ཁྱེད་རྣམ་པ་དྲ་ཚིགས་འདིར་ཕེབས་པར་དགའ་བསུ་ཞུ།

ལྷན་རྒྱས་ཀྱིས་དམ་པའི་གསུང་རབ་ཀྱི་མདོ་དང་རྒྱུ་ཆ་རྣམས་རིན་མེད་དུ་ཕབ་ལེན་བྱ་རྒྱུ་དང་མི་གཞན་ལ་འབུལ་བར་དགའ་བསུ་ཞུ། དམ་པའི་གསུང་རབ་འདིར་དེང་རབས་ཀྱི་བོད་ཡིག་དང་དབུས་གཙང་ཁུལ་དུ་ཁྱབ་བརྡལ་ཆེ་བའི་འབྲི་སྲོལ་སྤྱད་ནས་བསྒྱུར་རོ།།

ཐར་ལམ། ཐར་པའི་ལམ་སྟོན་པ།

འཆི་གསོན་སྐོར་གྱི་བོད་ཀྱི་དྲི་བ་ཕྱོགས་བསྒྲིགས།

ཁ་ཕྱེ། www.tharlam.app

དྲིས་ལན། བཀོལ་སྤྱོད་མཉེན་ཆས།

༅༅། །འཛམ་གླིང་མཐའ་གྲུ་གསལ་བའི་འོད་སྣང་

དེང་རབས་ཀྱི་བོད་ཡིག་ཏུ་བསྒྱུར་བའི་ཞལ་ཆད་གསར་པ་དཔེ་སྐྲུན་བྱས་ཡོད།

དམ་པའི་གསུང་རབ། བཀོལ་སྤྱོད་མཉེན་ཆས།

དེང་རབས་ཀྱི་བོད་ཡིག་ཏུ་བསྒྱུར་བའི་དམ་པའི་གསུང་རབ་གསར་པ་ཀློག་པའམ།  སློབ་པའམ་ཉན་རྒྱུ་ཡང་གནང་ཐུབ།

ཀློག་རྒྱུ། དེང་རབས་ཀྱི་བོད་ཡིག་ཏུ་བསྒྱུར་བའི་དམ་པའི་གསུང་རབ་ཀློག་ཐུབ།  དམ་པའི་གསུང་རབ་འདི་བོད་དབྱིན་རྒྱ་གསུམ་གྱི་སྐད་ཡིག་ཐོག་ནས་བལྟ་ཐུབ།

སློབ་རྒྱུ།  དམ་པའི་གསུང་རབ་འདིའི་ནང་མཆན་འགྲེལ་དང་ཚིག་འགྲེལ།  ས་བཀྲ  པར་རྣམས་དང་བཅས་བོད་རྒྱ་ཤན་སྦྱར་ཀྱི་རྩ་འགྲེལ་ཀྱི་སློབ་རྒྱུའི་ཁ་སྣོན་ཡང་འདིར་ཡོད།  དཔེར་ན།

– གཙོ་བོ་ཡེ་ཤུའི་སྨོན་ལམ་གྱི་འགྲེལ་བཤད་བཞུགས་སོ།།
– དཀོན་མཆོག་གི་བཀའ་ཁྲིམས་བཅུའི་འགྲེལ་བཤད་བཞུགས་སོ།།
– སྐུ་ཚབ་རྣམས་ཀྱི་དམ་ཚིག་གི་འགྲེལ་བཤད་བཞུགས་སོ།།
– སྟོན་པ་ཡེ་ཤུའི་ཆོས་ལུགས་ཀྱི་དྲིས་ལན་བཞུགས་སོ།།

རྒྱུ་ཆ་གཞན་རྣམས་ནི།
– ཞལ་ཆད་གསར་པའི་ངོ་སྤྲོད།
– ཞལ་ཆད་རྙིང་པའི་མདོ་རྣམས་ཀྱི་མིང་ཐོ།
– ཡེ་ཤུའི་ཆོས་ལུགས་དང་འབྲེལ་བའི་ལོ་རྒྱུས་དོན་ཆེན་རེའུ་མིག

ཉན་རྒྱུ།  ཞལ་ཆད་གསར་པ་བོད་ཀྱི་དབུས་སྐད་ཐོག་ནས་ཉན་ཐུབ།

མཉེན་ཆས་འདི་ཁྱེད་ཉིད་ཀྱིས་གྲོགས་པོ་རྣམས་ལ་ཕུལ་ཆོག

ཁྱེད་ཀྱིས་དཀོན་མཆོག་གི་བཀའ་རྣམས་སློབ་སྦྱོང་བྱེད་སྐབས་དཀོན་མཆོག་གིས་ཁྱེད་ལ་བྱིན་རླབས་གནང་བར་ཤོག

འབྲེལ་གཏུག་གནང་རོགས་གནང་

གལ་ཏེ་དྲ་ཚིགས་འདིའི་སྐོར་གྱི་ཆ་འཕྲིན་མཁྱེན་འདོད་ན། ང་ཚོར་གློག་རྡུལ་ཡི་གེ་བསྐུར་གནང་དང་