伊利莎白,在年老的时候也怀了男胎,就是那素来称为不生育的,现在有孕六个月了。因为出于神的话,没有一句不带能力的。”马利亚说:“我是主的使女,情愿照你的话成就在我身上。”天使就离开她去了。(路加福音1:26-38)
3.7 དེ་ལྟར་གཙོ་བོ་ཡེ་ཤུ་ནི་དཀོན་མཆོག་གི་ནུས་མཐུའི་སྒོ་ནས་འཁྲུངས། ཁོང་གི་ཡུམ་ན་ཆུང་མ་མིར་ཡམ་ཡིན་ལ། ཁོང་གི་ཡབ་དཀོན་མཆོག་ཡིན། གཙོ་བོ་ཡེ་ཤུ་སྤྲུལ་སྐུ་མ་ཡིན། ཁོང་ལ་མིའི་རིགས་ཀྱི་ངོ་བོ་དང་དཀོན་མཆོག་གི་ངོ་བོ་གཉིས་ཀ་ཡོད་པས་ཁོང་ལ་སྡིག་ཉེསརྩ་བ་ནས་མེད།* ཁོང་གིས་ཉིད་ཀྱི་ཡབ་དཀོན་མཆོག་གི་དགོངས་པ་མཁྱེན་ནས་དུས་རྟག་ཏུ་དེ་བཞིན་དུ་བསྒྲུབས་པར་མཛད།
3.7 如此,主耶稣通过神超自然的能力降生于世。他肉身的母亲是马利亚,他天上的父亲是神。主耶稣不是一个转世喇嘛;他是完全的人,全然圣洁;(歌罗西书2:9)没有犯罪(希伯来书4:15)。他明白天父的旨意,并按神的旨意行事。
3.8 ཐོག་མར་དུས་ཚོད་མ་བྱུང་གོང་གཙོ་བོཡེ་ཤུཉིད་ཀྱི་ཡབ་དཀོན་མཆོགདང་མཉམ་དུ་བཞུགས། དེར་ཁོང་གིས་ཡབ་དང་དམ་པའི་ཐུགས་ཉིདདཀོན་མཆོག་དང་ཞི་བདེ་དང་འགྲོགས་པ་མྱོང༌། ང་ཚོ་སྡིག་ཉེསལས་ཐར་ར་མཛད་པའི་ཕྱིར་གཙོ་བོ་ཡེ་ཤུ་ནི་དཀོན་མཆོག་གི་ཞིང་ཁམསབཞག་ནས་འཛམ་གླིང་འདིར་ཕེབས། ཁོང་ལ་མིའི་གཟུགས་པོ་ཡོད་པས་ཁོང་གིས་བཀྲེས་སྐོམ་དང༌། ཐང་ཆད། ཟུག་གཟེར། མིའི་རིགས་ཀྱི་སྡུག་བསྔལ་ཐམས་ཅད་མྱོང༌།* དཀོན་མཆོག་གིས་མི་ཐམས་ཅད་ལ་བྱམས་པར་མཛད་པ་དེ་ཁོང་གིས་ཉིད་ཀྱི་ཉེ་གནསལ་བསྟན་པར་མཛད། བྱམས་པ་དེའི་རྐྱེན་གྱིས་ཡབ་དཀོན་མཆོག་གིས་ཉིད་ཀྱི་སྲས་གཙོ་བོ་ཡེ་ཤུ་འཇིག་རྟེན་འདིར་མངགས། མི་སུས་ཀྱང་དཀོན་མཆོག་གི་སྲསལ་དད་པ་བྱས་ཏེ་རང་གི་སྤྱོད་པ་ངན་པ་རྣམས་སྤངསནས་སེམས་བསྒྱུར་ན། ཁོ་ཤི་ནའང་དཀོན་མཆོག་དང་དུས་རྟག་ཏུ་བཞུགས་པར་འགྱུར་ངེས་ཡིན།* གསུང་འདི་བདེན་པ་ཡིན་པ་སྟོན་པའི་ཕྱིར་གཙོ་བོ་ཡེ་ཤུས་ངོ་མཚར་བའི་མཛད་པ་མང་པོ་བསྟན་པར་མཛད། ནད་པ་མང་པོའི་ནད་སེལ་བར་མཛད་པ་མ་ཟད། གཤིན་པོ་རྣམས་སླར་གསོན་པོར་མཛད།* ཁོང་གང་དུ་ཕེབས་ནའང་མི་ཚོགས་མང་པོ་ཁོང་གི་རྗེས་སུ་འབྲངས།*
3.8 起初,主耶稣就与神他的父同在。他与天父享有完全的安静与亲密。为了救我们脱离罪恶,主耶稣从天上降临来到世上。(腓立比书2:6-7)他道成肉身,经历了饥饿、干渴、劳累、痛苦,以及人类一切的苦难(希伯来书2:14)。他教导门徒说神爱世人。因着这种爱,神差他的独生子降世。人们只要相信神的儿子,从罪中悔改,即使死了,也与神同活(约翰福音3:16)。为了表明这个消息的真实,主耶稣行了许多神迹。他医治了许多患病的人,让死人复活(约翰福音11:1-44)。无论他去到哪里,都有许多人跟随(马太福音4:24-25)。
3.9 ཡི་སི་ར་ཨེལཡུལ་གྱི་དཔོན་རིགས་ཀྱིས་གཙོ་བོ་ཡེ་ཤུ་ལ་ཕྲག་དོག་བྱས་པས་ཁོང་འཛིན་བཟུང་བྱས།* རྒྱལ་ཚོགས་སུ་ཁྲིད་ནས་བླ་ཆེན་དང་རྒན་པོ་རྣམས་ཀྱིས་ཁོང་ལ་དཀོན་མཆོག་ལ་སྐུར་བ་འདེབས་པའི་ནག་ཉེས་བཙུགས། ཁོ་ཚོས་ཁོང་ལ་སྲོག་ཁྲིམས་གཏོང་འདོད་ཀྱང༌། རོ་མཱགོང་མའི་རྒྱལ་ཁབ་ཀྱི་ཆོག་མཆན་མེད་པར་དེ་ལྟར་བྱེད་མ་ཐུབ། དེའི་དུས་སུ་རོ་མཱ་གོང་མའི་རྒྱལ་ཁབ་ཀྱི་སྤྱི་ཁྱབ་ནི་ཕོན་ཏི་ཡུ་པི་ལ་ཏུཞེས་པ་དེ་ཡིན། ཁོས་སྤྱི་ལོ་ 26 ནས་ 36 བར་ཡི་སི་ར་ཨེལ་ཡུལ་ལ་དབང་བསྒྱུར། པི་ལ་ཏུས་གཙོ་བོ་ཡེ་ཤུ་ལ་ཉེས་སྐྱོན་ཅིའང་མ་རྙེད་པས་ཁོང་གློད་གྲོལ་གཏོང་བར་འདོད་ཀྱང༌། ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་ཁོ་ལ་ངོ་རྒོལ་བྱས། མཐའ་མར་པི་ལ་ཏུས་ཡ་ཧུ་དཱ་པའི་དཔོན་རིགས་ཀྱིས་གཙོ་བོ་ཡེ་ཤུ་རྒྱང་ཤིངསྒང་ལ་གཟེར་བརྒྱབ་པའི་སྒོ་ནས་སྲོག་ཁྲིམས་གཏོང་དུ་བཅུག དེ་ནི་གདུག་རྩུབ་ཆེ་བའི་ཆད་པ་ཡིན། གཙོ་བོ་ཡེ་ཤུ་ལ་སྡིག་ཉེས་སམ། སྐྱོན་གང་ཡང་མེད་ནའང་སྡུག་བསྔལ་མང་པོ་མྱོང༌། ཁོང་རྒྱང་ཤིང་སྟེང་ལ་གྲོངས་ནས་སྐུ་ཕུང་དུར་ཁངདུ་བཞག*
3.9 以色列的祭司长因为嫉妒把耶稣抓捕起来(马可福音15:10)。他们把他带到公会,控告他亵渎,要将他判处死刑。但没有罗马政府的允许,他们不能这样做。当时罗马官长名叫本丢彼拉多。他于公元26年至36年掌管以色列。彼拉多发现耶稣没有犯任何罪,想要释放他。但遭到犹太祭司长们的反对。最后,他同意雅户大祭司长们的意见,将耶稣钉在十字架上处以死刑。主耶稣没有犯任何罪,但他经受了巨大的苦难。他死在十字架上,身体被安放在一个坟墓中(约翰福音19:41-42)。
3.10 གཙོ་བོ་ཡེ་ཤུས་མི་ཚེ་སྐྱོན་མེད་པ་ཞིག་བསྐྱལ་བར་མཛད། འཛམ་གླིང་འདིའི་མི་རྣམས་ཀྱི་ནང་ནས་ཁོང་གཅིག་པུས་སྡིག་པ་གཅིག་ཀྱང་མ་མཛད། ཁོང་སྡུག་བསྔལ་མྱོང་ཞིང་གྲོངས་པའི་རྒྱུ་མཚན་ནི་ངེད་རྣམས་ཀྱི་སྡིག་ཉེས་ཀྱི་ཆད་པ་ང་ཚོའི་ཚབ་ལ་མྱོང་བའི་ཆེད་དུ་ཡིན། ཁོང་གིས་མི་ཞིག་གིས་རང་གི་གྲོགས་པོའི་དོན་དུ་རང་སྲོག་བཏང་ན་དེ་ནི་བྱམས་པ་རབ་ཡིན་ཞེས་གསུངས།*
3.10 主耶稣过着圣洁的生活。他是唯一一个没有犯罪的人。他之所以受难死去,是为了担当我们罪的惩罚。他说,“人为朋友舍命,人的爱心没有比这个大的。”(约翰福音15:13)。
3.11 གཙོ་བོཡེ་ཤུགྲོངས་ནས་ཉིན་གསུམ་པར་སླར་སྐུ་གསོན་པོར་བཞེངས། དམ་པའི་གསུང་རབལས་དེ་ནི་གཤམ་གསལ་ལྟར་བྱུང༌། བདུན་ཕྲག་གཅིག་གི་ཉིན་དང་པོའི་ཞོགས་པ་ཉི་མ་ཤར་ཙམ་ལ་དེ་ཚོས་གྲ་སྒྲིག་བྱས་པའི་དྲི་ཞིམ་འབྱུག་རྫས་འཁུར་ཏེ་ཁོ་ཚོ་དུར་ཁངལ་ཕྱིན་པ་དང༌། ཁ་རྡོ་དེ་བསྒྲིལ་ཚར་ཡོད་པ་མཐོང་ཡང༌། དུར་ཁང་གི་ནང་ལ་འཛུལ་སྐབས་གཙོ་བོ་ཡེ་ཤུའི་སྐུ་ཕུང་མ་མཐོང༌། དེ་བས་ཐེ་ཚོམ་བྱུང་སྐབས་མི་གཉིས་འོད་འཕྲོ་བའི་གོས་གྱོན་པ་གློ་བུར་དུ་དེ་ཚོའི་འགྲམ་ལ་མངོན་པར་གྱུར། འཇིགས་སྐྲག་སྐྱེས་ཏེ་བུད་མེད་རྣམས་མགོ་བཏུད་པ་དང༌། མི་དེ་གཉིས་ཀྱིས་ཁོ་མོ་ཚོར་གསོན་པོ་ནི་གཤིན་པོའི་ནང་ཅིའི་ཕྱིར་འཚོལ། ཁོང་འདིར་མེད་དེ་སྐུ་གསོན་པོར་བཞེངས་སོ། ཁོང་ག་ལིལ་ཡུལལ་བཞུགས་པའི་ཚེ་ཁྱོད་རྣམས་ལ། མིའི་རིགས་ཀྱི་བུསྡིག་ཉེསཅན་གྱི་ལག་ཏུ་གཏད་པ་དང༌། རྒྱང་ཤིངསྒང་ལ་བཀྲོངས་ནས་ཉིན་ཞག་གསུམ་པ་ལ་ཁོ་རང་ལང་བར་འགྱུར་ངེས་ཞེས་པའི་གསུང་དེ་དྲན་ཅིག་ཅེས་གསུངས་ནས། ཁོ་མོ་ཚོས་ཁོང་གི་གསུང་དྲན། དུར་ཁང་ནས་ཕྱིར་ལོག་སྟེ། ཉེ་གནསབཅུ་གཅིག་པོ་དང་གཞན་རྣམས་ལ་དོན་དེ་ཐམས་ཅད་བཤད། དོན་འདི་ཚོ་སྐུ་ཚབལ་རྗོད་མཁན་རྣམས་ནི་མག་རྡལ་ནས་ཡིན་པའི་མིར་ཡམདང༌། ཡོ་ཨ་ནཱ། ཡ་ཀོབཀྱི་ཡུམ་མིར་ཡམ་ལ་སོགས་པའི་བུད་མེད་རྣམས་ཡིན། འོན་ཀྱང་སྐུ་ཚབ་རྣམས་ཀྱི་བསམ་པར་གཏམ་འདི་དོན་མེད་པ་ཡིན་པས་བུད་མེད་རྣམས་ལ་ཡིད་མ་ཆེས། འོན་ཀྱང་པེ་ཏྲོལངས་ནས་དུར་ཁང་ལ་བརྒྱུགས་པ་དང༌། བསྒུར་ནས་ནང་ལ་བལྟས་ཏེ་རས་གཅིག་པུ་མཐོང་ནས། ངོ་མཚར་སྐྱེས་ཏེ་རང་གི་ནང་ལ་སོང༌།*
3.11 三天以后,主耶稣从死里复活。根据圣经的记载,这事如下:“七日的头一日,黎明的时候,那些妇女带着所预备的香料来到坟墓前,看见石头已经从坟墓滚开了。她们就进去,只是不见主耶稣的身体。正在猜疑之间,忽然有两个人站在旁边,衣服放光。妇女们惊怕,将脸伏地。那两个人就对她们说:'为什么在死人中找活人呢?他不在这里,已经复活了。当纪念他还在加利利的时候怎样告诉你们,说:”人子必须被交在罪人手里,钉在十字架上,第三日复活。“ '她们就想起耶稣的话来,便从坟墓那里回去,把这一切的事告诉十一个使徒和其余的人。那告诉使徒的,就是抹大拉的马利亚和约亚拿,并雅各的母亲马利亚,还有与她们在一处的妇女。她们这些话,使徒以为是胡言,就不相信。彼得起来,跑到坟墓前,低头往里看,见细麻布独在一处,就回去了,心里希奇所成的事。”(路加福音24:1-12)
3.12 དེའི་རྗེས་སུ་གཙོ་བོ་ཡེ་ཤུ་ཉིད་ཁོང་གི་ཉེ་གནས་རྣམས་ཀྱི་དཀྱིལ་ལ་བཞེངས་ཏེ་ཁོ་ཚོར་ཞི་བདེ་ཁྱེད་རྣམས་ལ་འབབ་པར་ཤོག་ཅེས་གསུངས། དེ་ཚོས་དེ་མཐོང་ནས་གདོན་འདྲེ་ཡིན་པར་བསམས་ཏེ་འཇིགས་སྐྲག་སྐྱེས། ཁོང་གིས་ཁོ་ཚོར་ཁྱོད་ཚོ་ཅི་ལ་ཞེད་སྣང་སྐྱེས་ཤིང༌། ཁྱོད་ཀྱི་སེམས་སུ་ཅིའི་ཕྱིར་ཐེ་ཚོམ་སྐྱེས། ངའི་རྐང་པ་དང་ལག་པ་ལ་ལྟོས་དང༌། ངའི་ལུས་ལ་རེག་ནས་ང་རང་ཡིན་པ་རྟོགས་པར་གྱིས་ཤིག གང་ཡིན་ཞེ་ན། ང་ལྟར་གདོན་འདྲེ་ལ་ཤ་དང་རུས་པ་མེད་ཅེས་གསུངས། ཁོང་གིས་དེ་ལྟར་གསུངས་ནས་རང་གི་ཞབས་དང་ཕྱག་ཁོ་ཚོ་ལ་སྟོན་པར་མཛད། སེམས་དགའ་བའི་རྐྱེན་གྱིས་དེ་ཚོས་ད་དུང་ཡིད་མ་ཆེས་ཏེ་ཡ་མཚན་ཆེན་པོར་གྱུར་བའི་དུས་སུ་ཁོང་གིས་ཁོ་ཚོར་ཟས་ཅི་ཞིག་ཡོད་དམ་ཞེས་གསུངས་ནས། དེ་ཚོས་ཁོང་ལ་མེ་སྲེག་ཐེབས་པའི་ཉ་ཤ་དུམ་བུ་ཞིག་སྟེར་ནས། དེ་ཕྱག་ཏུ་བསྣམས་ཏེ་དེ་ཚོའི་མདུན་དུ་བཞེས།*
3.12 正说这话的时候,主耶稣亲自站在他的门徒当中,说:“愿你们平安!”他们却惊慌害怕,以为所看见的是魂。耶稣说:“你们为什么愁烦?为什么心里起疑念呢?你们看我的手、我的脚,就知道实在是我了。摸我看看,魂无骨无肉,你们看,我是有的。”说了这话,就把手和脚给他们看。他们正喜得不敢信,并且希奇,耶稣就说:“你们这里有什么吃的没有?”他们便给他一片烧鱼。他接过来,在他们面前吃了。(路加福音24:36-43)
3.13 གཙོ་བོ་ཡེ་ཤུ་སླར་གསོན་པོར་གྱུར་བའི་རྗེས་སུ་ཁོང་ཉེ་གནས་མང་པོར་མངོན་སུམ་དུ་བྱོན།* གཙོ་བོ་ཡེ་ཤུ་ཡང་བསྐྱར་མ་གྲོངས། ཁོང་ནི་འདས་ལོག་མ་ཡིན། (བོད་པའི་དམངས་ཁྲོད་ཀྱི་སྒྲུང་གཏམ་ལྟར་འདས་ལོག་རྣམས་འཆི་བ་ནས་ལོག་པའི་རྗེས་སུ་ཡང་བསྐྱར་ཤི གཙོ་བོ་ཡེ་ཤུ་ཐེངས་གཅིག་གྲོངས་ཏེ་སླར་གསོན་པོར་གྱུར་ནས་ཡང་བསྐྱར་འགྲོངས་མི་སྲིད་) ད་ལྟ་ཁོང་ནི་དཀོན་མཆོག་གི་ཞིང་ཁམསསུ་བཞུགས། ཁོང་ལ་དད་པ་བྱེད་ཅིང་ཁོང་གི་བཀའ་ལ་ཉན་པ་ཐམས་ཅད་ལ་དཔག་ཏུ་མེད་པའི་ཚེསྲོག་གནང་ངོ༌། །*
3.13 主耶稣复活以后,他显给很多的门徒看(哥林多前书15:6)。主耶稣再也不会死去。他不是鬼魂或幽灵。他现住在神国中。那些相信他,遵从他话语的人,他就赐给他们永生(约翰福音5:24, 彼得前书1:3-5)。
3.14 གཙོ་བོཡེ་ཤུསླར་གསོན་པའི་རྗེས་སུ་ཁོང་གི་ཉེ་གནསདང་ཕྲད་ནས་ཁོ་རྣམས་ལ། དམ་པའི་ཐུགས་ཉིདཁྱེད་རྣམས་ལ་འབབ་པའི་ཚེ་ཁྱེད་ཚོར་ནུས་མཐུ་འཐོབ་པས། ཡེ་རུ་ཤ་ལེམདང༌། ཡ་ཧུ་དཱ་ཡུལཡོངས། ས་མར་ཡཱ་ཡུལ། ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར་ཞེས་གསུངས་པའི་རྗེས་སུ། ཁོ་ཚོའི་མཐོང་སར་ཁོང་ཡར་འཕགས་ནས་སྤྲིན་པ་ཞིག་གིས་ཁོང་བསུས་ཏེ་མི་མཐོང་བར་གྱུར། ཁོ་ཚོས་ནམ་མཁའི་ཕྱོགས་སུ་ནན་གྱིས་བལྟས་ཏེ་ཁོང་ཡར་ཕེབས་དུས་གློ་བུར་དུ་གོས་དཀར་པོ་གྱོན་པའི་མི་གཉིས་དེ་ཚོའི་འགྲམ་དུ་ཐོན། ཁོང་ཚོས་ཀྱེ་ག་ལིལཔ་རྣམས། ཅིའི་ཕྱིར་བསྡད་དེ་ནམ་མཁའི་ཕྱོགས་སུ་ལྟ། ཁྱེད་ཚོའི་མདུན་ནས་དཀོན་མཆོག་གི་ཞིང་ཁམསསུ་ཡར་འཕགས་པ་གཙོ་བོ་ཡེ་ཤུ་ཉིད། ཇི་ལྟར་ཞིང་ཁམས་སུ་འཕགས་པ་མཐོང་བ་བཞིན། དེ་ལྟར་ཕྱིར་ལོག་ཕེབས་ངེས་ཡིན་ཞེས་གསུངས།*
3.14 主耶稣从死里复活以后,他遇见门徒并对他们说:“但圣灵降临在你们身上,你们就必得着能力;并要在耶路撒冷、犹太全地和撒玛利亚,直到地极,做我的见证。”说了这话,他们正看的时候,他就被取上升。有一朵云彩把他接去,便看不见他了。当他往上去,他们定睛望天的时候,忽然有两个人身穿白衣,站在旁边,说:“加利利人哪,你们为什么站着望天呢?这离开你们被接升天的耶稣,你们见他怎样往天上去,他还要怎样来。”(使徒行传1:8-11)
3.15 གཙོ་བོ་ཡེ་ཤུ་དཀོན་མཆོག་གི་ཞིང་ཁམས་སུ་ཡར་འཕགས་ནས་དཀོན་མཆོགགི་ཕྱག་གཡས་སུ་བཞུགས།* དེའི་དོན་ནི་ཁོང་དཀོན་མཆོག་གི་སྐུ་པང་དུ་བཞུགས་ཤིང༌། དཀོན་མཆོག་གི་མདུན་དུ་ཁོང་གིས་དད་ལྡན་ཐམས་ཅད་ཀྱི་དོན་ལ་ཞུ་ངོ་མཛད།*
3.15 主耶稣升天以后,坐在神的右边(马可福音16:19)。这意味着他贴近神,并替那些相信他的人祈求(罗马书8:34, 希伯来书10:12)。
3.16 འཇིག་རྟེན་འདིའི་མི་རྣམས་ལ་ཁྲིམས་གཅོད་གནང་བའི་ཕྱིར་ཉིན་ཅིག་གཙོ་བོཡེ་ཤུདཀོན་མཆོག་གི་ཞིང་ཁམསནས་འཇིག་རྟེན་འདི་ལ་སླར་འབྱོན་ངེས་ཡིན། ཉིན་མོ་དེ་དང་དུས་ཚོད་དེའི་སྐོར་ཡབ་དཀོན་མཆོགགིས་མ་གཏོགས། མི་སུས་ཀྱང་མི་ཤེས།* འོན་ཀྱང་གཙོ་བོ་ཡེ་ཤུས་དེའི་སྐོར་གཤམ་གསལ་ལྟར་གསུངས།
3.16 总有一天,主耶稣会从天上降临到地上,审判所有的人。但那日子、那时辰,只有父知道(马可福音3:32)。但是主耶稣说了以下的话:
3.17 མིའི་རིགས་ཀྱི་བུནི་ཕོ་ཉ་དང་བཅས་གཟི་བརྗིད་དང་ལྡན་པར་འབྱོན་པའི་སྐབས་སུ། རང་གི་གཟི་བརྗིད་ལྡན་པའི་བཞུགས་ཁྲི་ལ་བཞུགས་པར་འགྱུར་ཞིང༌། མི་རིགས་ཐམས་ཅད་ཁོང་གི་མདུན་དུ་བསྡུད་ནས། ལུག་རྫི་ཡིས་ར་རྣམས་ལས་ལུག་སོ་སོར་འབྱེད་པ་ལྟར། ཁོང་གིས་དེ་ཚོའང་འབྱེད་པར་གྱུར་ནས། ལུག་རྣམས་ཁོང་གི་གཡས་ཕྱོགས་དང༌། ར་རྣམས་ཁོང་གི་གཡོན་ཕྱོགས་སུ་འཇུག དེ་ནས་རྒྱལ་པོས་གཡས་ཕྱོགས་སུ་ཡོད་པ་རྣམས་ལ། ངའི་ཡབ་ཀྱིས་བྱིན་གྱིས་རླབས་པ་ཁྱོད་རྣམས། ཤོག་ལ། འཇིག་རྟེན་བཀོད་པ་ནས་ཁྱོད་ཚོའི་ཕྱིར་བཤམས་པའི་རྒྱལ་སྲིད་འཛིན་ཞིག རྒྱུ་མཚན་ནི་ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་སྟེར། སྐོམ་པ་ལ་བཏུང་བ་སྟེར། ངོ་མི་ཤེས་པ་ཡིན་པ་ལ་གནས་ཚང་བཏང༌། གོས་མེད་པ་ལ་གོས་སྟེར། ན་བ་ལ་བདག་སྐྱོང་བྱས། བཙོན་ཁང་ལ་ཡོད་པ་ལ་ང་མཇལ་བར་ཡོང་ཞེས་གསུང་བར་འགྱུར། དེ་ནས་དྲང་ལྡན་རྣམས་ཀྱིས། གཙོ་བོ་ལགས། ངེད་རྣམས་ཀྱིས་ཁྱེད་བཀྲེས་པའམ། སྐྱེམས་པ། ཞལ་མི་ཤེས་པའམ། གོས་མེད་པར་མཐོང་སྟེ། ཞལ་ཟས་སམ། སྐྱེམས། གནས་ཚང་ངམ། ན་བཟའ་ག་དུས་ཕུལ། ཡང་སྙུང་བའམ། བཙོན་ཁང་ལ་མཐོང་སྟེ་ག་དུས་མཇལ་བར་ཡོང་ཞེས་ལན་འདེབས་པར་འགྱུར། རྒྱལ་པོས་ཁོ་རྣམས་ལ། ངས་ཁྱོད་ཚོར་བདེན་པར་ཟེར་རྒྱུར། ཁྱོད་ཚོས་ངའི་སྤུན་ཟླ་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་བྱས་པ་ཙམ་གྱིས། ང་ལའང་བྱས་ཞེས་གསུང་བར་འགྱུར། དེ་ནས་ཁོང་གིས་གཡོན་ཕྱོགས་སུ་ཡོད་པ་རྣམས་ལ། དམོད་པ་ཕོག་པ་ཁྱོད་ཚོ། ངའི་མདུན་ནས་བདུད་རྒྱལ་དང་ཁོའི་ཕོ་ཉ་རྣམས་ཀྱི་ཆེད་དུ་བཤམས་ཏེ་གསོད་པར་མི་ཐུབ་པའི་མེ་ལ་ཕར་རྒྱུགས་ཤིག རྒྱུ་མཚན་ནི་ཁྱོད་ཀྱིས་ང་ལྟོགས་པ་ལ་ཟས་མ་སྟེར། སྐོམ་པ་ལ་བཏུང་བ་མ་སྟེར། ངོ་མི་ཤེས་པ་ལ་གནས་ཚང་མ་བཏང༌། གོས་མེད་པ་ལ་གོས་མ་སྟེར། ན་བ་ལ་བདག་སྐྱོང་མ་བྱས། བཙོན་ཁང་དུ་ཡོད་པ་ལ་ང་མཇལ་བར་མ་འོངས་ཞེས་གསུང་བར་འགྱུར། དེ་ནས་ཁོ་ཚོས་ཀྱང༌། གཙོ་བོ་ལགས། ངེད་ཀྱིས་ཁྱེད་བཀྲེས་པའམ། སྐོམ་པ། ངོ་མི་ཤེས་པའམ། གོས་མེད་པ། ན་བའམ། བཙོན་ལ་ཡོད་པར་མཐོང་ནས་ག་དུས་བདག་སྐྱོང་མ་བྱས་ཞེས་ཟེར་བར་འགྱུར། ལན་དུ་ཁོང་གིས། ངས་ཁྱོད་ཚོར་བདེན་པར་ཟེར་རྒྱུར། ཁྱོད་ཚོས་ཆུང་ཤོས་འདི་རྣམས་ཀྱི་ནང་ནས་གཅིག་ལ་ཡང་དེ་ལྟར་མ་བྱས་པ་ཙམ་གྱིས། ང་ལའང་མ་བྱས་ཞེས་གསུང་བར་འགྱུར། དེ་ནས་འདི་རྣམས་མཐའ་མེད་པའི་ཆད་པ་དང༌། དྲང་ལྡན་རྣམས་དཔག་ཏུ་མེད་པའི་ཚེལ་འགྲོ་བར་འགྱུར་ཞེས་གསུངས་སོ། །*
3.17 “当人子在他荣耀里,同着众天使降临的时候,要坐在他荣耀的宝座上。万民都要聚集在他面前。他要把他们分别出来,好像牧羊的分别绵羊、山羊一般;把绵羊安置在右边,山羊在左边。于是,王要向那右边的说'你们这蒙我父赐福的,可来承受那创世以来为你们所预备的国。因为我饿了,你们给我吃;渴了,你们给我喝;我作客旅,你们留我住;我赤身露体,你们给我穿;我病了,你们看顾我;我在监里,你们来看我。'义人就回答说:'主啊,我们什么时候见你饿了,给你吃;渴了,给你喝?什么时候见你作客旅,留你住,或是赤身露体,给你穿?又什么时候见你病了,或是在监里,来看你呢?'王要回答说:'我实在告诉你们:这些事你们既作在我这弟兄中一个最小的身上,就是作在我身上了。'王又要向那左边的说:'你们这被咒诅的人,离开我,进入那为魔鬼和他的使者所预备的永火里去!因为我饿了,你们不给我吃;渴了,你们不给我喝;我作客旅,你们不留我住;我赤身露体,你们不给我穿;我病了,我在监里,你们不来看顾我。'他们也要回答说:'主啊,我们什么时候见你饿了,或渴了,或作客旅,或赤身露体,或病了,或在监里,不伺候你呢?'王要回答说:'我实在告诉你们:这些事你们既不作在我这弟兄中一个最小的身上,就是不作在我身上了。'这些人要往永刑里去,那些义人要往永生里去。”(马太福音25:31-46)
3.18 སྐུ་ཚབཔའུ་ལུས་དེའི་སྐོར་འདི་ལྟར་ཉེན་བརྡ་གཏོང༌། ཁྱོད་ནི་སེམས་མཁྲེགས་ཤིང་ངན་སྤྱོད་ཀྱི་བསམ་པ་མི་བསྒྱུར་བས་རང་གི་ཆེད་དུ་ཆད་པ་དྲག་པོ་གསོག གང་ལགས་ཟེར་ན། དཀོན་མཆོག་གི་ཐུགས་ཁྲོའི་ཉིན་མོ་ཡོང་བས་ཁོང་གི་དྲང་བདེན་གྱི་ཁྲིམས་གཅོད་མངོན་པར་འགྱུར་ངེས་ཡིན། ཁོང་གིས་མི་རེ་རེའི་བྱ་བ་བཞིན་དེ་དང་མཐུན་པར་གནང་བར་འགྱུར་ཏེ། བྱ་བ་བཟང་པོ་སྒྲུབ་པར་བཟོད་པའི་སྒོ་ནས་གཟི་བརྗིད་དང༌། བཀུར་སྟི། འཆི་མེད་བཅས་འཚོལ་མཁན་རྣམས་ལ་དཔག་ཏུ་མེད་པའི་ཚེ་གནང་བར་འགྱུར་བ་དང༌། ངན་པ་ལ་དགའ་ཞིང་བདེན་པ་ལ་མི་གནས་པར་རང་འདོད་ཚ་བ་རྣམས་ལ་དཀོན་མཆོག་གིས་ཐུགས་ཁྲོ་དྲག་པོ་གནང་བར་འགྱུར། ངན་པ་བྱེད་མཁན་སུ་ཡིན་ཡང་སྡུག་བསྔལ་དྲག་པོ་འབབ་པར་འགྱུར་ཏེ། དང་པོར་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་ཡིན། འོན་ཀྱང་བཟང་པོ་བྱེད་མཁན་སུ་ཡིན་ཡང་གཟི་བརྗིད་དང༌། བཀུར་སྟི། ཞི་བདེ་བཅས་ཐོབ་པར་འགྱུར་ཏེ། དང་པོར་ཡ་ཧུ་དཱ་པ། དེ་ནས་ཡ་ཧུ་དཱ་པ་མིན་པའོ། གང་ཡིན་ཞེ་ན། དཀོན་མཆོག་ལ་ཕྱོགས་རིས་ཅི་ཡང་མེད།*
3.18 使徒保罗如此警告我们:“你竟任着你刚硬不悔改的心,为自己积蓄忿怒,以致神震怒,显他公义审判的日子来到。他必照各人的行为报应各人。凡恒心行善,寻求荣耀、尊贵和不能朽坏之福的,就以永生报应他们;惟有结党不顺从真理,反顺从不义的,就以忿怒、恼恨报应他们。将患难、困苦加给一切作恶的人,先是犹太人,后是希腊人;却将荣耀、尊贵、平安加给一切行善的人,先是犹太人,后是希腊人。因为神不偏待人。(罗马书2:5-11)”
3.19 བོད་པ་མང་ཆེ་བས་གསུང་དེ་ཐོས་མ་མྱོང༌། སྐུ་ཚབ་པའུ་ལུས། སྔོན་མི་རྣམས་ཀྱིས་དོན་དེ་ཚོ་མ་ཤེས་པར་དཀོན་མཆོག་གིས་མ་བརྩི་ཡང༌། ད་ལྟ་ཁོང་གིས་གནས་ཀུན་གྱི་མི་ཐམས་ཅད་ལ་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་དགོས་པའི་བཀའ་གནང༌། གང་ཡིན་ཞེ་ན། ཁོང་གིས་ཁྲིམས་གཅོད་པའི་ཉིན་མོ་ཞིག་བསྐོས་པར་མཛད་ཅིང༌། ཉིན་དེར་ཁོང་གིས་བསྐོས་པའི་མི་ཞིག་གིས་འཇིག་རྟེན་གྱི་མི་རྣམས་ལ་དྲང་བདེན་གྱི་སྒོ་ནས་ཁྲིམས་གཅོད་མཛད་པར་འགྱུར། མི་དེ་འཆི་བ་ནས་སླར་གསོན་ར་མཛད་པའི་ངང་ནས་ཁོང་གིས་དེ་ལྟར་འབྱུང་བར་འགྱུར་བའི་ར་སྤྲོད་མི་ཐམས་ཅད་ལ་གསལ་པོར་བྱས་སོ་ཞེས་གསུངས།*
3.19 大部分藏族人以前没有听到过这类教导。正如使徒保罗所说,“世人蒙昧无知的时候,神并不监察,如今却吩咐各处的人都要悔改。因为他已经定了日子,要藉着他所设立的人按公义审判天下,并且叫他从死里复活,给万人作可信的凭据。”(使徒行传17:30-31)
3.20 སྐུ་ཚབ་ཡོ་ཧ་ནནགྱིས་ཉིན་མོ་དེར་མིའི་རིགས་ཀུན་ལས་མི་རྣམས་ཐར་ར་འགྱུར་ངེས་ཡིན་ཞེས་བྲིས། ཁོང་གིས། དེ་ནས་ངས་རྒྱལ་ཁབ་དང༌། ཚོ་པ་དང༌། མི་རིགས་དང༌། སྐད་རིགས་ཐམས་ཅད་ནས་ཡིན་པའི་གྲངས་ལས་འདས་པའི་མི་ཚོགས་ཆེན་མོ་ལུ་གུ་དང་བཤུགས་ཁྲིའི་མདུན་དུ་ལང་སྟེ་མཐོང༌། གོས་དཀར་པོ་གྱོན་ཞིང༌། ཏ་ལའི་ཤིང་གི་ཡལ་ག་ཁོའི་ལག་ཏུ་འཁྱེར་ཞེས་གསུངས།*
3.20 使徒保罗写到,在那日,各国的百姓都要得救。他说:“此后,我观看,见有许多的人,没有人能数过来,是从各国、各族、各民、各方来的,站在宝座和羔羊面前,身穿白衣,手拿棕树枝。”(启示录7:9)
3.21 སྐུ་ཚབ་པའུ་ལུས། མི་ཐམས་ཅད་སྐྱོབ་པའི་ཕྱིར་དཀོན་མཆོག་གི་ཐུགས་རྗེ་མངོན་པར་གྱུར། དཀོན་མཆོག་གི་ཐུགས་རྗེ་དེས་ཆོས་མེད་པ་དང་འཇིག་རྟེན་གྱི་འདོད་ཆགས་དོར་ནས་དུས་འདིར་རང་ཚོད་ཟིན་པ་དང༌། དྲང་བ། དམ་པ་ཡིན་དགོས་པར་ང་ཚོར་སྟོན། དུས་དེའི་རིང་ལ་ང་ཚོའི་རླབས་ཆེ་བའི་རེ་སྒུག་བྱེད་པ་ནི་བླ་ན་མེད་པའི་དཀོན་མཆོག་སྐྱབས་མགོན་ཡེ་ཤུ་མཱ་ཤི་འི་གཟི་བརྗིད་མངོན་པ་བྱེད་རྒྱུ་དེ་ཡིན། ཡེ་ཤུས་ང་ཚོ་ལས་ངན་ཐམས་ཅད་ལས་བླུ་རིན་གྱིས་ཐར་དུ་འཇུག་པ་དང༌། རང་གི་དོན་དུ་ལས་བཟང་བྱེད་པར་བརྩོན་སེམས་ཡོད་པའི་འབངས་མི་ལྷད་མེད་པར་མཛད་པའི་ཕྱིར་ཁོང་གིས་རང་གི་སྲོག་བློས་བཏང་ཞེས་བྲིས།*
3.21 使徒保罗写到:“因为神救众人的恩典已经显明出来,教训我们除去不敬虔的心和世俗的情欲,在今世自守、公义、敬虔度日,等候所盼望的福,并等候至大的神和我们救主耶稣基督的荣耀显现。他为我们舍了自己,要赎我们脱离一切罪恶,又洁净我们,特作自己的子民,热心为善。”(提多书2:11-14)
4.1 དཀོན་མཆོགནི་ཡབ་དཀོན་མཆོག་དང༌། སྲས་དཀོན་མཆོག དམ་པའི་ཐུགས་ཉིདདཀོན་མཆོག་ཡིན།* ཡབ་དཀོན་མཆོག་དང༌། སྲས་དཀོན་མཆོག་དང་མཉམ་དུ་དམ་པའི་ཐུགས་ཉིད་དཀོན་མཆོག་འཇིག་རྟེན་ཁམས་བཀོད་པའི་སྐབས་སུ་བཞུགས།* དམ་པའི་ཐུགས་ཉིད་ཀྱིས་དཀོན་མཆོག་གི་མི་རྣམསལ་དཔག་ཏུ་མེད་པའི་ཚེགནང༌།* གཙོ་བོཡེ་ཤུདཀོན་མཆོག་གི་ཞིང་ཁམསལ་ཕེབས་པའི་རྗེས་སུ། དཀོན་མཆོག་གི་མི་རྣམས་ཀྱི་སེམས་ལ་བཞུགས་པའི་ཆེད་དུ་དམ་པའི་ཐུགས་ཉིད་འཇིག་རྟེན་འདི་ལ་ཕེབས། དམ་པའི་གསུང་རབབཞིན་དུ། དཀོན་མཆོག་ལ་བསྙེན་བཀུར་ཞུ་བའི་ཕྱིར་ཐོག་མ་ནས་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་པའི་མི་རྣམས་འཛོམས་སྐབས།
4.1 神就是圣父、圣子、圣灵(马太福音28:19)。创世之时,圣灵就与圣父、圣子同在(创世记1:2)。圣灵将无尽的生命赐给神的子民(约翰福音6:63)。主耶稣升天后,圣灵住在神子民的心中。据圣经记载,第一批基督徒们聚集在一起敬拜时,
4.2 གློ་བུར་དུ་དཀོན་མཆོག་གི་ཞིང་ཁམས་ནས་ཧུར་ཧུར་དུ་རྒྱག་པའི་རླུང་དང་འདྲ་བའི་སྒྲ་ཞིག་བྱུང་བ་དང༌། དེས་ནི་ཁོ་ཚོ་སྡོད་སའི་ཁང་པ་ཆ་ཚང་ཁྱབ། མེ་ནང་བཞིན་གྱི་ལྕེ་རྣམས་ཁོ་ཚོའི་མདུན་དུ་མངོན་སུམ་དུ་གྱུར་ནས་བྲལ་ཏེ་སོ་སོའི་སྟེང་ལ་གནས། དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་ཁོ་ཚོ་ཚང་མ་གང་བར་གྱུར་ཞིང༌། དམ་པའི་ཐུགས་ཉིད་ཀྱིས་ནུས་མཐུ་གནང་བ་བཞིན་དུ་ཁོ་ཚོས་སྐད་རིགས་གཞན་རྣམས་སྤྱད་ནས་སྐད་ཆ་བཤད་ཅེས་བྲིས།*
4.2 “忽然,从天上有响声下来,好像一阵大风吹过,充满了他们所坐的屋子;又有舌头如火焰显现出来,分开落在他们各人头上。他们就都被圣灵充满,按着圣灵所赐的口才说起别国的话来。”(使徒行传2:2-4)
4.3 དམ་པའི་ཐུགས་ཉིད་ནི་གཙོ་བོ་ཡེ་ཤུ་ལ་དད་མཁན་ཚོའི་སེམས་ལ་བཞུགས། དམ་པའི་ཐུགས་ཉིད་ཀྱིས་ང་ཚོའི་སེམས་དང་འགྲོགས་ཏེ་ངེད་རྣམས་དཀོན་མཆོག་གི་སྲསདང་སྲས་མོ་ཡིན་པར་བདེན་དཔང་མཛད།* ཁོང་གིས་ང་ཚོ་ལ་དཀོན་མཆོག་ཐུགས་མཉེས་པའི་སྤྱོད་ལམ་སྟོན་པར་མཛད། སྐུ་ཚབཔའུ་ལུས། དམ་པའི་ཐུགས་ཉིད་ཀྱི་སྣེ་འཁྲིད་དང་བསྟུན་ཏེ་མི་ཚེ་སྐྱེལ་ཞིང༌། ཁྱེད་ཚོས་སྡིག་པའི་རང་གཤིས་ཀྱི་འདོད་པ་མི་བསྒྲུབ། གང་ཡིན་ཞེ་ན། སྡིག་པའི་རང་གཤིས་ཀྱིས་དམ་པའི་ཐུགས་ཉིད་ལ་རྒོལ་ཞིང༌། དམ་པའི་ཐུགས་ཉིད་ཀྱིས་སྡིག་པའི་རང་གཤིས་ལ་ཡང་རྒོལ་ཏེ། ཁྱེད་ཚོས་རང་གི་འདོད་པ་ལྟར་མི་བྱེད་པའི་ཕྱིར་དེ་གཉིས་གཅིག་གིས་གཅིག་ལ་རྒོལ། འོན་ཀྱང་དམ་པའི་ཐུགས་ཉིད་ཀྱིས་ཁྱེད་རྣམས་འཁྲིད་ན། ཆོས་ཁྲིམསཀྱི་དབང་འོག་ཏུ་མེད། སྡིག་པའི་རང་གཤིས་ཀྱི་ལས་རྣམས་གསལ་པོ་ཡིན་ཏེ། ལོག་གཡེམ་དང༌། མི་གཙང་བ། བག་མེད་སྤྱོད་པ། ལྷ་ལ་རྟེན་པ། མཐུ་སྔགས། སྡང་སེམས། འཁྲུག་རྩོད། ཕྲག་དོག ཁོང་ཁྲོ་ལངས་བདེ་བ། ཁ་རྩོད། མི་མཐུན་པའི་ཕྱོགས་ཁག འཁོན་སེམས། ར་བཟི་བ། བག་མེད་ཅན་གྱི་ཐུགས་སྤྲོ་ལ་སོགས། དེ་ལྟར་བྱེད་མཁན་དཀོན་མཆོག་གི་རྒྱལ་སྲིདལ་འཛུལ་བར་མི་སྲིད་པས། སྔར་ངས་ཁྱེད་རྣམས་ལ་བཤད་པ་ལྟར་ད་ལྟའང་དོགས་ཟོན་བྱེད་དོ། འོན་ཀྱང་དམ་པའི་ཐུགས་ཉིད་ཀྱི་འབྲས་བུ་ནི་བྱམས་སེམས་དང༌། དགའ་སྤྲོ། ཞི་བདེ། བཟོད་པ། དྲིན་གཟོ། སེམས་བཟང་པོ། བློ་གཏད་ཆོག་པ། སེམས་དུལ་པོ། རང་ཚོད་ཟིན་པ་ཡིན་ཏེ། འདི་དག་དང་མི་མཐུན་པའི་བཀའ་ཁྲིམས་མེད། ཡང་སྐྱབས་མགོན་ཡེ་ཤུ་མཱ་ཤི་འི་ཁོངས་སུ་གཏོགས་པ་རྣམས་ཀྱིས་འདོད་ཆགས་དང་ལྡན་པའི་སྡིག་པའི་རང་གཤིས་རྒྱང་ཤིངསྟེང་ལ་བརྒྱངས་ཏེ་བསད་པ་ཡིན་ནོ། དམ་པའི་ཐུགས་ཉིད་ཀྱིས་ངེད་རྣམས་འཁྲིད་པས། ཐུགས་ཉིད་དང་བསྟུན་ཏེ་མི་ཚེ་སྐྱེལ་དགོས་ཞེས་གསུངས།*
4.3 圣灵住在主耶稣的信徒心中。他与我们的心同证我们是神的儿女(罗马书8:16)。圣灵同时告诉我们如何活出神喜悦的样式。正如使徒保罗所说,
“我说:你们当顺着圣灵而行,就不放纵肉体的情欲了。因为情欲和圣灵相争,这两个是彼此相敌,使你们不能作所愿意作的。但你们若被圣灵引导,就不在律法以下。情欲的事都是显而易见的,就如奸淫、污秽、邪荡、拜偶像、邪术、仇恨、争竞、忌恨、恼怒、结党、纷争、异端、嫉妒、醉酒、荒宴等类,我从前告诉你们,现在又告诉你们,行这样事的人必不能承受神的国。圣灵所结的果子,就是仁爱、喜乐、和平、忍耐、恩赐、良善、信实、温柔、节制。这样的事,没有律法禁止。凡属基督耶稣的人,是已经把肉体连肉体的邪情私欲同钉在十字架上了。”(加拉太书5:16-25)
4.4 དཀོན་མཆོག་གི་མི་རྣམསཀྱི་སེམས་ལ་བཞུགས་པའི་ཆེད་དུ་དམ་པའི་ཐུགས་ཉིདའཇིག་རྟེན་འདི་ལ་ཕེབས་པའི་རྗེས་སུ། གཙོ་བོཡེ་ཤུའི་སྐུ་ཚབརྣམས་ཁོང་གི་འཕྲིན་བཟངསྒྲོག་པའི་ཕྱིར་འཇིག་རྟེན་ཀུན་ལ་ཕེབས། ཁོང་ཚོའི་ནང་ནས་ཁ་ཤས་ཡོ་རོབ་དང་ཨ་ཧྥེ་རི་ཀ་གླིང་ལ་ཕེབས་པ་ལ། ཁ་ཤས་ཨེ་ཞེ་ཡཱགླིང་ཆེན་ལ་ཕེབས། དུས་རབས་ཁ་ཤས་རྗེས་སུ་ཏ་ཟིག་ཡུལ་དང་རྒྱ་གར་ལ་ཆོས་ཚོགས་ཡོད། དུས་རབས་བདུན་པར་ཡེ་ཤུའི་ཆོས་ལུགས་ཀྲུང་གོར་སླེབས།* ཀྲུང་གོ་དང་རྒྱ་གར་ནས་བོད་ལ་སླེབས་ཡོད།
4.4 圣灵降临住在信徒之中后,主耶稣的门徒去到世界各地宣讲福音。他们中有人向西去到欧洲和非洲,有人向东去到亚洲。短短几个世纪内,中亚和印度就有了教会。公元七世纪,基督徒们来到中国。福音也从中国和印度传到了西藏。
4.5 དེང་སང་ཡེ་ཤུ་ལ་དད་པ་བྱེད་མཁན་རྣམས་རྒྱལ་ཁབ་ཀུན་ཏུ་ཡོད། ཨུ་རུ་སུ་དང༌། ཡང་ན་སོག་ཡུལ། ཀྲུང་གོ རྒྱ་གར། བལ་ཡུལ། ཀོ་རི་ཡ་ལ་སོགས་པའི་ཡུལ་ལ་སྡོད་པའི་དད་ལྡན་པ་རྣམས་དཀོན་མཆོགགི་ནང་མི་དང་འདྲ་བ་ཡོད། དཀོན་མཆོག་གི་ནང་མི་ལ་གཙོ་བོ་ཡེ་ཤུའི་སྐུ་གཟུགས་ཞེས་ཟེར། དད་ལྡན་ཐམས་ཅད་ཀྱིས་དཀོན་མཆོག་གཅིག་རང་ལ་བསྙེན་བཀུར་བྱེད། དེ་ཚོ་ཐམས་ཅད་ཀྱིས་སྐུ་ཚབ་རྣམས་ཀྱིས་ཆོས་བསྟན་པའི་གསུང་ལ་ཡིད་ཆེས་བྱེད། དེ་ཚོ་ཐམས་ཅད་གཙོ་བོ་ཡེ་ཤུའི་ཐོག་ནས་ཕན་ཚུན་མཉམ་དུ་འགྲོགས། འདས་པའི་དུས་ཀྱི་དད་ལྡན་རྣམས་ནི་ད་ལྟ་དཀོན་མཆོག་གི་ཞིང་ཁམསསུ་གཙོ་བོ་ཡེ་ཤུ་དང་མཉམ་དུ་ཡོད། དེའི་ཕྱིར་གཙོ་བོ་ཡེ་ཤུའི་ཆོས་ཚོགས་ནི་ཡབ་དཀོན་མཆོག་གི་ནང་མི་དང་འདྲ་བ་ཡིན། དད་ལྡན་པ་ཁ་ཅིག་དཀོན་མཆོག་གི་ཞིང་ཁམས་སུ་ཡོད་ལ། དད་ལྡན་པ་ཁ་ཅིག་འཇིག་རྟེན་འདིར་ཡོད།*
4.5 今天,主耶稣的跟随者遍满全地。来自俄罗斯、内蒙古、中国、印度、尼泊尔以及韩国的基督徒们都是神家中的一员;神的家被称为“基督的身体”。所有的信徒都敬拜同一位神;他们都相信使徒的教导;他们在主耶稣里彼此享受团契。过去的信徒正与主一同住在天上。主耶稣的教会就如同天父的家。有些人与他同在天上,有些人与他同在地上(希伯来书12:22-24)。
4.6 སྡིག་ཉེསཀྱི་ལས་བྱེད་པ་ནི་དཀོན་མཆོག་གི་བཀའལ་མི་ཉན་པ་དེ་ཡིན། དཀོན་མཆོགགིས་བྱ་བ་ཞིག་བྱེད་མི་ཆོག་པའི་བཀའ་གནང་ནས་ང་ཚོས་དེ་ལྟར་བྱས་ན། དེ་སྡིག་ཉེས་ཡིན། དཀོན་མཆོག་གིས་བྱ་བ་ཞིག་བྱེད་དགོས་པའི་བཀའ་གནང་ནས་ང་ཚོས་དེ་ལྟར་མ་བྱས་ན། དེའང་སྡིག་ཉེས་ཡིན། དཔེར་ན་དཀོན་མཆོག་གིས་མ་རྐུ་ཞེས་པའི་བཀའ་གནང་བ་ལ། མི་སུ་ཞིག་གིས་བརྐུས་ན། མི་དེས་སྡིག་ཉེས་ཀྱི་ལས་བྱས་པ་རེད། དཀོན་མཆོག་གང་སར་བཞུགས་མཁན་ཡིན་ལ། དོན་ཐམས་ཅད་གཟིགས་ནས་མཁྱེན་པས། ང་ཚོས་ལྐོག་ཏུ་སྡིག་ཉེས་ཀྱི་ལས་བྱེད་ཀྱང་དཀོན་མཆོག་གིས་མཁྱེན།* མི་སུ་ཞིག་གིས་དཀོན་མཆོག་གི་བཀའ་སྐྱོན་མེད་པར་སྲུང་མི་ཐུབ་པས་ང་ཚོ་ཐམས་ཅད་ཀྱིས་སྡིག་ཉེས་ཀྱི་ལས་བྱས་ཡོད། དོན་དམ་དུ་མི་ཐམས་ཅད་ལ་སྡིག་པའི་རང་གཤིས་ཡོད་པས། དཀོན་མཆོག་དང་མི་གཞན་རྣམས་ལ་སྡིག་ཉེས་གསོག ང་ཚོས་དཀོན་མཆོག་ལ་སྡིག་ཉེས་བྱས་ན། སྡིག་ཉེས་སེལ་ར་ཞུ་དགོས།* མི་གཞན་རྣམས་ལ་སྡིག་ཉེས་བྱས་ན་གུ་ཡངས་གཏོང་བར་ཞུ་དགོས།* མི་གཞན་གྱིས་ངེད་རྣམས་ལ་སྡིག་ཉེས་བྱས་ན། ཁོ་ཚོ་ལའང་གུ་ཡངས་གཏོང་དགོས།*
4.6 犯罪就是违背神的话语。神教导我们不要做某事,我们做了,这是犯罪。神要求我们做某事,我们却不去行,这也是犯罪。打个比方,神命令说,“不要偷盗”。如果有人偷了东西,那他就是犯罪。神无处不在,无所不知。即使我们私底下犯罪,他也知晓。没有人能够完全遵守神的诫命,所以我们都犯了罪(罗马书3:23)。实际上,犯罪是我们的天性。我们既得罪了神也得罪了人。得罪神时,我们要乞求神的赦免(马太福音6:12)。得罪人时,我们要请求人的饶恕(以弗所书4:32)。他人得罪我们时,我们必须饶恕他们(马太福音18:21-22)。
4.7 གཙོ་བོཡེ་ཤུས་འདིའི་སྐོར་སྒྲུང་ཞིག་གསུངས་ཡོད་དེ། དེའི་ཕྱིར་དཀོན་མཆོག་གི་རྒྱལ་སྲིདནི་རང་གི་བྲན་གཡོག་རྣམས་དང་རྩིས་དག་ཞུ་འདོད་པའི་རྒྱལ་པོ་ཞིག་དང་འདྲ་བ་ཡིན། དེ་རྩིས་པའི་ཚེ་ཁོ་ལ་གསེར་གྱི་སྒོར་མོ་ས་ཡ་གཅིག་གི་བུ་ལོན་ཡོད་པ་ཞིག་རྒྱལ་པོའི་རྩར་ཁྲིད་དེ། ཁོ་ལ་འཇལ་རྒྱུ་མེད་པས། རྒྱལ་པོས་ཁོ་དང༌། བཟའ་ཟླ། ཕྲུ་གུ ཁོ་ལ་ཡོད་པ་ཐམས་ཅད་བུ་ལོན་དེ་འཇལ་བའི་ཕྱིར་འཚོང་དགོས་པའི་བཀའ་མངགས། དེ་བས་ན་བྲན་གཡོག་དེ་རྒྱལ་པོའི་དྲུང་དུ་ཕྱག་འཚལ་དེ་ཁོ་ལ། ང་ལ་བཟོད་པར་མཛོད་ཅིག ངས་ཁྱེད་ལ་བུ་ལོན་ཐམས་ཅད་འཇལ་ཡོང་ཞེས་སྨྲས། དེ་ནས་རྒྱལ་པོ་སྙིང་རྗེ་སྐྱེས་ནས་བྲན་གཡོག་དེ་གློད་གྲོལ་བཏང་སྟེ་བུ་ལོན་དེ་བསལ། འོན་ཀྱང་བྲན་གཡོག་དེ་ཕྱིར་སོང་ནས་རང་གི་གཡོག་གྲོགས་རྣམས་ཀྱི་ནང་ནས་ཁོ་ལ་དངུལ་སྒོར་བརྒྱ་ཡི་བུ་ལོན་ཡོད་པ་ཞིག་དང་ཐུག་པས། སྐེ་བཙིར་ཏེ་ཁོ་ལ། བུ་ལོན་འཇོལ་ཞིག་ཅེས་སྨྲས། ཁོའི་གཡོག་གྲོགས་ཀྱིས་པུས་མོ་སར་བཙུགས་ནས་ཁོ་ལ། ང་ལ་བཟོད་པར་མཛོད་ཅིག ངས་ཁྱེད་ལ་བུ་ལོན་མཇལ་ཡོང་ཞེས་བཤད། འོན་ཀྱང་ཁོས་མ་ཉན་པར་སོང་ནས་བུ་ལོན་འཇལ་མ་ཚར་བའི་བར་དུ་གཡོག་གྲོགས་དེ་བཙོན་དུ་བཅུག ཁོའི་གཡོག་གྲོགས་གཞན་རྣམས་ཀྱིས་དེ་མཐོང་ནས་སེམས་ཤིན་ཏུ་འཁྲུགས་པར་གྱུར་ཏེ། རྒྱལ་པོའི་དྲུང་དུ་སོང་ནས་གནས་ཚུལ་དེ་ཐམས་ཅད་བཤད། རྒྱལ་པོས་བྲན་གཡོག་དེ་བོས་ནས་ཁོ་ལ། གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་ང་ལ་ཞུ་བ་ཆེན་པོ་ཕུལ་བས་ངས་ཁྱོད་ཀྱི་བུ་ལོན་ཐམས་ཅད་བསལ། ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར། ཁྱོད་ཀྱིས་ཀྱང་རང་གི་གཡོག་གྲོགས་ལ་སྙིང་རྗེ་བྱེད་དགོས་པ་མ་ཡིན་ནམ་ཞེས་སྨྲས། རྒྱལ་པོ་ཁྲོས་ནས་བུ་ལོན་ཐམས་ཅད་འཇལ་མ་ཚར་བའི་བར་དུ་མནར་གཅོད་གཏོང་མཁན་རྣམས་ལ་གཏད། གལ་ཏེ་ཁྱོད་ཚོ་མི་རེ་རེས་སེམས་གཏིང་ནས་རང་གི་སྤུན་ཟླར་གུ་ཡངས་མ་བཏང་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་ཀྱང་ཁྱོད་ཚོར་དེ་ལྟར་མཛད་ངེས་ཡིན་ཞེས་གསུངས་སོ། །*
4.7 主耶稣用一个故事告诉我们为什么要如此行。他说:“天国好像一个王要和他仆人算账。才算的时候,有人带了一个欠一千万银子的来。因为他没有什么偿还之物,主人吩咐把他和他妻子儿女,并一切所有的都卖了偿还。那仆人就俯伏拜他,说:'主啊,宽容我,将来我都要还清。'那仆人的主人就动了慈心,把他释放了,并且免了他的债。那仆人出来,遇见他的一个同伴欠他十两银子,便揪着他,掐住他的喉咙,说:'把你所欠的还我!'他的同伴就俯伏央求他说:'宽容我吧!将来我必还清。'他不肯,竟去把他下在监里,等他还了所欠的债。众同伴看见他所作的事,就甚忧愁,去把这事都告诉了主人。于是,主人叫了他来,对他说:'你这恶奴才!你央求我,我就把你所欠的都免了。你不应当怜恤你的同伴,像我怜恤你吗?'主人就大怒,把他交给掌刑的,等他还清了所欠的债。你们各人若不从心里饶恕你的弟兄,我天父也要这样待你们了。”(马太福音18:23-35)
4.8 དཀོན་མཆོག་གིས་སྡིག་ཉེས་ལ་སྡང༌། ཁོང་གིས་སྡིག་ཉེས་ལ་ཆད་པ་གཅོད་པར་མཛད་པ་ལ་དཀོན་མཆོག་གི་ཐུགས་ཁྲོཞེས་ཟེར། མི་ཐམས་ཅད་ཀྱིས་སྡིག་ཉེས་བསགས་པས། ཐམས་ཅད་ལ་དཀོན་མཆོག་གི་ཐུགས་ཁྲོ་དང་ཁྲིམས་གཅོད་ཕོག་ངེས་ཡིན།* དེའི་ཕྱིར་ངེད་རྣམས་ཀྱིས་དཀོན་མཆོག་ལ་སྡིག་ཉེས་སེལ་བའི་ཞུ་བ་ཕུལ་དགོས། གཙོ་བོ་ཡེ་ཤུས་ཉིད་ཀྱི་ཉེ་གནསརྣམས་ལ་སློབ་པར་མཛད་པའི་སྨོན་ལམལྟར་ན།
ངེད་ཚོས་གཞན་གྱི་ཉེས་པ་དག །
གུ་ཡངས་གཏོང་བ་ཇི་བཞིན་དུ། །
ངེད་ཀྱི་སྡིག་བུན་སེལ་བར་མཛོད། །*
ཅེས་གསུངས། ངེད་རྣམས་ཀྱིས་གཞན་གྱི་སྡིག་ཉེས་གུ་ཡངས་བཏང་ན། དཀོན་མཆོག་གིས་ངེད་རྣམས་ཀྱི་སྡིག་ཉེས་སེལ་བར་མཛད་ངེས་ཡིན། སྐུ་ཚབཡོ་ཧ་ནནགྱིས་གལ་ཏེ་ང་ཚོས་རང་གི་སྡིག་ཉེས་ཁས་བླངསན། དཀོན་མཆོག་ནི་བློ་གཏད་ཆོག་པ་དང་ཡང་དག་པ་ཡིན་པས་སྡིག་ཉེས་སེལ་ཞིང་དྲང་པོ་མེད་པའི་དྲི་མ་ལས་ཡོངས་སུ་འདག་པར་མཛད་ཅེས་བྲིས།*
4.8 神恨恶罪。他对罪的惩罚就是圣经所说“神的忿怒”。我们都犯了罪,都在神的审判与忿怒之下(罗马书1:18)。因此,主耶稣教导我们要原谅他人的罪,以求神赦免我们的罪。
免我们的债,如同我们免了人的债。(马太福音6:12)
倘若我们如此行,神应许赦免我们。使徒约翰写道,“我们若认自己的罪,神是信实的,是公义的,必要赦免我们的罪,洗净我们一切的不义。”(约翰一书1:9)
4.9 གཙོ་བོཡེ་ཤུའཆི་བ་ནས་སླར་གསོན་ར་གྱུར་ཞིང༌། དུས་རྟག་ཏུ་དཀོན་མཆོགདང་མཉམ་དུ་བཞུགས། གལ་ཏེ་ང་ཚོས་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་ཏེ་ཁོང་གི་བཀའ་ལ་ཉན་ན། ཁོང་གིས་ང་ཚོ་འཆི་བ་ནས་སླར་གསོན་པར་མཛད་པ་མ་ཟད། ང་ཚོ་ལ་དཔག་ཏུ་མེད་པའི་ཚེགནང་བར་འགྱུར་ལ། དཀོན་མཆོག་གི་ཞིང་ཁམསསུ་དུས་རྟག་ཏུ་གནས་པའི་ཞལ་ཆད་མཛད། དེ་ནི་དུས་ཀྱི་མཐའ་མའི་ཉིན་མོར་འབྱུང་ངེས་ཡིན། སྐུ་ཚབཔའུ་ལུས་ཉོན་ཞིག ངས་ཁྱེད་རྣམས་ལ་གསང་བ་ཞིག་སྨྲ་སྟེ། ང་ཚོ་ཐམས་ཅད་མི་འཆི་ཡང༌། ཐམས་ཅད་སྒྱུར་འོང༌། དུང་སྐད་མཐའ་མ་སྒྲོག་པའི་ཚེ། མིག་ཟུང་གདངས་བཙུམ་གྱི་ཡུན་ཙམ་ལ། དུང་སྐད་བསྒྲགས་ནས་གཤིན་པོ་རྣམས་མི་འཇིག་པར་གསོན་པོར་མཛད་པར་འགྱུར་ཞིང༌། ང་ཚོ་ཡང་སྒྱུར་ངེས་སོ། གང་ཡིན་ཞེ་ན། འཇིག་པའི་གཟུགས་པོ་འདི་འཇིག་རྒྱུ་མེད་པ་དང༌། འཆི་བའི་གཟུགས་པོ་འདི་འཆི་རྒྱུ་མེད་པ་འགྱུར་དགོས་ཞེས་བྲིས།*
4.9 主耶稣已从死里复活,正与神同住。他曾应许,如果我们从罪中悔改,顺服他,他将救我们脱离死亡,赐给我们永生,在天上与他同活。使徒保罗述说了末后这些事发生的那一天:
“听哪!我如今把一件奥秘的事告诉你们,我们不是都要睡觉,乃是都要改变,就在一霎时,眨眼之间,号筒末次吹响的时候;因号筒要响,死人要复活,成为不朽坏的,我们也要改变。这必朽坏的总要变成不朽坏的,这必死的总要变成不死的。”(哥林多前书15:51-53)
4.10 གཙོ་བོཡེ་ཤུས་དཀོན་མཆོགགིས་རང་གི་སྲས་གཅིག་པོ་གནང་བ་ཙམ་དུ་འཇིག་རྟེན་གྱི་མི་རྣམས་ལ་བྱམས་པར་མཛད་པས། སྲས་ལ་དད་པ་བྱེད་མཁན་ཚང་མར་འཇིག་པར་མི་འགྱུར་བར་དཔག་ཏུ་མེད་པའི་ཚེཐོབ་ངེས་པའོ། ཡང་དཀོན་མཆོག་གིས་རང་གི་སྲས་འཇིག་རྟེན་གྱི་མིར་ཁྲིམས་གཅོད་མཛད་རྒྱུར་མ་མངགས་ཀྱིས། འཇིག་རྟེན་གྱི་མི་ཁོང་བརྒྱུད་ནས་སྐྱབས་མཛད་རྒྱུར་མངགས། སྲས་ལ་དད་པ་བྱེད་མཁན་ཚོ་ལ་ཁྲིམས་བཅད་མེད་དེ། སྲས་ལ་དད་པ་མི་བྱེད་མཁན་ཚོ་ལ་ཁྲིམས་བཅད་ཟིན། དེ་ནི་དཀོན་མཆོག་གི་སྲསགཅིག་པོའི་མཚན་ལ་དད་པ་མ་བྱས་པས་སོ་ཞེས་གསུངས།*
4.10 主耶稣说,“神爱世人,甚至将他的独生子赐给他们,叫一切信他的,不至灭亡,反得永生。因为神差他的儿子降世,不是要定世人的罪,乃是要叫世人因他得救。信他的人,不被定罪;不信的人,罪已经定了,因为他不信神独生子的名。”(约翰福音3:16-18)
4.11 སྐུ་ཚབཡོ་ཧ་ནནགྱིས་དཔག་ཏུ་མེད་པའི་ཚེ་ཇི་ལྟར་ཡིན་པའི་སྐོར་གསུང་སྐབས་འདི་ལྟར་བྲིས་ཡོད། བཞུགས་ཁྲི་ནས་གསུང་སྐད་ཆེན་པོས་ལྟོས་ཤིག དཀོན་མཆོག་གི་བཞུགས་གནས་མི་རྣམས་དང་མཉམ་དུ་ཡིན་ཏེ། ཁོང་ཁོ་ཚོའི་ཁྲོད་དུ་བཞུགས་པར་འགྱུར། ཁོ་ཚོ་ནི་ཁོང་གི་མི་རྣམས་དང༌། དཀོན་མཆོག་རང་ཉིད་ཁོ་ཚོ་དང་མཉམ་དུ་བཞུགས་པར་འགྱུར། ཁོ་ཚོའི་མིག་ནས་མཆི་མ་ཐམས་ཅད་ཁོང་གིས་འཕྱི་བར་མཛད། སྔོན་གྱི་དོན་འདས་ཟིན་པས་འཆི་བ་ཡང་མེད། མྱ་ངན་ནམ། ངུ་འབོད་དམ། ཟུག་ཀྱང་མེད་པར་འགྱུར་རོ། །*
4.11 使徒约翰告诉我们永生将会如何,“我听见有大声音从宝座出来说:'看哪,神的帐幕在人间。他要与人同住,他们要作他的子民;神要亲自与他们同在,作他们的神。神要擦去他们一切的眼泪,不再有死亡,也不再有悲哀、哭号、疼痛,因为以前的事都过去了。'”(启示录21:3-4)
4.12 འོན་ཀྱང་ཁྱེད་ཚོས་ཡེ་ཤུ་ནི་སྐྱབས་མགོན་མཱ་ཤི་དང་དཀོན་མཆོག་གི་སྲས་དེ་ཡིན་པར་དད་པ་བྱེད་པའི་ཕྱིར་དོན་འདི་ཚོ་བྲིས་ཡོད་ཅིང༌། ཁོང་ལ་དད་པ་བྱེད་པའི་སྒོ་ནས་ཁྱེད་ཚོ་ཁོང་གི་མཚན་གྱི་ཐོག་ནས་དཔག་ཏུ་མེད་པའི་ཚེ་འཐོབ་པའི་ཕྱིར་རོ་ཞེས་བྲིས།* ཁྱེད་ཀྱིས་སྐུ་ཚབ་རྣམས་ཀྱི་དམ་ཚིག་ཀློག་ཅིང༌། བསམ་གཞིག་བྱེད་པ་དང༌། དད་ལྡན་གཞན་རྣམས་དང་ངག་ཐོག་ནས་བརྗོད་སྐབས་དཀོན་མཆོག་གིས་ཁྱེད་ལ་བྱིན་རླབས་གནང་བར་ཤོག །
4.12 “但记这些事,要叫你们信耶稣是基督,是神的儿子,并且叫你们信了他,就可以因他的名得生命。”(约翰福音20:31)。当你独自一人或与其他信徒一起诵读使徒信经时,愿神祝福你。