༄༅། །གཙོ་བོ་ཡེ་ཤུའི་སྨོན་ལམ་གྱི་འགྲེལ་བཤད་བཞུགས་སོ། །
关于主祷文
ང་ཚོ་ཚང་མ་ལ་རེ་བ་སྣ་ཚོགས་ཡོད། དཔེར་ན་མི་ཁ་ཤས་ལ་བདེ་སྐྱིད་དང༌། ཡང་ན་ལམ་འགྲོ ཡང་ན་མི་ཚེ་རིང་པོ་འཐོབ་པའི་འདོད་པ་ཡོད། མི་ལ་ལར་རྒྱུ་ནོར་རམ། ཡང་ན་སྙན་གྲགས། དབང་འཐོབ་པ་ལ་སོགས་པའི་འདོད་པ་ཡོད། འོན་ཀྱང་དོན་འདི་ཚོ་ནི་རང་གི་འབད་བརྩོན་གྱི་སྒོ་ནས་ཐོབ་དཀའ་བ་ཡིན་པས་མི་རྣམས་ཀྱིས་མཚམས་མཚམས་ལ་སྨོན་ལམའདེབས། མི་ཁ་ཤས་ཀྱིས་མིག་གིས་མི་མཐོང་བ་དང༌། ཡང་ན་རྣ་བ་ཐོས་མི་ཐུབ་པའི་སྐུ་འདྲ་རྣམས་ལ་སྨོན་ལམ་འདེབས། མི་འགས་ནི་ཚིག་གི་དོན་མི་ཤེས་པར་སྔགས་བརྗོད་བྱེད། དེ་ལྟར་གྱི་སྨོན་ལམ་ལས་ཕན་ཐོགས་འབྱུང་ངམ། མི་རྣམས་ཀྱིས་སྨོན་ལམ་འདེབས་པའི་སྒོ་ནས་ལྷ་རྣམས་ལ་ཤུགས་རྐྱེན་འདེབས་ཐུབ་བམ། གཙོ་བོཡེ་ཤུམཱ་ཤི་ཡིས་སྨོན་ལམ་འདེབས་པའི་སྐོར་ཡོངས་སུ་མཁྱེན་པ་མ་ཟད། དབང་ཀུན་དང་ལྡན་པའི་དཀོན་མཆོགལ་སྨོན་ལམ་འདེབས་ཚུལ་གསར་པ་ངེད་རྣམས་ལ་གནང་བར་མཛད།
人人都有渴望。有人想要幸福、运气或长寿。有人渴望财富、名利或权力。然而,这些很难通过自己的努力得到,因此人们会有祈祷。有人向不能看见、不能听见的偶像祈求。有人则念着不知所云的咒语。这样的祈祷会带来好运吗?人们的祈祷能够感动这些神吗?主耶稣不仅完全明白我们的祷告,他也赐给我们向全能神祷告的新方法。
1.1 གཙོ་བོཡེ་ཤུམཱ་ཤི་ནི་ལོ་ངོ་ཉིས་སྟོང་གི་སྔོན་དུ་ཡི་སི་ར་ཨེལཡུལ་ལ་བཞུགས། ཁོང་ནི་ཡོངས་སུ་གྲགས་པའི་སྟོན་པ་ཞིག་ཡིན་ཞིང༌། ཁོང་ལ་ཉེ་གནསཀྱང་མང་པོ་ཡོད། ཉིན་ཞིག་ཉེ་གནས་ཁ་ཅིག་གིས་ཁོང་གི་དྲུང་དུ་ཡོང་ནས་ཁོང་ལ། གཙོ་བོ་ལགས། ང་ཚོ་ལ་སྨོན་ལམའདེབས་སྟངས་སློབས་དང་ཞེས་སྨྲས་པས། ཁོང་གིས་ཁོ་ཚོར། ཁྱེད་ཚོས་སྨོན་ལམ་འདེབས་སྐབས་འདི་ལྟར་ཤོད།*
ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ། །
ཁྱེད་མཚན་དམ་པར་སྲུང་བར་ཤོག །
ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག །
ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ། །
སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག །
ངེད་ཀྱི་ཉིན་ཞག་རེའི་ཁ་ཟས། །
དེ་རིང་ཡང་ནི་གནང་བར་མཛོད། །
ངེད་ཚོས་གཞན་གྱི་ཉེས་པ་དག །
གུ་ཡངས་གཏོང་བ་ཇི་བཞིན་དུ། །
ངེད་ཀྱི་སྡིག་བུན་སེལ་བར་མཛོད། །
ཉམས་ཚོད་ནང་དུ་མ་འཁྲིད་པར། །
ངན་པ་ལས་ངེད་ཐར་ར་མཛོད། །
རྒྱལ་སྲིད་དབང་དང་གཟི་བརྗིད་ཀུན། །
རྒྱུན་ནས་རྒྱུན་དུ་ཁྱེད་ཀྱི་འོ། ། ཨ་མེན། །
ཞེས་གསུངས།
1.1 主耶稣基督生活在两千多年前的以色列境内。他是一位非常出名的夫子,有许多的门徒。一天,一些门徒来到他面前,对他说:“主啊,教导我们祷告”(路加福音11:1)。他回答说:“你们祷告要这样说:我们在天上的父,愿人都尊你的名为圣,愿你的国降临,愿你的旨意行在地上如同行在天上。我们日用的饮食,今日赐给我们。免我们的债,如同我们免了人的债。不叫我们遇见试探,救我们脱离凶恶。因为国度、权柄、荣耀,全是你的,直到永远。阿们。”
1.2 གཙོ་བོ་ཡེ་ཤུས་ཉེ་གནས་རྣམས་ལ་སྨོན་ལམ་འདི་སློབ་པར་མཛད་པས་གཙོ་བོའི་སྨོན་ལམ་ཞེས་བྱ་བ་ཡིན། དམ་པའི་གསུང་རབནང་སྐུ་ཚབམད་ཐཱཡིས་བྲིས་པའི་འཕྲིན་བཟངལེའུ་ 6 ཨང་ 9-13 དང༌། སྐུ་ཚབ་ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང་ལེའུ་ 11 ཨང་ 2-4 ལ་འཁོད་ཡོད། སྨོན་ལམ་དེ་གཉིས་ཀྱི་ཚིག་ཅུང་ཟད་མི་གཅིག་པ་ཡིན། འདིར་བྲིས་ཡོད་པ་ནི་སྐུ་ཚབ་མད་ཐཱ་ཡིས་བྲིས་པའི་འཕྲིན་བཟང་ལེའུ་ 6 ཨང་ 9-13 གཞིར་བཞག་པའི་སྨོན་ལམ་ཡིན།
1.2 这个祷告被称为“主祷文”,因为是主耶稣教给门徒的。圣经马太福音6章9-13节,路加福音11章2-4节都有记载。两处的经文略有不同。这里采用的是马太福音6:9-13.
1.3 གཙོ་བོའི་སྨོན་ལམ་ནི་ང་ཚོས་གསོལ་སྨོན་ཇི་ལྟར་འདེབས་དགོས་པའི་དཔེ་ཞིག་ཡིན། སྨོན་ལམ་དེ་ཞུ་བའི་སྒོ་ནས་ང་ཚོས་དཀོན་མཆོགལ་བཀུར་སྟི་བྱེད་པ་དང༌། ང་ཚོར་གང་དགོས་ཀྱི་མཁོ་ཆས་གནང་བར་ཞུ་བ་ཕུལ། ང་ཚོས་མ་བརྗོད་གོང་དཀོན་མཆོག་གིས་ང་ཚོར་གང་དགོས་པ་མཁྱེན་པས། དཀོན་མཆོག་གིས་ང་ཚོའི་སྨོན་ལམ་གསན་པ་ངེད་རྣམས་ཀྱིས་ངེས་པར་དུ་ཤེས།* ཁོང་གི་ཐུགས་དགོངས་བཞིན་དུ་ཅིའང་ཞུས་ན་ཁོང་གིས་གསན་པ་དེ་དཀོན་མཆོག་གིས་ཞལ་གྱིས་བཞེས།* ཁོང་ཉིད་ཀྱི་སྲས་དང་སྲས་མོ་རྣམས་ལ་བཟང་པོ་ཐམས་ཅད་གནང་བ་ལ་དཀོན་མཆོག་ཐུགས་དགྱེས།
1.3 主祷文是我们应该如何祷告的一个范本。我们如此祷告,以荣耀神,向他祈求我们的所需。我们没有祈求以先,我们所需用的,神早已知道了(马太福音6:8)。因此,我们能够确信他听到了我们的祷告。他应许说,如果我们按照他的旨意祷告,无论求什么,他必垂听(马太福音7:7-11,21:22,约翰福音14:13-14,约翰1书5:14)。神很乐意将一切好的赐给他的儿女。
1.4 གཙོ་བོ་ཡེ་ཤུས་དཀོན་མཆོག་མི་ཤེས་པའི་མི་རྣམས་དང་འདྲ་བར་སྨོན་ལམ་འདེབས་མི་རུང་བར་གསུངས། དེ་ཚོས་ཚིག་མང་ཙམ་བེད་སྤྱོད་བྱས་ན་སྨོན་ལམ་གསན་པར་འགྱུར་སྙམ།* གཙོ་བོ་ཡེ་ཤུ་ལ་དད་མཁན་གྱི་སྨོན་ལམ་ནི་འདོན་སྔགས་དང་རྩ་བ་ནས་མི་འདྲའོ། དེ་ནི་སེམས་ཀྱི་གཏིང་ནས་འབྱུང་ཞིང༌། དོན་དང་ལྡན་པའི་ཚིག་གིས་དཀོན་མཆོག་ལ་བཀའ་དྲིན་ཆེ་དང་གསོལ་སྨོན་ཞུ། དཀོན་མཆོག་ལ་སྨོན་ལམ་འདེབས་པ་ནི་དགེ་བ་མི་གསོག་པ་མིན་པས་ང་ཚོས་གཙོ་བོའི་སྨོན་ལམ་ཉིན་གཅིག་ལ་གྲངས་གསོག་ཕྱིར་ཡང་ཡང་འདེབས་མི་དགོས།
1.4 主耶稣说我们祷告,不可像外邦人,用许多重复话,他们以为话多了必蒙垂听(马太福音6:7)。相信主耶稣的人,他们的祷告出自内心,用有意义的话语感谢神,向神祈求,不像念着咒语或吟唱圣歌。向神祷告不是积德,因此,我们不需要每天重复念诵主祷文。
1.5 ལུགས་སྲོལ་ལྟར་གཙོ་བོའི་སྨོན་ལམ་ལ་གཤམ་གྱི་ཞུ་བ་བདུན་ལ་དབྱེ་ཡོད།
1.5 一般而言,主祷文包含七个祈求内容。
2.1 ཞུ་བ་འདིའི་ནང་གཙོ་བོཡེ་ཤུས་དཀོན་མཆོགནི་ངེད་ཀྱི་ཡབ་ཡིན་པ་བསྟན་པར་མཛད། གལ་ཏེ་ངེད་རྣམས་ཀྱིས་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་ཏེ་གཙོ་བོ་ཡེ་ཤུ་ལ་དད་པ་བྱས་ན། དཀོན་མཆོག་གི་ནང་མི་དང་འདྲ་བར་འགྱུར། དཀོན་མཆོག་ནི་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་མཁན་ཐམས་ཅད་ཀྱི་ཡབ་ཡིན་ཞིང༌། དེ་རྣམས་ཁོང་གི་སྲས་དང་སྲས་མོ་ཡིན།* ཕ་སེམས་བཟང་པོ་ཞིག་གིས་རང་གི་ཕྲུ་གུ་རྣམས་ལ་གང་དགོས་པ་ཤེས་པ་ལྟར། ཡབ་དཀོན་མཆོག་གིས་ཀྱང་ཉིད་ཀྱི་སྲས་དང་སྲས་མོ་རྣམས་ལ་གང་དགོས་པ་མཁྱེན།* དཀོན་མཆོག་ནི་ངེད་རྣམས་ཀྱི་ཡབ་ཡིན་ཞིང༌། ང་ཚོ་ལ་གང་དགོས་པ་མཁྱེན་པས་ང་ཚོས་ཡིད་རྟོན་བྱས་ནས་ཁོང་ལ་གསོལ་སྨོན་ཞུ། དད་ལྡན་གཞན་རྣམས་ཀྱིས་ཀྱང་སྨོན་ལམའདི་འདེབས་ཤིང༌། དཀོན་མཆོག་གི་དམ་པའི་ཐུགས་ཉིདཀྱིས་ང་ཚོའི་དོན་ལ་ཞུ་ངོ་མཛད་པས། ང་ཚོས་ནམ་ཡང་གཅིག་པུར་སྨོན་ལམ་མི་འདེབས།* དེའི་ཕྱིར་གཙོ་བོ་ཡེ་ཤུས་ངེད་ཀྱི་ཡབ་ཅེས་ཟེར་ཏེ་སྨོན་ལམ་རྒྱག་དགོས་པ་བསྟན་པར་མཛད།
2.1 主耶稣教导说神是我们的父。我们若悔改自己的罪,相信主耶稣,就是神家里的人了。神是信主之人的父,他们是他的儿女(罗马书8:16)。一位好父亲明白他儿女的需求,我们的天父也知道他儿女的所需(马太福音6:8)。神是我们的父,他知道我们所需用的,我们应当用信心向他祷告。其他信徒同样如此祷告,神的圣灵也在为我们代祷(罗马书8:26),我们的祷告从不孤单。因此,主耶稣教导我们祷告时要称:“我们的”父。
2.2 ནམ་མཁའ་ལ་ཡར་བལྟས་ན་ང་ཚོས་གཟི་བརྗིད་ལྡན་པའི་ཉི་མ་དང༌། ཟླ་བ། སྐར་མ་རྣམས་མཐོང༌། དེ་བཞིན་དུ་དཀོན་མཆོག་གི་ཞིང་ཁམསལ་ལྟ་བའི་སྐབས་ཀྱང་ཁྱད་དུ་འཕགས་པའི་དཀོན་མཆོག་དད་པའི་ཐོག་ནས་མཐོང༌། དཀོན་མཆོག་གི་ཞིང་ཁམས་ནས་གཙོ་བོ་ཡེ་ཤུ་ས་ལ་མར་ཕེབས་ཤིང༌། རྒྱང་ཤིངསྟེང་བཀྲོངས་ཏེ་སླར་གསོན་པོར་གྱུར། དེ་རྗེས་ཡང་བསྐྱར་ཞིང་ཁམས་སུ་ཕྱིར་ལོག་ཕེབས། དཀོན་མཆོག་གི་ཞིང་ཁམས་ནི་དཀོན་མཆོག་གི་དམ་པའི་ཐུགས་ཉིད་དང་ཁོང་གི་ཕོ་ཉ་རྣམས་ཀྱི་བཞུགས་གནས་ཡིན། དུས་ཀྱི་མཐའ་ལ་ཐུག་པའི་ཚེ་དད་ལྡན་རྣམས་ཁོང་གི་སྐུ་དྲུང་དུ་ཞིང་ཁམས་ནང་རྟག་ཏུ་གསོན་པར་འགྱུར། དེའི་ཕྱིར་གཙོ་བོ་ཡེ་ཤུས་ངེད་རྣམས་ལ་ནམ་མཁར་བཞུགས་པའི་ཡབ་ལ་སྨོན་ལམ་འདེབས་པར་བསྟན་པར་མཛད།
2.2 抬头仰望天空,我们能看到耀眼的太阳,朦胧的月亮,以及闪烁的星星。同样,我们若用信心仰望,就能看到荣耀的神。主耶稣从神国临到世上,历经十字架的苦难,从死里复活,而后回到神的国度。天堂是圣灵和神的使者居住的地方。在最后的日子里,信徒们将与他一起,永远住在那里。因此,主耶稣教导我们向我们在天上的父祷告。
2.3 དཀོན་མཆོག་གི་མཚན་དམ་པར་སྲུང་བ་ནི་ཁོང་ལ་བཀུར་སྟི་བྱེད་པ་དེ་ཡིན། དཀོན་མཆོག་ནི་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་བཀོད་པར་མཛད་མཁན་ཡིན། ཁོང་ནི་ནམ་ཡང་མི་འགྱུར་བ། གང་སར་གནས་པ། ཀུན་མཁྱེན་པ། ཅི་ལའང་མི་རྟེན་པ། དབང་ཀུན་དང་ལྡན་པ། སྡིག་ཉེསདང་འབྲེལ་བ་ཅིའང་མེད་པ། མི་རྣམས་ལ་བྱམས་པར་མཛད་མཁན་དེ་ཡིན་ནོ། གཙོ་བོ་ཡེ་ཤུ་ནི་ངེད་རྣམས་ཀྱི་སྐྱབས་མགོན་ཡིན། ཁོང་གི་བཀའ་ནི་ཚེ་དཔག་ཏུ་མེད་པར་འགྲོ་བའི་ལམ་ཡིན་པས། ཁོང་གི་བཀའ་ལ་ཉན་ཏེ་ང་ཚོའི་མི་ཚེ་སྐྱེལ་དགོས། དེ་ལྟར་བྱས་ན་མི་གཞན་གྱིས་དེ་མཐོང་ནས་དཀོན་མཆོག་ལ་བཀུར་སྟི་བྱེད་པར་འགྱུར། དེའི་ཕྱིར་ང་ཚོས་དཀོན་མཆོག་གི་མཚན་དམ་པར་སྲུང་དགོས།
2.3 尊神的名为圣就是尊敬神。神是世界及其中一切所有的创造者。他永恒不变,无所不在,无所不知,他独一,他全能,他与罪全然相离,他爱世人。主耶稣是我们的救主。他的教导是通向永生的路,我们应当活出顺服他话语的生命。如此行,他人就会看见,将荣耀归于神。因此,我们要尊神的名为圣。
2.4 བླ་ན་མེད་པའི་དཀོན་མཆོག་ནི་ངེད་རྣམས་ཀྱི་ཡབ་ཡིན་ཞིང༌། ཁོང་གི་མཚན་ཁྱད་དུ་འཕགས་པ་ཡིན་པས། གཙོ་བོ་ཡེ་ཤུས་ང་ཚོ་ལ། ནམ་མཁར་བཞུགས་པའི་ངེད་ཀྱི་ཡབ། ཁྱེད་མཚན་དམ་པར་སྲུང་བར་ཤོག་ཅེས་པའི་སྨོན་ལམ་འདེབས་པར་བསྟན་པར་མཛད།
2.4 全能的神是我们的父亲,他的名至高无上。因此,主耶稣教导我们如此祷告:“我们在天上的父,愿人都尊你的名为圣。”
3.1 དཀོན་མཆོགནི་ངེད་རྣམས་ཀྱི་ཡབ་དང་རྒྱལ་པོ་ཡིན། འཇིག་རྟེན་འདིའི་རྒྱལ་པོ་དང་དཔོན་རིགས་རྣམས་ཀྱིས་རང་ཉིད་ལ་ཕན་པའི་ཕྱིར་མི་གཞན་ལ་དབང་བྱེད།* འོན་ཀྱང་དཀོན་མཆོག་གིས་ཉིད་ཀྱི་མི་རྣམས་ལ་ཕན་པའི་ཆེད་དུ་དབང་མཛད། ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག་ཅེས་པའི་སྨོན་ལམདེ་འདེབས་མཁན་གྱིས་དཀོན་མཆོག་ཁོའི་སེམས་ནང་དུ་གདན་དྲངས་ནས་དབང་མཛད་པའི་ཆེད་དུ་ཡིན། དེ་གསན་ནས་དཀོན་མཆོག་གིས་དམ་པའི་ཐུགས་ཉིདསྨོན་ལམ་འདེབས་མཁན་གྱི་སེམས་ལ་མངགས།* དེའི་འབྲས་བུ་ནི་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་བ་དང༌། དད་པ་དང༌། བྱམས་སེམས་དང༌། དགའ་སྤྲོ་དང༌། ཞི་བདེ་བཅས་ཡིན།*
3.1 神是我们的父亲,是我们的王。这个世界的王和长官们经常为自己的益处对他人行使权力(马太福音20:24)。但神掌权是为了让他的百姓获益。那些祈求“愿你的国降临”的人,是邀请神来掌管他的心。神听到这样的祷告,便会差遣圣灵进入祷告之人的内心(路加福音11:13),让 人悔改,带给人信心,爱心,喜乐和平安(罗马书14:17)。
3.2 གཙོ་བོཡེ་ཤུས། དཀོན་མཆོག་གི་རྒྱལ་སྲིདའདི་ནི། མི་ཞིག་གིས་ཞིང་ལ་ས་བོན་གཏོར་བ་དང་འདྲ་སྟེ། མི་འདི་མཚན་མོར་གཉིད་ཉལ་ཞིང་ཉིན་མོར་ཡར་ལངས། ཁོས་གང་ཡིན་མི་ཤེས་པར་ས་བོན་རིམ་བཞིན་སྐྱེས་ནས་མྱུ་གུ་འབུས་སོ། ས་གཞིས་རང་བཞིན་གྱིས་འབྲས་བུ་སྐྱེད་དེ། ཐོག་མར་མྱུ་གུ་འབུས་པ་དང་དེ་ནས་སྙེ་མ་ཐོགས་པ། མཇུག་མཐར་སྙེ་མ་ལས་འབྲུ་རྡོག་སྨིན། འབྲུ་རིགས་སྨིན་ནས་ཞིང་བརྔ་རན་པས་ས་བོན་འདེབས་མཁན་གྱིས་ཟོར་བས་འབྲེག་པའོ་ཞེས་གསུངས།* དཀོན་མཆོག་གི་རྒྱལ་སྲིད་མི་རྣམས་ཀྱི་སེམས་ཀྱི་ནང་ཡོད་པས། དེ་ཡར་རྒྱས་འགྲོ་བ་མིག་གིས་ཐད་ཀར་མཐོང་མི་སྲིད། འོན་ཀྱང་དེའི་འབྲས་བུ་སྟེ། དཀོན་མཆོག་ལ་བསྙེན་བཀུར་བྱེད་པ་དང༌། མི་གཞན་ལ་བྱམས་པ་བྱེད་པའི་བྱ་བ་ལ་སོགས་ངེད་རྣམས་ཀྱིས་མཐོང་ཐུབ་བོ། །*
3.2 主耶稣说:“神的国,如同人把种撒在地上。黑夜睡觉,白日起来,这种就发芽渐长,那人却不晓得如何这样。地生五谷是出于自然的:先发苗,后长穗,再后穗上结成饱满的子粒。谷既熟了,就用镰刀去割,因为收成的时候到了”(马可福音4:26-29)。神的国在人的心里,我们看不到它的成长。但我们能看到它所结的果子:敬拜神,爱人如己(加拉太书5:22-23)。
3.3 དཀོན་མཆོག་གི་རྒྱལ་སྲིད་ནི་སྒེར་གྱི་སེམས་ཁོ་ནར་མ་གནས་ཏེ། དད་ལྡན་གཞན་རྣམས་ཀྱི་སེམས་ལའང་གནས་ཡོད། དཔེར་ན་དཀོན་མཆོག་ལ་བསྙེན་བཀུར་བྱེད་པའི་ཕྱིར་ང་ཚོ་ལྷན་དུ་འཛོམ་སྐབས་དང༌། ཡང་ན་སུ་ཞིག་གིས་མི་གཞན་རྣམས་ལ་དཀོན་མཆོག་གི་འཕྲིན་བཟངསྒྲོག་པའི་ཆེད་དུ་རང་གི་ནང་མི་བཞག་ནས་ཕྱིར་ཐོན་པའམ། དབུས་གཙང་ངམ། ཨ་མདོ། ཁམས་ནས་ཡིན་པའི་སྤུན་ཟླ་དད་ལྡན་རྣམས་འཕྲད་པའི་ཚེ་ང་ཚོས་དཀོན་མཆོག་གི་རྒྱལ་སྲིད་ཀྱི་འབྲས་བུ་མཐོང་ཐུབ། རྒྱ་ནག་དང༌། བལ་ཡུལ། རྒྱ་དཀར། ཁྲའོ་ཤན་ལ་སོགས་པའི་མི་རིགས་ཀྱི་དད་ལྡན་པའང་དཀོན་མཆོག་གི་རྒྱལ་སྲིད་ཀྱི་ནང་ཚུད་ཅིང་གནས། མི་རིགས་ཐམས་ཅད་ཀྱིས་དཀོན་མཆོག་ལ་དད་པ་བྱེད་པའི་ཕྱིར་ངེད་རྣམས་ཀྱིས་ཁོང་གི་རྒྱལ་སྲིད་ཡོང་བར་ཤོག་ཅེས་པའི་སྨོན་ལམ་འདེབས་པ་ཡིན་ནོ། །
3.3 神国不仅在我的心中,也在其他信徒的心中。当我们与其他信徒聚在一起敬拜神时,当有人离开家人出去给他人传福音时,当我们遇见来自后藏、安多或康巴的信徒时,可以看见神国所结的果子。那些来自中国,尼泊尔,印度,韩国等国家的信徒,都在神国里,都住在其中。我们祷告神国降临,让每一个国家的人都相信神。
3.4 བླ་ན་མེད་པའི་དཀོན་མཆོག་ནི་ཞིང་ཁམས་དང་ས་གཞི་གཉིས་ཀར་དབང་མཛད་པའི་རྒྱལ་པོ་ཡང་དག་པ་དེ་ཡིན་པས། གཙོ་བོ་ཡེ་ཤུས་ངེད་རྣམས་ལ། ཁྱེད་ཀྱི་རྒྱལ་སྲིད་འོང་བར་ཤོག་ཅེས་པའི་སྨོན་ལམ་འདེབས་པར་བསྟན་པར་མཛད།
3.4 神如同一位公义的国王,统治着天上地下。因此,主耶稣教导我们祷告说:“愿你的国降临。”
4.1 གལ་ཏེ་ལུག་ཁྱུ་ཡིས་རྫི་བོའི་རྗེས་སུ་འབྲངས་ན་རྩྭ་ཁ་དང་འཐུང་ཆུ་རྙེད། རྗེས་སུ་མ་འབྲངས་ན་ཁ་ཐོར་ནས་སྤྱང་ཀིས་ཟ་བར་འགྱུར། དེ་བཞིན་དུ་ངེད་རྣམས་ཀྱིས་དཀོན་མཆོགགི་དགོངས་པ་བསྒྲུབས་ན་དགའ་སྤྲོ་དང་ཞི་བདེ་འཐོབ་པར་འགྱུར། དཀོན་མཆོག་གི་དགོངས་པ་མ་བསྒྲུབས་ན། སྤྱང་ཀིས་ལུག་ཟ་བ་ལྟར་སྡིག་པས་ང་ཚོ་མེད་པར་བྱེད། དད་ལྡན་རྣམས་ཀྱིས་ཀྱང་སྐབས་རེ་དཀོན་མཆོག་གི་བཀའལ་མ་ཉན་པར་རང་གི་ལུས་ཀྱི་འདོད་པའམ། དད་མེད་པ་རྣམས་ཀྱི་བསླབ་བྱའམ། ཐ་ན་བདུད་ཀྱི་སྐད་ཆར་ཉན། དེའི་འབྲས་བུ་སྡིག་ཉེསཡིན། དེའི་རྐྱེན་གྱིས་ང་ཚོས་རང་གི་འདོད་པ་སྤངས་ནས་ཁོང་གི་དགོངས་པ་སྒྲུབ་པའི་སྨོན་ལམའདེབས་དགོས།
4.1 羊群若跟随牧人,就能有草吃,有水喝。不跟随牧人的羊会迷路,甚至被狼吃掉。同样,我们若按神的旨意行事,就能找到喜乐和平安。我们若不按神的旨意行事,罪就会如同狼吃羊一般摧毁我们。有时,我们这些相信主耶稣的人不顺从神,反而随从我们肉身的欲望,或听从那些不相信主耶稣之人甚至魔鬼的意见。其结果就是罪。因此,我们要摒弃自身的欲望,祷告按他的旨意行事。
4.2 དེ་ལྟར་མི་གཞན་གྱིས་ཀྱང་དཀོན་མཆོག་གི་དགོངས་པ་སྒྲུབ་པར་ང་ཚོས་སྨོན་ལམ་འདེབས། འཇིག་རྟེན་འདིར་ལོག་གཡེམ་དང༌། མི་གཙང་བ། བག་མེད་སྤྱོད་པ། ལྷ་ལ་རྟེན་པ། མགོ་སྐོར། རྐུ་བ། རྫུན་བཤད་པ། མཐུ་སྔགས། སྡང་སེམས། འཁྲུག་རྩོད། ཕྲག་དོག ཁོང་ཁྲོ་ལངས་བདེ་བ། ཁ་རྩོད། མི་མཐུན་པའི་ཕྱོགས་ཁག འཁོན་སེམས། ར་བཟི་བ། བག་མེད་ཅན་གྱི་ཐུགས་སྤྲོ་ལ་སོགས་པའི་སྡིག་ཉེས་ཧ་ཅང་མང་པོ་ཡོད། དེ་ལྟར་བྱེད་མཁན་དཀོན་མཆོག་གི་དགོངས་པ་མ་ཡིན་གྱི། རང་གི་འདོད་པ་ལྟར་བྱས་པས་དཀོན་མཆོག་གི་རྒྱལ་སྲིདལ་འཛུལ་མི་སྲིད།* འོན་ཀྱང་དཀོན་མཆོག་གིས་མི་ཐམས་ཅད་ཐར་ར་འགྱུར་ཏེ་བདེན་པ་རྟོགས་པར་འགྱུར་བར་དགོངས།* དེའི་ཕྱིར་ངེད་རྣམས་ཀྱིས་དཀོན་མཆོག་གི་ཐུགས་དགོངས་སྒྲུབ་པར་འགྱུར་ལ། མི་གཞན་རྣམས་ཐར་བར་འགྱུར་བའི་སྨོན་ལམ་འདེབས།
4.2 同样,我们祷告他人也能按主的旨意行事。这个世界充满了诸如奸淫,不洁和放荡 ;欺骗和偷盗,谎言,拜偶像和行巫术;仇恨,纷争,嫉妒,愤怒,野心,分歧,结党和妒忌;醉酒,宴乐等罪。这样生活的人,顺从自身的欲望,不按神的旨意行事,他们不能进神的国(加拉太书5:19-21)。但神愿意万人得救,明白真理(提摩太前书2:4)。因此,我们祷告能够行神的旨意,祈求他人能够得救。
4.3 དཀོན་མཆོག་གི་ཐུགས་དགོངས་སྒྲུབ་པ་ནི་རང་གཞན་གཉིས་ཀར་ཕན་པ་ཡིན་པས། གཙོ་བོཡེ་ཤུས་ཁྱེད་ཀྱི་དགོངས་པ་ནམ་མཁའ་ལ། སྒྲུབ་ལྟར་ས་ལའང་སྒྲུབ་པར་ཤོག་ཅེས་པའི་སྨོན་ལམ་འདེབས་དགོས་པ་ང་ཚོར་བསྟན་པར་མཛད།
4.3 行神的旨意利人利己。因此,主耶稣教导我们祷告说:“愿你的旨意行在地上如同行在天上。”
5.1 ངེད་རྣམས་ལ་ཉིན་རེའི་ཁ་ཟས་དགོས། ལས་ཀ་བྱས་ནས་ཐོག་མར་ང་ཚོར་གླ་ཆ་འཐོབ། དངུལ་དེ་ཁྲོམ་ལ་འཁྱེར་ནས་བཟའ་བཅའ་ཉོ། གལ་ཏེ་ཞིང་པ་ཡིན་ན་ས་བོན་བཏབ་ནས་ལོ་ཏོག་རྔ༌། ངེད་རྣམས་ཀྱིས་ངས་ལས་ཀ་བྱས་པའི་སྒོ་ནས་དངུལ་ཐོབ་ཅིང༌། དེ་ཡིས་བཟའ་བཅའ་ཉོས་པ་ཡིན་བསམས་པས་བཟའ་བཅའ་དེ་རང་གི་ལས་ཀྱི་འབྲས་བུ་ཡིན་པར་སྙམ། བསམ་པ་དེ་འོས་པ་ཡིན། གང་ཡིན་ཞེ་ན། སྐུ་ཚབཔའུ་ལུཡིས་སུ་ཞིག་གིས་ལས་ཀ་བྱེད་པར་མི་དགའ་ན། ཟ་མི་ཆོག་ཅེས་གསུངས།* འོན་ཀྱང་དངོས་གནས་བྱས་ན་དཀོན་མཆོགགིས་ཉི་མ་དང༌། ཆར་ཆུ་དང༌། འབྲུ་རིགས་བསྐྱེད་པའི་སའང་གསར་དུ་བཀོད་པས་དེ་ཚོ་ཐམས་ཅད་ཁོང་ལ་གཏོགས། ང་ཚོས་སྨོན་ལམའདི་འདེབས་པའི་སྐབས་སུ་ཁོང་ནས་ངེད་རྣམས་ལ་གང་དགོས་པ་གནང་བའི་ཞུ་བ་ཕུལ། ཉིད་ཀྱི་སྲས་དང་སྲས་མོ་ལ་བཟང་པོ་རྣམས་གནང་བ་དེར་དཀོན་མཆོག་ཐུགས་དགྱེས།*
5.1 我们需要日用的饮食。我们通过工作获得酬劳,用这些钱去到市场买食物。我们若是农民,就会撒种收获,心里会想:“我能用工作赚到的钱买食物。”因此,我们认为这些食物是我们工作的酬劳。这种想法是合宜的,使徒保罗说:“若有人不肯作工,就不可吃饭”(贴撒罗尼迦后书3:10)。但事实是,神创造了生产粮食的太阳,雨水以及土地,这些都是属他的。我们如此祷告,向他祈求所需用的。神喜悦将好的东西赐给他的儿女(马太福音7:9)
5.2 གཙོ་བོཡེ་ཤུས། མི་ཚེའི་ཕྱིར་ཟས་གང་ཞིག་ཟ་རྒྱུ་དང༌། ལུས་ཀྱི་ཕྱིར་གོས་གང་ཞིག་གྱོན་པ་སེམས་ཁྲལ་མ་བྱོས་ཤིག གང་ལགས་ཟེར་ན། མི་ཚེ་ནི་ཟས་དང༌། ལུས་པོ་གྱོན་ཆས་དེ་གཉིས་ལས་ལྷག་པ་ཡོད་དོ། ཕོ་རོག་ལ་ལྟོས་ཤིག དེ་ཚོས་ས་བོན་མི་འདེབས་ལ། ལོ་ཏོག་ཡང་མི་རྔ༌། དེ་ཚོར་མཛོད་ཁང་ངམ་བང་མཛོད་མེད་ཀྱང༌། དཀོན་མཆོག་གིས་དེ་ཚོར་ཟས་གནང༌། ཁྱེད་ཚོ་བྱ་རྣམས་ལས་ཇི་ཙམ་གྱི་གལ་ཆེའོ། ཁྱེད་ཚོ་ལས་སུ་ཞིག་གིས་སེམས་ཁྲལ་བྱེད་པའི་ངང་ནས་མི་ཚེ་འདི་ལ་ཆུ་ཚོད་གཅིག་ཙམ་གྱི་རིང་དུ་གཏོང་ཐུབ་བམ། དེ་ལྟར་དོན་ཆུང་འདི་ཡང་བྱེད་མི་ཐུབ་ན། དོན་གཞན་ལ་ཅིའི་ཕྱིར་སེམས་ཁྲལ་བྱེད་ཅེས་གསུངས།* དཀོན་མཆོག་ནི་ང་ཚོ་ལ་དགོས་པ་གནང་མཁན་ཡབ་ཡིན་པས་ཁོང་ལ་ཡིད་རྟོན་ནས་གསོལ་སྨོན་ཞུ།*
5.2 主耶稣说:“不要为生命忧虑吃什么,为身体忧虑穿什么;因为生命胜于饮食,身体胜于衣裳。你想,乌鸦也不种,也不收,又没有仓,又没有库,神尚且养活它。你们比飞鸟是何等地贵重呢?你们哪一个能用思虑使寿数多加一刻呢?这最小的事你们尚且不能作,为什么还忧虑其余的事呢?”(路加福音12:22-26)。神是赐给我们一切需用的天父,我们要用信心祷告。(腓立比书4:19)。
5.3 དཀོན་མཆོག་གིས་ང་ཚོ་ལ་དགོས་པ་ཐམས་ཅད་གནང་བའི་རྐྱེན་གྱིས་གཙོ་བོ་ཡེ་ཤུས་ངེད་ཀྱི་ཉིན་ཞག་རེའི་ཁ་ཟས། དེ་རིང་ཡང་ནི་གནང་བར་མཛོད་ཅེས་པའི་སྨོན་ལམ་འདེབས་པར་བསྟན་པར་མཛད།
5.3 神赐给我们一切需用,因此,主耶稣教导我们祷告说:“我们日用的饮食,今日赐给我们。”
6.1 དཀོན་མཆོག་གི་བཀའལྟར་ན་ང་ཚོ་རེ་རེ་ལ་སྡིག་པའི་རང་གཤིས་ཡོད། མི་འོས་པའི་བསམ་པའམ། སྐད་ཆའམ། བྱ་བའི་སྒོ་ནས་ང་ཚོས་ཉིན་ལྟར་སྡིག་ཉེསབྱེད་ཅིང༌། བླ་ན་མེད་པའི་དཀོན་མཆོགལ་ཕོག་ཐུག་གཏོང༌། ངེད་རྣམས་ཀྱིས་དཀོན་མཆོག་གི་བཀའ་ལ་མི་ཉན།* དེས་དཀོན་མཆོག་དང་ང་ཚོའི་འབྲེལ་བ་ཡག་པོ་མེད་པར་སྒྱུར་ཞིང༌། ངེད་རྣམས་ཁོང་དང་མ་འགྲོགས་པར་འགྱུར། དེའི་ཕྱིར་ང་ཚོས་ཉིན་ལྟར་དཀོན་མཆོག་ལ་སྡིག་པ་སེལ་བའི་གསོལ་སྨོན་ཞུ་དགོས། དེ་ལྟར་བྱས་ན་དཀོན་མཆོག་གིས་ངེད་རྣམས་ཀྱི་སྡིག་ཉེས་ཐུགས་བརྩེ་ཆེན་པོས་སེལ་བར་མཛད་ངེས་ཡིན། སྐུ་ཚབཡོ་ཧ་ནནགྱིས་གལ་ཏེ་ངེད་རྣམས་ཀྱིས་ང་ཚོར་སྡིག་ཉེས་མེད་ཅེས་ཟེར་ན། ང་ཚོས་རང་མགོ་རང་གིས་སྐོར་ཞིང་བདེན་པ་ངེད་རྣམས་ལ་མེད། གལ་ཏེ་ང་ཚོས་རང་གི་སྡིག་ཉེས་ཁས་བླངསན། དཀོན་མཆོག་ནི་བློ་གཏད་ཆོག་པ་དང་ཡང་དག་པ་ཡིན་པས་སྡིག་ཉེས་སེལ་ཞིང་དྲང་པོ་མེད་པའི་དྲི་མ་ལས་ཡོངས་སུ་འདག་པར་མཛད་ཅེས་གསུངས།*
6.1 按神的话语,我们每个人都有罪性。那些不好的想法,言语或行为,让我们每天都在犯罪,都在得罪全能的神。我们违背神的诫命(罗马书3:23),这破坏了我们与神的关系,让我们不再与他有份。因此,我们每天都要求神赦免我们的罪。这样做,神会满有恩典地饶恕我们。正如使徒约翰所说:“我们若说自己无罪,便是自欺,真理不在我们心里了。我们若认自己的罪,神是信实的,是公义的,必要赦免我们的罪,洗净我们一切的不义。”(约翰1书1:8-9)
6.2 དཀོན་མཆོག་གིས་ངེད་རྣམས་ཀྱི་སྡིག་ཉེས་སེལ་ར་མཛད་པས། ང་ཚོས་མི་གཞན་གྱི་སྡིག་ཉེས་ལའང་གུ་ཡངས་གཏོང་དགོས།* གཙོ་བོཡེ་ཤུས་དེའི་སྐོར་དཔེ་ཞིག་གསུངས་པ་སྟེ། ཁོང་གིས། དཀོན་མཆོག་གི་རྒྱལ་སྲིདནི་རང་གི་བྲན་གཡོག་རྣམས་དང་རྩིས་དག་ཞུ་འདོད་པའི་རྒྱལ་པོ་ཞིག་དང་འདྲ་བ་ཡིན། དེ་རྩིས་པའི་ཚེ་ཁོ་ལ་གསེར་གྱི་སྒོར་མོ་ས་ཡ་གཅིག་གི་བུ་ལོན་ཡོད་པ་ཞིག་རྒྱལ་པོའི་རྩར་ཁྲིད་དེ། ཁོ་ལ་འཇལ་རྒྱུ་མེད་པས། རྒྱལ་པོས་ཁོ་དང༌། བཟའ་ཟླ། ཕྲུ་གུ། ཁོ་ལ་ཡོད་པ་ཐམས་ཅད་བུ་ལོན་དེ་འཇལ་བའི་ཕྱིར་འཚོང་དགོས་པའི་བཀའ་མངགས། དེ་བས་ན་བྲན་གཡོག་དེ་རྒྱལ་པོའི་དྲུང་དུ་ཕྱག་འཚལ་དེ་ཁོང་ལ། ང་ལ་བཟོད་པར་མཛོད་ཅིག ངས་ཁྱེད་ལ་བུ་ལོན་ཐམས་ཅད་འཇལ་ཡོང་ཞེས་སྨྲས། དེ་ནས་རྒྱལ་པོ་སྙིང་རྗེ་སྐྱེས་ནས་བྲན་གཡོག་དེ་གློད་གྲོལ་བཏང་སྟེ་བུ་ལོན་དེ་བསལ།
6.2 神饶恕我们的过犯,我们也必须饶恕他人的过犯(马太福音6:14)。主耶稣讲了这样一个故事。他说:天国好像一个王要和他的仆人算账。才算的时候,有人带了一个欠一千万银子的来。因为他没有什么偿还之物,主人吩咐把他和他的妻子儿女,并一切所有的都卖了偿还。那仆人就俯伏拜他,说:“主啊,宽容我,将来我都要还清。”那仆人的主人就动了慈心,把他释放了,并且免了他的债
6.3 འོན་ཀྱང་བྲན་གཡོག་དེ་ཕྱིར་སོང་ནས་རང་གི་གཡོག་གྲོགས་རྣམས་ཀྱི་ནང་ནས་ཁོ་ལ་དངུལ་སྒོར་བརྒྱ་ཡི་བུ་ལོན་ཡོད་པ་ཞིག་དང་ཐུག་པས། སྐེ་བཙིར་ཏེ་ཁོ་ལ། བུ་ལོན་འཇོལ་ཞིག་ཅེས་སྨྲས། ཁོའི་གཡོག་གྲོགས་ཀྱིས་པུས་མོ་སར་བཙུགས་ནས་ཁོ་ལ། ང་ལ་བཟོད་པར་མཛོད་ཅིག ངས་ཁྱེད་ལ་བུ་ལོན་འཇལ་ཡོང་ཞེས་བཤད། འོན་ཀྱང་ཁོས་མ་ཉན་པར་སོང་ནས་བུ་ལོན་འཇལ་མ་ཚར་བའི་བར་དུ་གཡོག་གྲོགས་དེ་བཙོན་དུ་བཅུག ཁོའི་གཡོག་གྲོགས་གཞན་རྣམས་ཀྱིས་དེ་མཐོང་ནས་སེམས་ཤིན་ཏུ་དཀྲུགས་པར་གྱུར་དེ། རྒྱལ་པོའི་དྲུང་དུ་སོང་ནས་གནས་ཚུལ་དེ་ཐམས་ཅད་བཤད། རྒྱལ་པོས་བྲན་གཡོག་དེ་བོས་ནས་ཁོ་ལ། གཡོག་པོ་ངན་པ་ཁྱོད། ཁྱོད་ཀྱིས་ང་ལ་ཞུ་བ་ཆེན་པོ་ཕུལ་བས་ངས་ཁྱོད་ཀྱི་བུ་ལོན་ཐམས་ཅད་བསལ། ངས་ཁྱོད་ལ་སྙིང་རྗེ་བྱས་པ་ལྟར། ཁྱོད་ཀྱིས་ཀྱང་རང་གི་གཡོག་གྲོགས་ལ་སྙིང་རྗེ་བྱེད་དགོས་པ་མ་ཡིན་ནམ་ཞེས་སྨྲས། རྒྱལ་པོ་ཁྲོས་ནས་བུ་ལོན་ཐམས་ཅད་འཇལ་མ་ཚར་བའི་བར་དུ་མནར་གཅོད་གཏོང་མཁན་རྣམས་ལ་གཏད། གལ་ཏེ་ཁྱོད་ཚོ་མི་རེ་རེས་སེམས་གཏིང་ནས་རང་གི་སྤུན་ཟླར་གུ་ཡངས་མ་བཏང་ན། ཞིང་ཁམས་སུ་བཞུགས་པའི་ངའི་ཡབ་ཀྱིས་ཀྱང་ཁྱོད་ཚོར་དེ་ལྟར་མཛད་ངེས་ཡིན་ཞེས་གསུངས་སོ། །*
6.3 那仆人出来,遇见他的一个同伴欠他十两银子,便揪着他,掐住他的喉咙,说:“你把所欠的还我!”他的同伴就俯伏央求他说:“宽容我吧!将来我必还清。”他不肯,竟去把他下在监里,等他还了所欠的债。众同伴看见他所作的事,就甚忧愁,去把这事都告诉了主人。于是,主人叫了他来,对他说:“你这恶奴才!你央求我,我就把你所欠的都免了。你不应当怜恤你的同伴,像我怜恤你吗?”主人就大怒,把他交给掌刑的,等他还清了所欠的债。你们各人若不从心里饶恕你的弟兄,我天父也要这样待你们了。(马太福音18:23-35)。
6.4 མི་གཞན་གྱི་སྡིག་ཉེས་གུ་ཡངས་གཏོང་བའི་སྒོ་ནས་ངེད་རྣམས་ནི་ཞིང་ཁམས་སུ་བཞུགས་པའི་ཡབ་དང་འདྲ་བར་བྱེད། ཁོང་གིས་ངན་པ་རྣམས་ལའང་ཉི་མའི་འོད་དང་ཆར་ཆུ་ལ་སོགས་པའི་ཕྱག་རྟགས་གནང༌།* དེ་བཞིན་དུ་ངེད་རྣམས་ལ་དགྲ་བོ་རྣམས་ཀྱི་སྡིག་ཉེས་ལའང་གུ་ཡངས་གཏོང་དགོས་པའི་བཀའ་གནང༌། གཙོ་བོ་ཡེ་ཤུས། ཁྱེད་ལ་བྱམས་པ་བྱེད་མཁན་ལ་བྱམས་ན་ཅི་ཕན། སྡིག་ཉེས་ཅན་ཡང་སོ་སོར་བྱམས་པ་བྱེད་མཁན་ལ་བྱམས། ཁྱེད་ལ་བཟང་པོ་བྱེད་མཁན་ལ་བཟང་པོ་བྱས་ན་ཅི་ཕན། སྡིག་ཉེས་ཅན་གྱིས་ཀྱང་དེ་ལྟར་བྱེད། སྐྱིན་པ་ལེན་པའི་ཆེད་དུ་མི་གཞན་ལ་གཡར་ན་ཅི་ཕན། སྐྱིན་པ་ལེན་པའི་ཕྱིར་ཐ་ན་སྡིག་ཅན་གྱིས་སྡིག་ཅན་ལ་གཡར། གལ་ཏེ་ཁྱེད་ཀྱིས་དགྲ་བོ་རྣམས་ལ་བྱམས་ཤིང༌། བཟང་པོ་བྱེད། སྐྱིན་པ་ལེན་པའི་རེ་བ་མེད་པར་མི་གཞན་ལ་གཡར་ན། ཁྱེད་ཀྱི་བྱ་དགའ་ཆེན་པོ་ཡིན་པ་མ་ཟད། ཁྱེད་ཚོ་བླ་ན་མེད་པའི་དཀོན་མཆོག་གི་སྲསཡིན་པར་འགྱུར། གང་ལགས་ཟེར་ན། ཁོང་གིས་དྲིན་ལན་ལོག་འཇལ་བ་དང་ངན་པ་རྣམས་ལ་དྲིན་སྐྱོང་མཛད། ཁྱེད་ཀྱི་ཡབ་ཐུགས་རྗེ་ཅན་ཡིན་པ་ལྟར་ཁྱེད་ཀྱང་སྙིང་རྗེ་ཅན་དུ་འགྱུར་དགོས་ཞེས་གསུངས།*
6.4 我们要像我们在天上父一样饶恕他人的罪。他叫日头照好人,也照歹人;降雨给义人,也给不义的人(马太福音5:45)。同样,他命令我们去爱我们的仇敌,饶恕我们的仇敌。主耶稣说:“你们若单爱那爱你们的人,有什么可酬谢的呢?就是罪人也爱那爱他们的人。你们若善待那善待你们的人,有什么可酬谢的呢?就是罪人也是这样行。你们若借给人,指望从他收回,有什么可酬谢的呢?就是罪人也借给罪人,要如数收回。你们倒要爱仇敌,也要善待他们,并要借给人不指望偿还,你们的赏赐就必大了,你们也必作至高者的儿子,因为他恩待那忘恩的和作恶的。你们要慈悲,像你们的父慈悲一样。”(路加福音6:32-36)
6.5 ངེད་རྣམས་སྡིག་ཅན་ཡིན་པས་གཙོ་བོ་ཡེ་ཤུས་ངེད་ཚོས་གཞན་གྱི་ཉེས་པ་དག གུ་ཡངས་གཏོང་བ་ཇི་བཞིན་དུ། ངེད་ཀྱིས་སྡིག་བུན་སེལ་བར་མཛོད་ཅེས་པའི་སྨོན་ལམའདེབས་པར་བསྟན་པར་མཛད།
6.5 我们都是罪人,因此,主耶稣教导我们祷告说:“免我们的债,如同我们免了人的债。”
7.1 གཙོ་བོཡེ་ཤུལ་དད་པ་བྱེད་མཁན་ཐམས་ཅད་སྐབས་རེ་བསླུ་ཁྲིད་མྱོང༌། སྐུ་ཚབཡ་ཀོབཀྱིས། བསླུ་ཁྲིད་མྱོང་སྐབས་མི་སུ་ཞིག་གིས་དཀོན་མཆོགགིས་ང་ལ་བསླུ་ཁྲིད་མཛད་ཅེས་ཟེར་མི་རུང༌། གང་ཡིན་ཞེ་ན། ངན་པས་དཀོན་མཆོག་ལ་བསླུ་ཁྲིད་བྱེད་མི་སྲིད་ཅིང༌། ཁོང་ཉིད་ཀྱིས་སུ་ལ་ཡང་བསླུ་ཁྲིད་མཛད་མི་སྲིད། འོན་ཀྱང་མི་རྣམས་རང་རང་གི་འདོད་ཆགས་ཀྱིས་སླུ་ཞིང་འདྲེན་ཏེ་བསླུ་ཁྲིད་མྱོང༌། དེ་ནས་འདོད་ཆགས་ཀྱི་འབྲས་བུ་སྨིན་ཏེ་སྡིག་ཉེསསྐྱེ་ཞིང༌། སྡིག་ཉེས་ཀྱི་འབྲས་བུ་སྨིན་ཏེ་འཆི་བ་སྐྱེ་ཞེས་བྲིས།* བསླུ་ཁྲིད་ལ་འབྱུང་ཁུངས་གསུམ་ཡོད་དེ། འཇིག་རྟེན་འདི་དང༌། རང་སེམས་ཀྱི་འདོད་པ་དང༌། སཱ་ཏནཞེས་ཟེར་བའི་བདུད་བཅས་ཡིན། དེ་ཚོ་གསུམ་ནི་རྩི་ཤིང་གི་རྩ་བ་དང་འདྲ་བ་ཡིན། རྩི་ཤིང་གི་རྩ་བ་ངན་རུལ་དུ་གྱུར་ན་རྩི་ཤིང་དེས་འབྲས་བུ་ཡག་པོ་སྐྱེ་མི་སྲིད། བསླུ་ཁྲིད་ནི་རྩི་ཤིང་གི་རྩ་བ་དང༌། སྡིག་པ་དེའི་འབྲས་བུ་དང་འདྲ་བ་ཡིན། གལ་ཏེ་ང་ཚོས་རྩ་བ་དེ་མེད་པ་བཟོས་ན། རྩི་ཤིང་དེ་ཤི་ནས་སྡིག་པ་ཡིན་པའི་འབྲས་བུ་ངན་པ་སྐྱེ་མི་སྲིད། ང་ཚོའི་སེམས་ཀྱི་ནང་ལ་བསླུ་ཁྲིད་ཀྱི་རྩ་བ་གང་ཡང་ཡོད་ན། སྡིག་པ་མི་ཡོང་བའི་ཆེད་དུ་རྩ་བ་དེ་མེད་པ་བྱེད་དགོས། སྐུ་ཚབ་པའུ་ལུས་བྲིས་པ་ལྟར། དཀོན་མཆོག་ནི་ཐུགས་གཏད་ཆོག་པ་ཡིན་ཞིང༌། ཁྱེད་ཚོར་བཟོད་མི་ཐུབ་པའི་བསླུ་བྲིད་མྱོང་དུ་མི་འཇུག ཁྱེད་ཚོས་བཟོད་ཐུབ་པའི་ཆེད་དུ་བསླུ་བྲིད་མྱོང་སྐབས་ཁོང་གིས་དེ་ལས་ཐར་འི་ལམ་སྟོན་པར་མཛད་དོ་ཞེས་བྲིས།* གཙོ་བོའི་སྨོན་ལམའདེབས་པའི་སྒོ་ནས་ང་ཚོས་བསླུ་ཁྲིད་ནས་སྲུང་ཞིང་ངན་པ་ལས་ཐར་བར་མཛད་པར་འགྱུར་བའི་ཞུ་བ་ཕུལ།
7.1 所有相信主耶稣的人总在不断地经受试探。使徒雅各写到:“因为 神不能被恶试探,他也不试探人。但各人被试探,乃是被自己的私欲牵引、诱惑的。私欲既怀了胎,就生出罪来;罪既长成,就生出死来。”(雅各书1:13-15)。试探有三种缘由:世界,我们内心的私欲,叫做“撒旦”的恶魔。这三种缘由如同一颗树的根。树根若腐烂,树就不能结好果子。试探如同树根,恶就是它的果子。我们若摧毁树根,树就会死,就不会结出罪的恶果来。我们心里若有试探的根,就应当摧毁它,不至犯罪。正如使徒保罗写的:“神是信实的,必不叫你们受试探过于所能受的。在受试探的时候,总要给你们开一条出路,叫你们能忍受得住”(哥林多前书10:13)。通过用主祷文祷告,我们祈求神保守我们远离试探,救我们脱离凶恶。
7.2 ཉིན་རེ་བཞིན་ངེད་རྣམས་ལ་བསམ་པ་འདྲ་མིན་སྣ་ཚོགས་སྐྱེ། དེ་ཚོའི་ནང་ནས་ཁ་ཤས་བཟང་ཞིང་ཁ་ཤས་ངན་པ་ཡིན། ཤེས་རབ་དང་ལྡན་པའི་ཡེ་ཤུ་པ་གཅིག་གིས་བསམ་པ་ངན་པ་ནི་བྱ་བྱིའུ་དང་འདྲ་བར་བཤད་དེ། བྱིའུ་རྣམས་ང་ཚོའི་མགོའི་སྟེང་ལ་འཕུར་བ་འགོག་མི་ཐུབ་ཀྱང༌། སྐྲ་ལ་བྱ་ཚང་ཟོ་བར་འགོག་ཐུབ་ཅེས་གསུངས། གལ་ཏེ་ང་ཚོས་ལོག་གཡེམ་དང༌། བག་མེད་སྤྱོད་པ། ལྷ་ལ་རྟེན་པ། སྡང་སེམས། འཁྲུག་རྩོད། ཕྲག་དོག ཁོང་ཁྲོ། འཁོན་སེམས་ལ་སོགས་པའི་བསམ་པ་ངན་པ་སེམས་ལ་གནས་པར་བཅུག་ན། ང་ཚོས་རང་གིས་རང་ལ་བསླུ་ཁྲིད་བྱེད། དེའི་འབྲས་བུ་སྡིག་ཉེས་ཡིན། འོན་ཀྱང་བསམ་པ་ངན་པ་སྤངས་ནས་བསམ་པ་བཟང་པོ་དང་ལེན་བྱས་ན། ང་ཚོ་སྡིག་པ་ནས་སྲུང་བར་འགྱུར། དེའི་ཕྱིར་སྐུ་ཚབ་པའུ་ལུ་ཡིས་ང་ཚོས་བདེན་པ་གང་ཡིན་པ་དང༌། བཙུན་པ་གང་ཡིན་པ། དྲང་པོ་གང་ཡིན་པ། དག་པ་གང་ཡིན་པ། ཡིད་དུ་འོང་བ་གང་ཡིན་པ། སྙན་པ་གང་ཡིན་པ། བཟང་པོ་གང་ཡིན་པ། བསྟོད་འོས་པ་བཅས་དོན་གང་ལའང་བསམ་བློ་གཏོང་དགོས་པར་གསུངས།*
7.2 每一天,我们心里都会涌现出各种想法。有些想法好,有些想法坏。一位智慧的基督徒曾经说过,恶的想法就像小鸟一样。我们不能阻止小鸟从从头上飞过。但我们可以用头发编织出一个网困住它们。我们若让奸淫,性欲,拜偶像,巫术,愤怒,纷争,嫉妒,生气存留在心里,就会让自己面临试探。结果就是犯罪。我们若拒绝恶的想法,思想好的事物,就能远离罪。因此,使徒保罗告诉我们,凡是真实的、可敬的、公义的、清洁的、可爱的、有美名的、若有什么德行,若有什么称赞,这些事你们都要想念(腓立比书4:8)。
7.3 ང་ཚོ་ཉིན་ལྟར་བསླུ་ཁྲིད་མྱོང་བའི་སྡིག་ཅན་ཡིན་པས། གཙོ་བོ་ཡེ་ཤུས་ཉམས་ཚོད་ནང་དུ་མ་འཁྲིད་པར། ངན་པ་ལས་ངེད་ཐར་བར་མཛོད་ཅེས་པའི་སྨོན་ལམ་འདེབས་པར་བསྟན་པར་མཛད།
7.3 我们是每天都会经历试探的罪人,因此,主耶稣教导我们祷告说:“不叫我们遇见试探,救我们脱离凶恶。”
8.1 ཚིག་འདི་ཚོ་གསུང་རབ་ཀྱི་མ་དཔེ་ཀུན་ལ་མེད་ཀྱང་གཙོ་བོཡེ་ཤུའི་ཆོས་ཚོགས་ཀྱིས་གནའ་བོའི་དུས་ནས་བཟུང་སྨྲས་པ་ཡིན། རྒྱལ་སྲིད་ཅེས་པའི་དོན་ནི་དཀོན་མཆོགགིས་ངེད་རྣམས་ཀྱི་སེམས་ལ་དབང་མཛད་པ་དེ་ཡིན། དབང་ཞེས་པའི་དོན་ནི་དཀོན་མཆོག་ལ་དབང་ཀུན་དང་ལྡན་པ་ཡིན་ཞིང༌། གཟི་བརྗིད་ཅེས་པའི་དོན་ནི་དཀོན་མཆོག་གི་མཚན་གྱི་གྲགས་པ་འཇིག་རྟེན་ཡོངས་སུ་འཕེལ་བར་འགྱུར་བ་དེ་ཡིན། ཨ་མེནནི་ཡ་ཧུ་དཱ་པའི་སྐད་ལ་བདེན་པའོ་ཞེས་ཟེར། གཙོ་བོ་ཡེ་ཤུ་ཉིད་ཀྱིས་སྨོན་ལམའདི་ང་ཚོ་ལ་བསྟན་པས་ཁོང་གིས་དེ་གསན་པར་འགྱུར་ངེས་ཡིན།* གཙོ་བོའི་སྨོན་ལམ་འདེབས་ཤིང༌། དེའི་དོན་ལ་བསམ་ཞིབ་བྱེད་པའི་སྒོ་ནས་ཁྱེད་དཀོན་མཆོག་དང་འབྲེལ་བ་ཡག་པོ་ཡོང་བ་མ་ཟད། ཁོང་གི་སྲས་གཙོ་བོ་ཡེ་ཤུ་མཱ་ཤི་དང་འདྲ་བར་འགྱུར་བར་ཤོག །
8.1 这些话语并非存在于所有圣经的手抄本中,但从古时起,它们就一直在耶稣的教堂中传讲。“国度”意味着神统治我们的内心。“权柄”提醒我们神是全能的。“荣耀”告诉我们神的名将为每一个人所知。“阿们”在犹太语中意为“它是真实的”。主耶稣亲自教导我们如此祷告,因此,我们能够确信他会垂听(马太福音21:22)。用主祷文祷告,仔细思考其中的含义,你就能与神有一个更加亲密的关系,更像主耶稣。