༄༅། །པེ་ཏྲོ་ཡིས་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
ལེའུ་དང་པོ།
འཚམས་འདྲི།
1 ཡེ་ཤུ ་མཱ་ཤི་ཀ འི་སྐུ་ཚབ ་ང་པེ་ཏྲོ ་ཡིས།
དཀོན་མཆོག ་གིས་བདམས་པའི་མི་རྣམས་ཏེ་པོན་ཏུ ་དང༌།
ག་ལད་ཡཱ།
ཀ་པ་དོག་ཡཱ །
ཨེ་ཞེ་ཡཱ །
པི་ཐིན་ཡཱ་ཞིང་ཆེན་གནས་གཡར་བ་ལྟར་སྡོད་མཁན་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།
2 ཡབ་དཀོན་མཆོག་གིས་སྔ་མོ་ནས་ཁྱེད་ཚོ་མཁྱེན་ནས་བདམས་ཤིང༌།
ཁོང་གི་དམ་པའི་ཐུགས་ཉིད ་ཀྱིས་ཁྱེད་ཚོ་དམ་པར་མཛད།
དེ་ནི་ཡེ་ཤུ་མཱ་ཤི་ཀའི་བཀའ་ལ་ཉན་པ་དང༌།
ཁོང་གི་སྐུ་ཁྲག་གཏོར་བའི་སྒོ་ནས་ཁྱེད་ཚོ་དག་པར་འགྱུར་བའི་ཆེད་དུ་ཡིན།
ཁྱེད་ཚོ་ལ་ཐུགས་རྗེ་དང་ཞི་བདེ་འཕེལ་བར་གྱུར་ཅིག
དཔག་མེད་ཚེ་ཡི་རེ་བ།
3 ང་ཚོའི་གཙོ་བོ ་ཡེ་ཤུ ་མཱ་ཤི་ཀ འི་ཡབ་དཀོན་མཆོག ་ལ་བསྟོད་པ་འབུལ་བར་ཤོག
ཁོང་གི་ཐུགས་རྗེ་ཆེན་པོས་ཡེ་ཤུ་མཱ་ཤི་ཀ་འཆི་བ་ནས་སླར་གསོན་པ ་བརྒྱུད་ནས་ཁོང་གིས་ངེད་རྣམས་ལ་ཚེ་སྲོག་གསར་པ་སྐྱེ་བ་དང༌།
རྟག་ཏུ་གནས་པའི་རེ་བ་གནང་བ་མ་ཟད།
4 དཀོན་མཆོག་གིས་ཞལ་ཆད་གནང་བའི་བྱིན་རླབས་ཀྱི་བགོ་སྐལ་མི་འཇིག་པ།
དྲི་མ་མེད་པ།
མི་ཡལ་བ་ཞིག་ཀྱང་གནང་ངོ༌།
དེ་ནི་ཁྱེད་ཚོའི་ཕྱིར་དཀོན་མཆོག་གི་ཞིང་ཁམས ་སུ་ཉར་ཡོད།
5 ཐར་པ ་དེ་མ་འཐོབ་པའི་བར་དུ་དཀོན་མཆོག་གིས་རང་གི་ནུས་མཐུར་བརྟེན་ནས་ཁྱེད་ཚོའི་དད་པ་བརྒྱུད་དེ་ཁྱེད་རྣམས་སྲུང་བཞིན་ཡོད།
ཐར་པ་དེ་ནི་དུས་མཐའ་མར་མངོན་སུམ་དུ་འགྱུར་ངེས་ཡིན།
6 དུས་ཐུང་ངུར་ཉམས་ཚོད་སྣ་ཚོགས་ཀྱི་སྡུག་བསྔལ་མྱོང་དགོས་ནའང༌།
བྱིན་རླབས་དེ་ཐམས་ཅད་ཐོབ་པའི་རྐྱེན་གྱིས་ཁྱེད་ཚོ་ཧ་ཅང་དགའ་བར་བྱེད།
7 ཁྱེད་ཚོའི་དད་པ་བདེན་པ་ཡིན་པར་སྟོན་ཞིང༌།
ཡེ་ཤུ་མཱ་ཤི་ཀ་བྱོན་ནས་མངོན་སུམ་དུ་འགྱུར་བའི་ཚེ་ཁྱེད་ལ་བསྟོད་པ་དང༌།
གཟི་བརྗིད།
བཀུར་སྟི་བཅས་འཐོབ་པའི་ཆེད་དུ་ཉམས་ཚོད་དེ་ཚོ་བྱུང༌།
དཔེར་ན་འཇིག་ཏུ་འགྲོ་བའི་གསེར་ཡང་མེ་ཡིས་བཙོ་སྦྱང་བྱེད་དེ།
ཁྱེད་ཚོའི་དད་པ་གསེར་ལས་རིན་ཐང་ཆེའོ།
8 ཁྱེད་རྣམས་གཙོ་བོ་ཡེ་ཤུ་མཇལ་མ་མྱོང་ཡང་ཁོང་ལ་གཅེས་པར་འཛིན་ཞིང༌།
ད་ལྟ་མི་མཐོང་ཡང་ཁོང་ལ་དད་པ་བྱེད་དེ།
བརྗོད་ལས་འདས་པ་དང་གཟི་བརྗིད་ཀྱིས་ཁེངས་པའི་དགའ་སྤྲོ་ཆེན་པོས་ཁྱེད་ཚོ་དགའ་བར་བྱེད།
9 གང་ཡིན་ཟེར་ན།
ཁྱེད་ཚོའི་དད་པའི་འབྲས་བུ་སྟེ་ཐར་པ་འཐོབ་བཞིན་ཡོད།
10 ཁྱེད་རྣམས་ལ་འབྱུང་བར་འགྱུར་བའི་ཐུགས་རྗེ་བརྗོད་མཁན་ལུང་སྟོན་པ ་རྣམས་ཀྱིས་ཐར་པ་དེའི་སྐོར་ཞིབ་ཕྲ་རྩད་གཅོད་བྱས་ཏེ།
11 ཁོང་ཚོའི་སེམས་ནང་ལ་བཞུགས་པའི་མཱ་ཤི་ཀའི་ཐུགས་ཉིད་ཀྱིས་མཱ་ཤི་ཀའི་སྡུག་བསྔལ་དང་དེའི་རྗེས་སུ་འབྱུང་བའི་གཟི་བརྗིད་ཀྱི་སྐོར་ལུང་བསྟན་པའི་ཚེ།
དེའི་དུས་སམ་གནས་ཚུལ་གང་ཡིན་པ་དཔྱད་པར་འདོད།
12 རང་ཉིད་ལ་མིན་ཏེ་ཁྱེད་ཚོར་ཞབས་ཕྱི་ཞུས་པ་དེ་ལུང་སྟོན་པ་རྣམས་ལ་མངོན་པར་གྱུར།
ད་ལྟ་དཀོན་མཆོག་གི་ཞིང་ཁམས་ནས་མངགས་པའི་དམ་པའི་ཐུགས་ཉིད ་ཀྱི་དབང་གི་སྒོ་ནས་ཆོས་སྟོན་པ་རྣམས་ཀྱིས་ཁྱེད་ཚོ་ལ་འཕྲིན་བཟང ་དེ་བསྒྲགས།
དཀོན་མཆོག་གི་ཕོ་ཉ ་རྣམས་ཀྱིས་ཀྱང་དོན་དེ་ཚོ་མཁྱེན་པར་འདོད།
དམ་པའི་སྤྱོད་ལམ་བྱེད་དགོས་པའི་སྐོར།
13 དེའི་ཕྱིར་སོ་སོའི་སེམས་གྲ་སྒྲིག་བྱེད་དེ་རང་ཚོད་ཟིན་ནས་ཡེ་ཤུ ་མཱ་ཤི་ཀ ་མངོན་པར་འགྱུར་བའི་དུས་སུ་ཁྱེད་ཚོར་གནང་རྒྱུ་ཡིན་པའི་ཐུགས་རྗེ་ལ་རེ་བ་མཐའ་གཅིག་ཏུ་བྱེད་ཅིག
14 ཁ་ལ་ཉན་པའི་ཕྲུ་གུ་ལྟར་སྔར་གྱི་རྨོངས་པའི་དབང་གིས་འདོད་ཆགས་མི་བྱེད་པར།
15 ཁྱེད་ཚོ་བོས་གནང་མཁན་ནི་དམ་པ་ཡིན་པས་སྤྱོད་ལམ་ཚང་མ་དམ་པར་བྱོས་ཤིག
16 གང་ཡིན་ཞེ་ན།
མདོ་ལས།
ང་ནི་དམ་པ་ཡིན་པས་ཁྱོད་ཚོའང་དམ་པར་ངེས་པར་འགྱུར་དགོས་ཞེས་འཁོད།*
17 ཕྱོགས་རིས་མེད་པར་སོ་སོས་བྱ་བ་གང་བྱས་པར་གཞིགས་ནས་ཁྲིམས་གཅོད་མཛད་མཁན་ལ་ཁྱེད་ཚོས་ཡབ་ཅེས་ཞུ་བས།
གནས་གཡར་བ་ལྟར་འཇིག་རྟེན་འདིར་སྡོད་རིང་དཀོན་མཆོག ་ལ་བཀུར་སྟི་བྱེད་དེ་མི་ཚེ་སྐྱེལ་དགོས།
18 མེས་པོ་ལས་བྱུང་བའི་དོན་མེད་ཀྱི་ལུགས་སྲོལ་ལྟར་ཁྱེད་ཚོ་གསེར་རམ་དངུལ་ལ་སོགས་པའི་འཇིག་ཏུ་འགྲོ་བའི་རིན་གྱིས་བླུས་པ་མ་ཡིན་གྱིས།
19 སྐྱོན་དང་དྲི་མ་བྲལ་བའི་ལུ་གུ་ལྟར་གྱི་མཱ་ཤི་ཀའི་སྐུ་ཁྲག་རིན་ཐང་ཆེ་བ་དེས་བླུས་པ་ཁྱེད་ཚོས་ཤེས།
20 དཀོན་མཆོག་གིས་འཇིག་རྟེན་བཀོད་པའི་སྔོན་ལ་ཁོང་ནི་བདམས་ཀྱང༌།
ད་དུས་མཐའ་མར་ཁྱེད་ཚོའི་དོན་དུ་མངོན་པར་གྱུར།
21 ཁྱེད་ཚོ་མཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་ལ་དད་པ་སྐྱེས།
དཀོན་མཆོག་གིས་ཁོང་འཆི་བ་ནས་སླར་གསོན་པ ར་མཛད་ནས་གཟི་བརྗིད་གནང་བས།
ཁྱེད་ཚོ་དཀོན་མཆོག་ལ་དད་ཅིང་རེ་བ་བྱེད།
22 བདེན་པའི་བཀའ་ལ་ཉན་པའི་སྒོ་ནས་སེམས་དག་པར་བྱས་ཏེ།
སྤུན་ཟླ་རྣམས་ལ་སྙིང་ཐག་པ་ནས་བྱམས་པར་བྱེད་པས།
གཅིག་གིས་གཅིག་ལ་སེམས་ཀྱི་གཏིང་ནས་བྱམས་པ་བྱེད།
23 གང་ལགས་ཟེར་ན།
ཁྱེད་ཚོ་མི་རྟག་པའི་ས་བོན་མིན་ཏེ་རྒྱུན་དུ་གནས་པའི་ས་བོན་ལས་ཡང་བསྐྱར་སྐྱེས།
ས་བོན་དེ་ནི་འཚོ་བའི་སྤྱོད་ལམ་སྟོན་པའི་དཀོན་མཆོག་གི་བཀའ ་རྟག་ཏུ་གནས་པ་དེ་ཡིན་ནོ། །
24 ཤ་ཁྲག་གདོས་བཅས་རྩྭ་དང་འདྲ། །
དཔལ་ཡོན་གཟི་བརྗིད་མེ་ཏོག་འདྲ། །
རྩྭ་སྐམ་མེ་ཏོག་རྙིད་འགྱུར་ཀྱང༌། །
25 གཙོ་བོ འི་བཀའ་ནི་རྒྱུན་དུ་གནས། །*
བཀའ་དེ་ནི་ཁྱེད་ཚོར་བསྒྲགས་པའི་འཕྲིན་བཟང ་ཡིན་ནོ། །