ལེའུ་དྲུག་པ།
སྡིག་ཉེས་ཀྱི་དབང་ལས་བྲལ་བ།
1 འོ་ན།
ང་ཚོས་ཅི་ཟེར་བར་བྱ།
ཐུགས་རྗེ་འཕེལ་བའི་ཆེད་དུ་ངེད་རྣམས་སྡིག་ཉེསལ་གནས་པར་བྱའམ།
2 དེ་མི་སྲིད།
ངེད་རྣམས་སྡིག་ཉེས་ལས་འདས་ཟིན་པས་ད་དུང་དེའི་ནང་འཚོ་བར་ཅི་ལྟར་སྲིད།
3 མཱ་ཤི་ཡེ་ཤུའི་ཐོག་ནས་ཁྲུས་གསོལལེན་མཁན་ངེད་ཐམས་ཅད་ཀྱིས་ཁོང་གྲོངས་པའི་ཐོག་ནས་ཁྲུས་གསོལ་བླངས་པ་དེ་མི་ཤེས་སམ།
4 དེའི་ཕྱིར་ཁྲུས་གསོལ་ལེན་པའི་སྒོ་ནས་ངེད་རྣམས་ཁོང་དང་མཉམ་དུ་ཤི་ནས་དུར་དུ་བཅུག་པ་ལྟར་ཡིན་པས།
དེ་ནི་ཡབ་ཀྱི་གཟི་བརྗིད་དང་ལྡན་པའི་ནུས་མཐུ་ཡིས་མཱ་ཤི་ཀ་སླར་གསོན་དུ་མཛད་པ་བཞིན།
ང་ཚོའང་ཚེ་གསར་ཞིག་གི་ནང་འཚོ་བའི་ཕྱིར་རོ།
5 གང་ཡིན་ཞེ་ན།
གལ་སྲིད་དེ་ལྟར་ཁོང་གྲོངས་པའི་ཐོག་ནས་ངེད་རྣམས་ཁོང་དང་གཅིག་ཏུ་གྱུར་ན།
ཁོང་དང་གཅིག་ཏུ་སླར་གསོན་པོར་ཡང་འགྱུར་ངེས་ཡིན།
6 ད་ཕྱིན་ཆད་ངེད་རྣམས་སྡིག་ཉེས་ཀྱི་བྲན་གཡོག་མ་ཡིན་པའི་ཆེད་དུ་དང༌།
སྡིག་ཉེས་ཀྱི་དབང་འོག་ཏུ་མི་གནས་པའི་ཕྱིར།
ང་ཚོ་སྡིག་ཉེས་ཅན་གྱི་གང་ཟག་རྙིང་པ་དེ་མེད་པར་འགྱུར་བའི་ཕྱིར་མཱ་ཤི་ཀ་དང་མཉམ་དུ་རྒྱང་ཤིངསྒང་ལ་བརྒྱངས་པ་ཡིན་པ་ངེད་རྣམས་ཀྱིས་ཤེས།
7 གང་ལགས་ཟེར་ན།
ཤི་ཟིན་པ་དེ་སྡིག་ཉེས་ཀྱི་དབང་ལས་ཐར་ར་གྱུར་བ་ཡིན་པས་སོ།
8 ངེད་རྣམས་མཱ་ཤི་ཀ་དང་མཉམ་དུ་ཤི་བ་ཡིན་ན།
ཁོང་དང་མཉམ་དུ་འཚོ་བར་ཡང་ཡིད་ཆེས།
9 མཱ་ཤི་ཀ་འཆི་བ་ནས་སླར་གསོན་པོར་གྱུར་བ་ཡིན་ཏེ་ཡང་བསྐྱར་འགྲོངས་མི་སྲིད་པས།
ད་ཕྱིན་ཆད་ཁོང་འཆི་བའི་དབང་འོག་ཏུ་མིན་པ་ངེད་ཀྱིས་ཤེས།
10 ཁོང་གྲོངས་པ་དེ་སྡིག་ཉེས་ཀྱི་དབང་ལས་རྒྱལ་བའི་ཕྱིར་ཐེངས་གཅིག་གྲོངས།
ཁོང་འཚོ་བ་དེ་དཀོན་མཆོགཐུགས་མཉེས་ཕྱིར་འཚོ།
11 དེ་བས་ན་ཁྱེད་ཚོའང་སྡིག་ཉེས་ཀྱི་དབང་འོག་ཏུ་མི་གནས་པ་དང༌།
མཱ་ཤི་ཀ་ཡེ་ཤུ་བརྒྱུད་ནས་དཀོན་མཆོག་ཐུགས་མཉེས་ཕྱིར་གསོན་པ་ཡིན་པར་རྩིས་ཤིག
12 དེའི་ཕྱིར་འདོད་ཆགས་ཀྱི་དབང་དུ་མི་འགྲོ་བའི་ཆེད་དུ་སྡིག་ཉེས་ཀྱིས་ཁྱེད་ཚོའི་མི་རྟག་པའི་ལུས་ལ་དབང་བསྒྱུར་དུ་མ་འཇུག
13 ལུས་ཀྱི་ཡན་ལག་དེ་ངན་པ་ལ་གཡོག་བྱེད་པའི་ལག་ཆ་ལྟར་སྡིག་ཉེས་ལ་མ་གཏོད།
དེ་ལས་ལྡོག་སྟེ་ཤི་ནས་གསོན་པོར་གྱུར་བ་ལྟར་ཁྱོད་ཚོས་རང་ཉིད་དཀོན་མཆོག་ལ་ཕུལ་ཞིང༌།
ལུས་ཀྱི་ཡན་ལག་ཀྱང་ཡང་དག་པ་ཉིད་ཀྱི་ལག་ཆ་ལྟར་ཁོང་ལ་མཆོད་པ་ཕུལ་ཞིག
14 སྡིག་ཉེས་ཀྱིས་ཁྱེད་ཚོར་དབང་མི་བསྒྱུར།
གང་ཡིན་ཞེ་ན།
ཁྱེད་ཚོ་ཆོས་ཁྲིམསཀྱི་དབང་འོག་ཏུ་མ་ཡིན་པར་ཐུགས་རྗེའི་དབང་འོག་ཏུ་ཡོད་པས་སོ། །
དྲང་བདེན་གྱི་སྤྱོད་པའི་བྲན་གཡོག་ཏུ་གྱུར་བ།
15 བྱས་ན།
ཆོས་ཁྲིམསཀྱི་དབང་འོག་ཏུ་མིན་ཏེ་ཐུགས་རྗེའི་དབང་འོག་ཏུ་ཡོད་པས་སྡིག་ཉེསབྱེད་དམ།
དེ་རྩ་བ་ནས་མི་རུང༌།
16 གང་གི་བཀའ་ལ་ཉན་པ་དེའི་བྲན་གཡོག་ཏུ་འགྱུར་བ་ཁྱེད་ཚོས་མི་ཤེས་སམ།
སྡིག་ཉེས་ཀྱི་བྲན་གཡོག་ཏུ་གྱུར་བའི་འབྲས་བུ་ནི་འཆི་བ་དང༌།
བཀའ་ལ་ཉན་པའི་བྲན་གཡོག་ཏུ་གྱུར་བའི་འབྲས་བུ་ནི་དཀོན་མཆོགཐུགས་མཉེས་པའི་སྤྱོད་ལམ་བཟང་པོ་ཡིན།
17 སྔོན་མ་སྡིག་ཉེས་ཀྱི་བྲན་གཡོག་བྱས་ཀྱང༌།
ད་ཁྱེད་ཚོར་གཏད་པར་གྱུར་བའི་བསྟན་པ་ལ་སྙིང་ཐག་པ་ནས་ཉན་པས་དཀོན་མཆོག་ལ་བཀའ་དྲིན་ཆེ་ཞུའོ།
18 སྡིག་ཉེས་ལས་བསྒྲལ་ཏེ་ཁྱེད་ཚོ་དྲང་བདེན་གྱི་སྤྱོད་པའི་བྲན་གཡོག་ཏུ་གྱུར།
19 ཁྱེད་ཚོའི་རྟོགས་པའི་ནུས་པ་ཞན་པས་ངས་མིའི་ལུགས་སྲོལ་ལྟར་བརྗོད་དེ།
སྔར་ཁྱེད་རྣམས་ཀྱིས་ལུས་ཀྱི་ཡན་ལག་མི་གཙང་བ་དང་ངན་པའི་གཡོག་བྱེད་དུ་གཏད་དེ་དེ་བས་ངན་པ་མང་དུ་འཕེལ་བཞིན།
ད་ལྟ་དམ་པར་འཕེལ་བའི་ཕྱིར་ཁྱེད་ཀྱི་ཡན་ལག་སྤྱོད་པ་བཟང་པོ་ལ་གཡོག་བྱེད་པར་གཏོད་ཅིག
20 སྡིག་ཉེས་ཀྱི་གཡོག་བྱེད་དུས་ཁྱེད་ཚོ་དྲང་བདེན་ཉིད་ཀྱི་དབང་བསྒྱུར་ལས་བྲལ་ལོ།
21 དེ་བས་ན།
ད་ལྟ་ངོ་ཚ་བར་རྩི་བའི་དོན་དེ་རྣམས་ལས་ཕན་ཐོགས་ཅི་ཐོབ།
དེ་ཚོའི་འབྲས་བུ་ནི་འཆི་བ་ཡིན།
22 ད་ལྟ་ཁྱེད་རྣམས་སྡིག་ཉེས་ལས་ཐར་ར་གྱུར་ནས་དཀོན་མཆོག་གི་བྲན་གཡོག་བྱེད་པས།
དམ་པར་འགྱུར་བའི་ཕན་ཐོགས་འཐོབ།
དེའི་འབྲས་བུ་ནི་དཔག་ཏུ་མེད་པའི་ཚེཡིན།
23 དེས་ན་སྡིག་ཉེས་ཀྱི་གླ་ཆ་ནི་འཆི་བ་ཡིན།
འོན་ཀྱང་དཀོན་མཆོག་གི་རིན་ཐང་བྲལ་བའི་ཐུགས་རྗེའི་གནང་སྦྱིན་ནི་མཱ་ཤི་ཡེ་ཤུངེད་རྣམས་ཀྱི་གཙོ་བོབརྒྱུད་ནས་ཐོབ་པའི་དཔག་ཏུ་མེད་པའི་ཚེ་དེ་ཡིན་ནོ། །