ལེའུ་གཉིས་པ།
ཨེ་ཕེ་སུ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན།
1 ཨེ་ཕེ་སུགྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག
ཁོང་གི་ཕྱག་གཡས་སུ་སྐར་མ་བདུན་པོ་འཛིན་པ་སྟེ་གསེར་གྱི་སྟེགས་བུ་བདུན་པོའི་དཀྱིལ་ལ་ཞབས་འཆག་མཛད་མཁན་གྱིས་
2 ངས་ཁྱོད་ཀྱི་བྱ་བ་དང༌།
དཀའ་ལས་དང༌།
བཟོད་སེམས་ཤེས།
ཁྱོད་ཀྱིས་ངན་པ་རྣམས་དང་ལེན་མི་བྱེད་ཅིང༌།
སྐུ་ཚབམ་ཡིན་པར་ཡིན་ཞེས་ཟེར་མཁན་རྣམས་ལ་ཉམས་ཚོད་བླངས་ནས་ཁོ་ཚོ་རྫུན་ཡིན་པར་རྟོགས།
3 ངའི་མིང་གི་དོན་ལ་བཟོད་པ་སྒོམ་ནས་སྡུག་བསྔལ་མྱོང་བ་དང་ཡིད་ཐང་མ་ཆད་པའང་ཤེས།
4 འོན་ཀྱང་ཁྱོད་ཀྱིས་ཐོག་མར་ཡོད་པའི་བྱམས་སེམས་དོར་བ་དེར་སྐྱོན་བརྗོད་བྱེད།
5 དེའི་ཕྱིར་ཁྱོད་གང་ལས་ལྷུངས་པ་དྲན་ནས་སྤྱོད་པ་ངན་པ་རྣམས་སྤངསཏེ་སེམས་བསྒྱུར་ཞིང༌།
ཁྱོད་ཀྱིས་ཐོག་མར་བྱ་བའི་ལས་བྱོས་ཤིག
དེ་ལྟར་མ་བྱས་ན་ང་ཁྱོད་ཀྱི་རྩར་ཡོང་ནས་ཁྱོད་ཀྱི་སྟེགས་བུ་རང་གི་གནས་ལས་ཕར་འཁྱེར་བར་བྱ།
6 འོན་ཀྱང་ཁྱོད་ཚོར་ལེགས་ཆ་འདི་ཡོད་དེ།
ངས་ནི་ཀོ་ལཱ་པ་རྣམས་ཀྱི་ལས་ལ་སྡང་བ་ལྟར་ཁྱོད་ཀྱིས་ཀྱང་སྡང༌།*
7 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིདཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག
སུ་རྒྱལ་བ་དེ་ལ་ངས་དཀོན་མཆོགགི་ལྡུམ་རའི་ནང་གི་སྲོག་དང་ལྡན་པའི་ཤིང་གི་འབྲས་བུ་ཟ་བའི་དབང་ཆ་གནང་བར་བྱ་”ཞེས་གསུངས་སོ། །
སི་མིར་ནཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན།
8 “ཡང་སི་མིར་ནཱགྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག
ཐོག་མ་དང་མཐའ་མ་ཡིན་ཏེ།
གྲོངས་ནས་སླར་གསོན་པོར་གྱུར་བ་ཁོང་གིས་
9 ཁྱོད་ཀྱི་སྡུག་བསྔལ་དང་དབུལ་ཕོངས་ངས་ཤེས།
(དོན་དམ་དུ་ཁྱོད་ཚོ་བདེའོ་) ཡ་ཧུ་དཱ་པ་མིན་ཡང་ཡིན་ཟེར་བའི་བདུད་སཱ་ཏནགྱི་ཚོགས་པ་ཡིན་པ་རྣམས་ཀྱིས་ཁྱོད་ལ་སྨད་པའང་ངས་ཤེས།
10 ཁྱོད་སྡུག་བསྔལ་གང་མྱོང་རྒྱུ་ཡིན་པ་ལ་མ་འཇིགས་ཤིག
ཉོན་དང༌།
ཁྱོད་ཚོར་ཉམས་ཚོད་ལེན་པའི་ཕྱིར་བདུད་ཀྱིས་ཁྱོད་ཚོའི་ནང་ནས་ཁ་ཤས་བཙོན་དུ་འཇུག་པ་དང༌།
ཉིན་བཅུའི་བར་དུ་ཁྱོད་ཚོར་སྡུག་བསྔལ་འབྱུང་བར་འགྱུར།
མ་འཆི་བར་དུ་དད་པ་མ་ཉམས་པར་བརྟན་པོར་གནས་ན་ངས་ཁྱོད་ལ་ཚེའི་ཅོད་པན་སྟེར་བར་བྱ།*
11 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིདཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག
སུ་རྒྱལ་བ་དེ་ལ་འཆི་བ་གཉིས་པ་ཡིས་གནོད་འཚེ་གཏོང་བར་མི་འགྱུར་”ཞེས་གསུངས་སོ། །
པེར་ག་མོ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན།
12 “ཡང་པེར་ག་མོགྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག
རལ་གྲི་ཁ་གཉིས་མ་རྣོ་པོ་ཡོད་མཁན་གྱིས་
13 ཁྱོད་བདུད་སཱ་ཏནགྱི་ཁྲི་ཡོད་སར་སྡོད་པ་དེ་ངས་ཤེས།
སཱ་ཏན་གྱི་སྡོད་སར་ཁྱོད་ཚོའི་གྲོང་ཁྱེར་དུ་ངའི་བློ་གཏད་ཆོག་པའི་དཔང་པོ་ཨན་ཏི་པཱ་གསོད་སྐབས་སུའང་ང་ལ་དད་པ་མ་སྤོང་བར་ཁྱོད་ཀྱིས་ངའི་མིང་ལ་རྟེན།
14 འོན་ཀྱང་སྐྱོན་ཁ་ཤས་ངས་ཁྱོད་ལ་བརྗོད་དེ།
ཁྱོད་ཚོའི་ནང་ནས་པཱ་ལཱམཟེར་བའི་བསྟན་པ་འཛིན་མཁན་གྱི་མི་ཁ་ཤས་ཡོད།
པཱ་ལཱམ་གྱིས་ཡི་སི་ར་ཨེལཔ་རྣམས་ལ་ལྷ་སྐུ་ལ་ཕུལ་བའི་མཆོད་རྫས་ཟ་བ་དང༌།
ལོག་གཡེམ་གྱི་བསླུ་བྲིད་བྱེད་པ་པཱ་ལགལ་བསླབས།*
15 འདི་ལྟར་ནི་ཀོ་ལཱ་པ་རྣམས་ཀྱི་བསྟན་པ་འཛིན་མཁན་གྱི་མི་ཁ་ཤས་ཁྱོད་ཚོའི་ནང་དུ་ཡོད་པས།
16 སྤྱོད་པ་ངན་པ་སྤངསནས་སེམས་སྒྱུར་ཅིག
དེ་མིན་ང་ཁྱོད་ཀྱི་རྩར་མགྱོགས་པོ་ཡོང་ཞིང༌།
ངའི་ཁ་ཡི་རལ་གྲི་ཡིས་ཁོ་ཚོར་འཐབ་པར་བྱ།
17 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིདཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག
སུ་རྒྱལ་བ་དེ་ལ་ངས་སྦས་པའི་མན་ནཱ་ཟེར་བའི་ཟས་དང༌།
རྡོ་དཀར་པོ་ཞིག་སྟེར་བར་བྱ།
རྡོ་དཀར་པོ་དེ་འཐོབ་མཁན་མ་གཏོགས་པར་གཞན་སུས་ཀྱང་མི་ཤེས་པའི་མིང་གསར་པ་ཞིག་འབྲིའོ་”ཞེས་གསུངས་སོ། །
ཐི་ཡ་ཏི་རཱ་གྲོང་ཁྱེར་གྱི་ཆོས་ཚོགས་ལ་སྤྲིངས་པའི་འཕྲིན།
18 ཐི་ཡ་ཏི་རཱགྲོང་ཁྱེར་གྱི་ཆོས་ཚོགས་ཀྱི་ཕོ་ཉ་ལ་འདི་ལྟར་བྲིས་ཤིག
སྤྱན་ནི་མེ་ལྕེ་དང་འདྲ་བ་དང༌།
ཞབས་ནི་ཕུར་ནས་འོད་ཐོན་པའི་ལི་དང་འདྲ་བ་ཡིན་པའི་དཀོན་མཆོག་གི་སྲསཀྱིས་
19 ཁྱོད་ཀྱི་བྱ་བ་སྟེ།
བྱམས་སེམས་དང༌།
དད་པ།
ཞབས་ཏོག
བཟོད་སེམས།
མཐའ་མའི་བྱ་བ་རྣམས་ནི་སྔོན་མ་རྣམས་ལས་ཆེ་བ་ཡིན་པར་ངས་ཤེས།
20 འོན་ཀྱང་སྐྱོན་འདི་ངས་ཁྱོད་ལ་བརྗོད་དེ།
ཁྱོད་ཀྱིས་ལུང་སྟོན་མཁན་ཞིག་ཡིན་ཞེས་ཟེར་བའི་བུད་མེད་ཡེ་ཟེ་བེལ་དང་ལེན་བྱེད།
ཁོ་མོས་བསྟན་པར་ངའི་ཞབས་ཕྱི་རྣམས་ལོག་གཡེམ་དང༌།
ལྷ་སྐུ་ལ་ཕུལ་བའི་མཆོད་རྫས་ཟ་བར་བསླུ་བྲིད་བྱེད།
21 ཁོ་མོ་ལ་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་བའི་གོ་སྐབས་སྤྲད་ཀྱང༌།
རང་གི་ལོག་གཡེམ་སྤོང་བར་མི་འདོད།
22 ལྟོས་ཤིག
ངས་ཁོ་མོ་ལ་ནད་འདེབས་པར་བྱ།
ཁོ་ཚོས་ཁོ་མོའི་བྱ་བ་སྤངས་ནས་སེམས་མ་བསྒྱུར་ན།
ངས་ཁོ་མོ་དང་ལོག་གཡེམ་བྱེད་མཁན་རྣམས་ལ་སྡུག་བསྔལ་ཆེན་པོ་གཏོང་བར་འགྱུར།
23 ཡང་ངས་ཁོ་མོའི་ཕྲུ་གུ་རྣམས་གསོད་པར་བྱ།
དེ་ནས་ཆོས་ཚོགས་ཐམས་ཅད་ཀྱིས་ང་ནི་བློ་སེམས་ལ་གཟིགས་མཁན་ཡིན་པ་ཤེས་པར་འགྱུར་ལ།
ཁྱོད་ཚོའི་ནང་ནས་རེ་རེ་ལ་རང་གི་བྱ་བ་བཞིན་དུ་ལན་འདེབས་པར་བྱ།
24 འོན་ཏེ་བསྟན་པ་དེ་མི་འཛིན་པར།
སཱ་ཏནགྱི་གཏིང་ཟབ་ཀྱི་དོན་ཞེས་གྲགས་པའི་བསྟན་པ་སློབ་མ་མྱོང་བ་ཐི་ཡ་ཏི་རཱ་པ་ལྷག་མ་ཁྱོད་ཚོར་ངས་ཁུར་པོ་གཞན་ཞིག་མི་འགེལ་ཏེ།
25 ཁྱོད་ལ་ཡོད་པ་དེ་ང་མ་སླེབས་པའི་བར་དུ་བརྟན་པོར་ཟུངས་ཤིག
26 སུ་རྒྱལ་ཞིང་ངའི་འཕྲིན་ལས་མཐའ་མའི་བར་དུ་བྱེད་མཁན་ལ།
ང་ཡིས་ཁོང་ལ་རྒྱལ་སྐྱོང་དབང་ཆ་སྦྱིན། །
27 ཁོང་གིས་ལྕགས་རྒྱུག་སྤྱད་ནས་ཁོ་ཚོ་སྐྱོང༌། །
རྫ་ཡི་ཁོག་མ་བཞིན་དུ་ཞིབ་མོར་བཅོམ། །*
དེ་ལྟར་ངའང་ངའི་ཡབ་ནས་དབང་ཆ་ཐོབ།
28 ཡང་ངས་ཁོ་ལ་ཐོ་རེངས་ཀྱི་སྐར་མ་སྟེར་བར་བྱ།
29 རྣ་བ་ཡོད་པ་དེས་དམ་པའི་ཐུགས་ཉིདཀྱིས་ཆོས་ཚོགས་ལ་གསུངས་པ་དེ་ཉོན་ཞིག་”ཅེས་གསུངས་སོ། །