ལེའུ་ཉི་ཤུ་པ།
བདུད་སཱ་ཏན་ལོ་ཆིག་སྟོང་རིང་བཅིངས་པ།
1 དེ་ནས་ངས་གཏིང་མཐའ་མེད་པའི་དོང་གི་ལྡེ་མིག་དང་ཕྱག་ཏུ་ལྕགས་ཐག་ཆེན་པོ་འཁྱེར་བའི་ཕོ་ཉ་ཞིག་དཀོན་མཆོག་གི་ཞིང་ཁམསནས་འབབ་པ་མཐོང༌།
2 ཕོ་ཉ་དེས་གནའ་བོའི་དུས་ནས་ཡོད་པའི་སྦྲུལ་ཏེ།
བདུད་ཀྱི་རྒྱལ་པོ་དང་སཱ་ཏནཞེས་བྱ་བའི་འབྲུག་བཟུང་ནས་ལོ་སྟོང་ཕྲག་གཅིག་གི་བར་དུ་བཅིངས་ནས།
3 ལོ་ཆིག་སྟོང་དེ་རྫོགས་པའི་བར་དུ་མི་རིགས་རྣམས་ལ་བསླུ་བྲིད་མི་བྱེད་པའི་ཕྱིར་ཕོ་ཉ་དེས་བདུད་གཏིང་མཐའ་མེད་པའི་དོང་ནང་ལ་འཕངས་ཏེ།
སྒོ་ལྕགས་བརྒྱབ་ནས་རྒྱ་ཡིས་བཏབ།
དེའི་རྗེས་སུ་དུས་ཐུང་རིང་ཁོ་འགྲོལ་ངེས་ཡིན།
4 དེ་ནས་ངས་བཞུགས་ཁྲི་རྣམས་མཐོང༌།
དེར་བཞུགས་མཁན་ལ་ཁྲིམས་གཅོད་མཛད་པའི་དབང་ཆ་གནང༌།
ཡང་ངས་ཡེ་ཤུའི་དཔང་པོ་བྱས་པ་དང་དཀོན་མཆོག་གི་བཀའབསྒྲགས་པའི་དོན་དུ་མགོ་བཅད་པ་རྣམས་ཏེ།
གཅན་གཟན་ནམ་དེའི་འདྲ་སྐུ་ལ་བསྙེན་བཀུར་མ་བྱས་ཤིང༌།
དཔྲལ་བའམ་ལག་པ་ལ་དེའི་རྟགས་མ་བླངས་པ་རྣམས་ཀྱི་སེམས་ཉིད་མཐོང༌།
ཁོ་ཚོ་སླར་གསོན་པོར་གྱུར་ནས་མཱ་ཤི་དང་མཉམ་དུ་ལོ་སྟོང་ཕྲག་གཅིག་གི་བར་དུ་དབང་བསྒྱུར།
5 འདི་ནི་སླར་གསོན་པོར་འགྱུར་བ་དང་པོ་ཡིན།
(ལོ་སྟོང་ཕྲག་གཅིག་དེ་མ་རྫོགས་པའི་བར་དུ་གཤིན་པོ་གཞན་རྣམས་སླར་གསོན་པོར་མ་གྱུར་)
6 སླར་གསོན་པོར་འགྱུར་བ་དང་པོ་རྣམས་ནི་བདེ་བ་དང་དམ་པ་ཡིན་ནོ།
འཆི་བ་གཉིས་པས་ཁོ་རྣམས་ལ་དབང་བྱེད་མི་སྲིད་དེ།
དཀོན་མཆོགདང་མཱ་ཤི་ཀའི་མཆོད་དཔོན་དུ་གྱུར་ནས་མཱ་ཤི་ཀ་དང་མཉམ་དུ་ལོ་སྟོང་ཕྲག་གཅིག་གི་བར་དུ་དབང་སྒྱུར་རོ། །
བདུད་སཱ་ཏན་འཇོམས་པའི་སྐོར།
7 ལོ་ཆིག་སྟོང་དེ་རྫོགས་པའི་ཚེ་སཱ་ཏནབཙོན་ནས་གློད་གྲོལ་གཏོང་བར་འགྱུར་ཞིང༌།
8 ས་གཞིའི་མཐའ་བཞི་ལ་ཡོད་པའི་མི་རིགས་ཏེ་གོག་དང་མཱ་གོག་ཅེས་བྱ་བ་ལ་བསླུ་བྲིད་བྱས་ནས།
སྡུད་དེ་དམག་འཐབ་པའི་ཕྱིར་འཐོན།
དེའི་གྲངས་ནི་རྒྱ་མཚོའི་བྱེ་མ་དང་འདྲ་བ་ཡིན།
9 དེ་ཚོས་ས་གཞིའི་ཐང་ཆེན་བརྒལ་ནས་གཅེས་པའི་གྲོང་ཁྱེར་དང༌།
དཀོན་མཆོག་གི་མི་རྣམསཀྱི་དམག་སྒར་བསྐོར།
དཀོན་མཆོག་གི་ཞིང་ཁམསནས་མེ་བབས་པ་དང༌།
ཁོ་ཚོ་ཐམས་ཅད་འཇིག་པར་བྱས།
10 ཡང་དེ་རྣམས་ལ་བསླུ་བྲིད་བྱེད་མཁན་བདུད་ནི་མེ་འབར་བའི་མུ་ཟིའི་མཚོའི་ནང་དུ་འཕངས།
དེར་གཅན་གཟན་དང་ལུང་སྟོན་རྫུན་མའང་ཡོད་དེ།
ཉིན་མཚན་མེད་པར་དུས་རྒྱུན་དུ་ཁོ་རྣམས་མནར་གཅོད་གཏོང་བར་འགྱུར།
དུས་མཐའི་ཁྲིམས་གཅོད།
11 དེ་ནས་ངས་བཞུགས་ཁྲི་དཀར་པོ་ཆེན་པོ་ཞིག་དང་དེའི་སྟེང་དུ་བཞུགས་མཁན་ཞིག་མཐོང༌།
ཁོང་གི་མདུན་ནས་ས་གཞི་དང་ཞིང་ཁམས་བྲོས་ཏེ་མི་མཐོང་བར་གྱུར།
12 ངས་གཤིན་པོ་རྣམས་མཐོ་དམན་མེད་པར་ཀུན་བཞུགས་ཁྲིའི་མདུན་དུ་ལངས་ནས་བསྡད་པ་མཐོང་ཞིང༌།
མདོ་རྣམས་ཁ་ཕྱེ།
མདོ་གཞན་ཏེ་དཔག་ཏུ་མེད་པའི་ཚེའི་མདོའང་ཁ་ཕྱེ་ལ།
དེར་གང་བྲིས་པ་ལྟར་གཤིན་པོ་རྣམས་རང་གི་བྱས་པ་བཞིན་དུ་ཁྲིམས་གཅོད་པར་གྱུར།
13 རྒྱ་མཚོས་དེའི་ནང་ལ་ཡོད་པའི་གཤིན་པོ་རྣམས་དང༌།
འཆི་བ་དང་གཤིན་པོའི་ཁམས་ཀྱིས་དེའི་ནང་ལ་ཡོད་པའི་གཤིན་པོ་རྣམས་ཕྱིར་བཏང་ནས།
སོ་སོས་བྱས་པ་ལྟར་རེ་རེ་ལ་ཁྲིམས་གཅོད་མཛད།
14 དེ་ནས་འཆི་བ་དང་གཤིན་པོའི་ཁམས་ཉིད་མེའི་མཚོའི་ནང་དུ་འཕངས།
མེའི་མཚོ་དེ་ནི་འཆི་བ་གཉིས་པ་དེ་ཡིན་ནོ།
15 སུ་ཞིག་གི་མིང་དཔག་ཏུ་མེད་པའི་ཚེའི་མདོ་ཡི་ནང་དུ་འཁོད་མེད་ན།
མེའི་མཚོ་དེའི་ནང་ལ་འཕངས་པར་གྱུར་རོ། །