༄༅། །སྐུ་ཚབ་རྣམས་ཀྱི་མཛད་པ་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། ཆོས་ཤོད་མཁན་ལུ་ཀཱ ཁོང་ནི་ལུ་ཀཱ་ཡིས་བྲིས་པའི་འཕྲིན་བཟང ་གི་རྩོམ་པ་པོ་དང༌། སྨན་པ་ཞིག སྐུ་ཚབ ་པའུ་ལུ འི་གྲོགས་པོ་བཅས་ཡིན།
རྩོམ་དུས། སྤྱི་ལོའི་དུས་རབས་དང་པོའི་དུས་དཀྱིལ་ཙམ་གྱི་རྗེས་སུ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། ལོ་རྒྱུས།
ཐོག་མའི་ཀློག་མཁན། ཐེ་ཨོ་ཕི་ལུ ་དང་མཱ་ཤི་ཀ ་པ་གཞན་རྣམས།
ནང་དོན་གཙོ་བོ། གཙོ་བོ་ཡེ་ཤུ ་དཀོན་མཆོག་གི་ཞིང་ཁམས ་སུ་ཡར་འཕགས་པའི་སྐབས་སུ་ཁོང་གིས་ཉེ་གནས ་རྣམས་ལ་“ཡེ་རུ་ཤ་ལེམ ་དང༌། ཡ་ཧུ་དཱ་ཡུལ ་ཡོངས། ས་མར་ཡཱ་ཡུལ ། ས་གཞི་མཐའ་མའི་བར་དུ་ངའི་དཔང་པོ་ཡིན་པར་འགྱུར་”ཞེས་གསུངས། བཀའ་དེ་ལ་ཉན་ཏེ་ཁོང་གི་ཉེ་གནས་དང་དད་ལྡན་གཞན་རྣམས་མི་རིགས་ཐམས་ཅད་ལ་འཕྲིན་བཟང་སྒྲོག་པའི་ཆེད་དུ་ཕྱིར་ཕེབས། ཡི་སི་ར་ཨེལ ་གྱི་རྒྱལ་ས་ཡེ་རུ་ཤ་ལེམ་ནས་བཟུང་སྟེ་ཁོང་ཚོས་ས་དབུས་རྒྱ་མཚོའི་འགྲམ་ལ་ཆགས་པའི་རྒྱལ་ཁབ་ལ་ཆོས་ཚོགས་བཙུགས། ཆོས་ཤོད་མཁན་ལུ་ཀཱ་ནི་གང་བྱུང་བ་དེའི་མིག་གིས་མཐོང་མཁན་ཡིན་པས། སྤྱི་ལོའི་དུས་རབས་དང་པོའི་ཆོས་ཚོགས་ཀྱི་ལོ་རྒྱུས་འདི་བྲིས་ནས་ཐེ་ཨོ་ཕི་ལུ་ཞེས་ཟེར་མཁན་ལ་བཏང༌།