༄༅། །སྟོན་པ་ཡེ་ཤུའི་ཆོས་ལུགས་ཀྱི་དྲིས་ལན་བཞུགས་སོ། །
基督教相关问题与回答
[0.1] མི་ཚེའི་སྐོར་འདྲི་བ་གལ་ཆེན་མང་པོ་ཡོད། དཔེར་ན་འཇིག་རྟེན་ཁམས་གང་ནས་བྱུང༌། མིའི་རིགས་ཀྱི་བྱུང་ཚུལ་དེ་ཅི་ཡིན། མི་རྣམས་ཅིའི་ཕྱིར་སྡུག་བསྔལ་མྱོང༌། འཆི་བའི་རྗེས་སུ་ཅི་འབྱུང་བར་འགྱུར། དཀོན་མཆོག ་སུ་ཡིན། དེང་སང་གི་བོད་པ་རྣམས་འདྲི་བ་འདི་ཚོའི་ལན་ནི་ཡེ་ཤུ འི་ཆོས་ལུགས་ཀྱི་སྒོ་ནས་ཤེས་པར་འགྱུར།
[0.1] 关于生命,有很多问题难得其解:世界如何开始?人类来自何处?人们为何经受苦难?人死后会怎样?神是谁?如今,藏民可以通过基督教了解这些问题的答案。
[0.2] ཡེ་ཤུའི་ཆོས་ལུགས་ནི་འཛམ་གླིང་གི་ཆོས་ལུགས་ཆེ་ཤོས་ཡིན། འཛམ་གླིང་ལ་སྟོན་པ་ཡེ་ཤུ་མཱ་ཤི་ཀ ་ལ་དད་པ་བྱེད་མཁན་ཐེར་འབུམ་གཉིས་ལས་མང་བ་ཡོད་ཅིང༌། ཁོ་རྣམས་ཀྲུང་གོ་ཚུད་པའི་རྒྱལ་ཁབ་ཐམས་ཅད་དུ་ཁྱབ་ཡོད། ཀྲུང་གོར་སྟོན་པ་ཡེ་ཤུ་ལ་དད་མཁན་དུང་ཕྱུར་གཅིག་ཙམ་ཡོད། ཁོ་ཚོའི་ནང་ནས་བོད་རིགས་དང་སོག་རིགས་ཀྱི་དད་ལྡན་པའང་ཡོད། སྟོན་པ་ཡེ་ཤུའི་རྗེས་སུ་འབྲང་མཁན་ཡིན་ན་ཁུངས་གང་ནས་ཡིན་པ་ལ་རགས་མ་ལས། དེ་དང་འདྲ་བར་ནང་པ་ཞིག་ཡིན་ན་བོད་རིགས་ཡིན་པའི་ངེས་པ་མེད། དེས་ན་བོད་རིགས་ཡིན་ན་ནང་པ་ཡིན་པའི་ངེས་པ་མེད། མི་རིགས་ཀྱི་ཁྱད་པར་མེད་པར་མི་སུ་འདྲ་ཞིག་ཡིན་རུང༌། སྟོན་པ་ཡེ་ཤུ་ལ་དད་ན་ཆོག
[0.2] 基督教是世界上最大的宗教。全世界约有22亿信徒,他们生活在包括中国在内的各个国家。中国的基督徒,包括藏族信徒和蒙古族信徒在内约有1亿。无论来自哪里,都能跟随耶稣。不一定只有藏族人才能成为佛教徒,而藏族人也不一定都是佛教徒。每一个人,无论何种民族,都能信仰耶稣。
[0.3] ལོ་ངོ་ཉིས་སྟོང་གི་སྔོན་ལ་སྟོན་པ་ཡེ་ཤུ་ནི་ཨེ་ཞེ་ཡ་ནུབ་ཕྱོགས་སུ་སྐུ་འཁྲུངས། ཁོང་གིས་སྡིག་ཉེས་སེལ་བ ་དང༌། དཀོན་མཆོག་ལ་དད་པ་བྱེད་པའི་སྒོ་ནས་དཔག་ཏུ་མེད་པའི་ཚེ ་འཐོབ་པའི་སྐོར་བསྟན་པར་མཛད། དྲིས་ལན་འདིའི་བརྗོད་དོན་ནི་སྟོན་པ་ཡེ་ཤུའི་ཆོས་ལུགས་ཡིན། དཀོན་མཆོག་སུ་ཡིན། དཀོན་མཆོག་དང་ནང་པའི་ཆོས་ཀྱི་དཀོན་མཆོག་གསུམ་གཅིག་པ་ཡིན་ནམ། སྟོན་པ་ཡེ་ཤུ་ལ་དད་པ་བྱས་ན་ཕན་ཐོག་གང་ཡོད་དམ། སྟོན་པ་ཡེ་ཤུ་ལ་ཇི་ལྟར་དད་པ་བྱས་ནས་རྗེས་སུ་འབྲང་ངམ།
[0.3] 大约二千年前,主耶稣降生在西亚。他教导人们通过信仰神来饶恕罪恶,获得无穷的生命。这个“问与答”的主题就是基督教。神是谁?他与佛教中的三皈依是否相同?成为耶稣的跟随者有什么益处?如何信仰耶稣并跟随他?
[1.1] དྲི་བ། དཀོན་མཆོག ་སུ་ཡིན་ནམ།
[1.1] 问:神是谁?
[1.2] ལན། དཀོན་མཆོག་ནི་འཇིག་རྟེན་ཁམས་དང་དེར་ཡོད་པ་ཐམས་ཅད་ཀྱི་འགོད་པ་པོ་ཡིན་ནོ། ཁོང་ལ་ཐོག་མཐའ་མེད་པ་ཡིན། ཁོང་མུ་མཐའ་མེད་པ་དང༌། འགྱུར་བ་མེད་པ་ཡིན། ཁོང་ནི་གང་ཡོད་པ་ཐམས་ཅད་ཀྱི་འབྱུང་ཁུངས་ཡིན་པས། འཇིག་རྟེན་ཁམས་ལ་ཡོད་པ་ཐམས་ཅད་ཀྱིས་ཁོང་ལ་རྟེན། ཁོང་གིས་མི་དང་གནས་ལུགས་ཐམས་ཅད་གཟིགས་པས་ཀུན་མཁྱེན་ཡིན། དཀོན་མཆོག་མཐོང་མི་སྲིད་ཀྱང༌། དུས་རྟག་ཏུ་གང་སར་བཞུགས། ཁོང་ནི་དམ་པ་དང་དྲང་བདེན་ཡིན་པས། སྡིག་ཉེས ་ནས་ཡོངས་སུ་འབྲལ་བ་ཡིན། དཀོན་མཆོག་ནི་ཡེ་ཤུ ་མཱ་ཤི་ཀ འི་ཡབ་ཡིན། ཁོང་ལ་གཙོ་བོ་དཀོན་མཆོག ་གམ། ཡ་ཝེ་དཀོན་མཆོག དབང་ཀུན་དང་ལྡན་པའི་དཀོན་མཆོག བླ་ན་མེད་པའི་དཀོན་མཆོག་ཀྱང་ཟེར། དབང་ཀུན་དང་ལྡན་པའི་དཀོན་མཆོག་གཉིས་ཡོད་མི་སྲིད་པས། ཡ་ཝེ་དཀོན་མཆོག་གཅིག་པོ་དཀོན་མཆོག་ངོ་མ་ཡིན།
[1.2] 答:神是宇宙及其中所有的创造主。他是起初的,也是末后的。他是无限的,永不改变。他是万有的起源,万物都依靠他。他监察万物,知晓万事。尽管不能看见神,但他充满全地。他圣洁、公义,远离罪恶。神是耶稣基督的父亲。他还被称为主耶稣,耶和华神,全能神以及至高神。全能者只有一位,因此,全能神是唯一的真神。
[1.3] དྲི་བ། སྟོན་པ་ཡེ་ཤུ་མཱ་ཤི་ཀ་སུ་ཡིན་ནམ།
[1.3] 问:耶稣基督是谁?
[1.4] ལན། སྟོན་པ་ཡེ་ཤུ་མཱ་ཤི་ཀ་ནི་དཀོན་མཆོག་གི་སྲས ་དང་མི་རིགས་ཐམས་ཅད་ཀྱི་སྐྱབས་མགོན་ཡིན་ཏེ། ལོ་ངོ་ཉིས་སྟོང་གི་སྔོན་དུ་ཡི་སི་ར་ཨེལ ་ཞེས་ཟེར་བའི་ཡུལ་དུ་སྐུ་འཁྲུངས། ཁོང་ནི་ཡ་ཧུ་དཱ་མི་རིགས་ཀྱི་ཡོངས་སུ་གྲགས་པའི་སྟོན་པ་ཞིག་ཡིན། ཁོང་ལ་ཉེ་གནས ་བཅུ་གཉིས་དང་རྗེས་སུ་འབྲང་མཁན་མང་པོ་ཡོད། ཁོ་ཚོའི་ནང་ནས་མི་ཁ་ཤས་ཀྱིས་ཁོང་གི་གསུང་ནི་ཞལ་ཆད་གསར་པ་ཞེས་ཟེར་བའི་དཔེ་དེབ་ཏུ་བཀོད། སྟོན་པ་ཡེ་ཤུས་དགེ་བ་གསོག་པ་དང༌། ཆོས་ཀྱི་ཆོ་ག མིའི་ལུགས་སྲོལ་སོགས་དཀོན་མཆོག་གི་སྤྱན་སྔར་ཐར་པ ་འཐོབ་པའི་ཕྱིར་ཕན་མེད་ཡིན་པར་གསུངས། ཁོང་གི་གསུང་ལྟར་དཀོན་མཆོག་ལ་བསྙེན་བཀུར་ཞུ་འདོད་མཁན་གྱིས་བྱ་བ་དེ་རྣམས་ཀྱི་ཚབ་ལ་གཙོ་བོ་དཀོན་མཆོག་ལ་བློ་གཅིག་སེམས་གཅིག་དང་ནུས་པ་ཅི་ཡོད་ཀྱིས་བརྩེ་བར་བཟུང་སྟེ། རང་ལས་གཞན་རྣམས་ལ་བྱམས་པ་བྱེད་དགོས། སྟོན་པ་ཡེ་ཤུས་གལ་ཏེ་མི་ཞིག་གིས་རང་ཉིད་སྡིག་ཉེས་ཅན་ཡིན་པར་ཁས་ལེན་བྱས་ཏེ་སྤྱོད་པ་ངན་པ་རྣམས་སྤངས ་ནས་སེམས་བསྒྱུར་ན། དཀོན་མཆོག་གིས་ཁོའི་སྡིག་ཉེས་སེལ་ངེས་ཡིན་པར་གསུངས། ཡེ་ཤུ་ལ་དད་པ་རྣམས་ཞི་བདེ་དང་དགའ་སྤྲོའི་ངང་ནས་དཀོན་མཆོག་དང་དུས་གཏན་དུ་གནས་པར་འགྱུར་ངེས་ཡིན། འོན་ཀྱང་ཁོང་གིས་དཀོན་མཆོག་ལ་ངོ་རྒོལ་བྱེད་མཁན་ཐམས་ཅད་དཀོན་མཆོག་དང་ཁ་བྲལ་ཏེ་དམྱལ་ཁམས ་སུ་དུས་རྟག་ཏུ་གནས་དགོས་པར་གསུངས། དེ་ལྟར་གསུངས་པའི་དབང་ཆ་ཡོད་པ་མཚོན་པའི་ཕྱིར་ཁོང་གིས་ངོ་མཚར་