༄༅། །པེ་ཏྲོ་ཡིས་བྲིས་པའི་འཕྲིན་ཡིག་གཉིས་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། གཙོ་བོཡེ་ཤུའི་ཉེ་གནསཔེ་ཏྲོསྐུ་ཚབཔེ་ཏྲོ་ཡང་ཟེར།
རྩོམ་དུས། སྤྱི་ལོ་ 67-68 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། བསླབ་བྱ་རྫུན་མ་ཐོས་ཉེན་ཡོད་མཁན་མཱ་ཤི་པ་རྣམས།
ནང་དོན་གཙོ་བོ། འཕྲིན་ཡིག་ཐུང་ངུ་འདིར་སྐུ་ཚབ་པེ་ཏྲོ་ཡིས་དད་ལྡན་རྣམས་ནི་སེམས་ཉིད་སྨིན་པར་འགྱུར་བར་སྐུལ། ཁོང་གིས་ཁོ་རྣམས་ལ་བསླབ་བྱ་རྫུན་མ་སྟོན་པའི་ཆོས་ཤོད་མཁན་ལ་དོགས་ཟོན་བྱེད་ཅིང་གཡོལ་དགོས་པའི་ཉེན་བརྡ་གཏོང༌། དེས་མ་ཟད་ཁོང་གིས་ཁོ་རྣམས་ལ་གཙོ་བོ་འབྱོན་པའི་ཉིན་མོ་ལ་ངང་རྒྱུད་རིང་པོས་སྒུག་པར་སྐུལ། གང་ལགས་ཟེར་ན། དཀོན་མཆོགགིས་མི་སུ་ཞིག་ཀྱང་འཇིག་པར་མི་འགྱུར་བར་ཐམས་ཅད་ཀྱིས་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་བར་དགོངས་པས་སོ། །