༄༅། །པེ་ཏྲོ་ཡིས་བྲིས་པའི་འཕྲིན་ཡིག་དང་པོ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། གཙོ་བོཡེ་ཤུའི་ཉེ་གནསཔེ་ཏྲོསྐུ་ཚབཔེ་ཏྲོ་ཡང་ཟེར།
རྩོམ་དུས། སྤྱི་ལོ་ 60-68 བར་ཙམ་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། རོ་མཱགོང་མའི་རྒྱལ་ཁབ་ཀྱི་ཤར་ཕྱོགས་སུ་སྡོད་མཁན་མཱ་ཤི་པ་རྣམས།
ནང་དོན་གཙོ་བོ། མཱ་ཤི་ཀ་པ་དེ་རྣམས་ཀྱི་ནང་ནས་ཁ་ཤས་གཙོ་བོ་ཡེ་ཤུ་ལ་དད་པ་བྱེད་པའི་རྐྱེན་གྱིས་གནོད་འཚེ་མྱོང༌། སྐུ་ཚབ་པེ་ཏྲོ་ཡིས་སྡུག་བསྔལ་ནི་གཙོ་བོ་ཡེ་ཤུ་ལ་ཞབས་ཏོག་བྱེད་སྟངས་དང༌། ཐུགས་རྗེའི་འཕྲིན་བཟངལ་བདེན་དཔང་བྱེད་ཚུལ། བཅོས་མིན་གྱི་དད་པ་མངོན་པར་བྱེད་པའི་ཉམས་ཚོད་བཅས་ཡིན་སྲིད་པ་ཁོ་རྣམས་ལ་སྟོན། ཁོང་གིས་སྡུག་བསྔལ་མྱོང་བའི་མཱ་ཤི་ཀ་པ་རྣམས་ལ་གཙོ་བོ་ཡེ་ཤུ་ལ་བློ་གཏད་བྱེད་དེ་ཁོང་གི་བཀའ་ལ་ཉན་ཞིང་དཀོན་མཆོགགིས་ཞལ་གྱིས་བཞེས་པའི་མནའ་ལ་ཡིད་རྟོན་བྱེད་པར་སྐུལ།