༄༅། །ཡོ་ཧ་ནན་ལ་མངོན་པར་མཛད་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། གཙོ་བོཡེ་ཤུའི་ཉེ་གནསཡོ་ཧ་ནནསྐུ་ཚབཡོ་ཧ་ནན་ཡང་ཟེར།
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། མ་འོངས་ལུང་བསྟན།
ཐོག་མའི་ཀློག་མཁན། རོ་མཱགོང་མའི་རྒྱལ་ཁབ་ཀྱི་ཨེ་ཞེ་ཡཱཞིང་ཆེན་ལ་ཡོད་པའི་ཆོས་ཚོགས་བདུན་པོ།
ནང་དོན་གཙོ་བོ། སྤྱི་ལོའི་དུས་རབས་དང་པོའི་དུས་མཇུག་ཙམ་དུ་མཱ་ཤི་པ་རྣམས་དད་པའི་རྐྱེན་གྱིས་མནར་གཅོད་མྱོང་ཞིང༌། སྐུ་ཚབ་ཡོ་ཧ་ནན་ས་དབུས་རྒྱ་མཚོའི་པད་མོཞེས་ཟེར་བའི་གླིང་ཕྲན་དུ་རྒྱང་འབུད་བཏང༌། དེར་ཁོང་གིས་གཙོ་བོ་ཡེ་ཤུའི་ཞལ་གཟིགས་མཐོང༌། ཞལ་གཟིགས་དེའི་ནང་ལ་གཙོ་བོ་ཡེ་ཤུས་སྐུ་ཚབ་ཡོ་ཧ་ནན་ལ་ཨེ་ཞེ་ཡཱ་ཞིང་ཆེན་ལ་ཡོད་པའི་ཆོས་ཚོགས་བདུན་ལ་འཕྲིན་ཡིག་བདུན་པོ་གནང༌། དེའི་རྗེས་སུ་སྐུ་ཚབ་ཡོ་ཧ་ནན་གྱིས་ཞལ་གཟིགས་གཞན་དག་མཐོང༌། དེའི་ནང་དོན་གཙོ་བོ་ནི་འཇིག་རྟེན་གྱི་མཐའ་མའི་ཉིན་མོར་གཙོ་བོ་ཡེ་ཤུ་ཡང་བསྐྱར་འཛམ་གླིང་དུ་འབྱོན་པ་དང༌། དཀོན་མཆོགགིས་འཆི་བ་དང་ངན་པ་རྩ་བ་ནས་མེད་པར་བཟོས་གནང་བ། གཙོ་བོ་ཡེ་ཤུ་ཡིས་དད་ལྡན་ཐམས་ཅད་དཀོན་མཆོག་གི་ཞིང་ཁམསསུ་ཁྲིད་ནས་དེར་ཁོང་དང་མཉམ་དུ་ཚེ་དཔག་ཏུ་མེད་པར་གནས་པ་བཅས་ཡིན།