ལེའུ་བརྒྱད་པ།
ཕྱག་རྒྱ་བདུན་པ་དང་བསངས་ཕོར་གྱི་སྐོར།
1 ལུ་གུས་ཕྱག་རྒྱ་བདུན་པ་གཅོད་པར་མཛད་པའི་ཚེ།
ཆུ་ཚོད་ཕྱེད་ཙམ་གྱི་བར་དུ་དཀོན་མཆོག་གི་ཞིང་ཁམསསྒྲ་མེད་དུ་གྱུར།
2 ཡང་ངས་དཀོན་མཆོགགི་མདུན་དུ་ལངས་ཏེ་སྡོད་པའི་ཕོ་ཉ་བདུན་པོ་དེ་ཚོ་མཐོང༌།
ཁོ་རྣམས་ལ་དུང་ཆེན་བདུན་གནང༌།
3 ཕོ་ཉ་གཞན་ཞིག་གསེར་གྱི་བསངས་ཕོར་འཁྱེར་ཏེ་མཆོད་ཁྲིའི་མདུན་དུ་ཡོང་ནས་ལངས།
དཀོན་མཆོག་གི་མིཐམས་ཅད་ཀྱི་སྨོན་ལམདང་བཅས་བཞུགས་ཁྲིའི་མདུན་དུ་གསེར་གྱི་མཆོད་ཁྲིའི་ཁར་ཕུལ་བའི་ཕྱིར།
ཁོང་ལ་བདུག་སྤོས་མང་པོ་ཐོབ།
4 བདུག་སྤོས་ཀྱི་དུ་བ་ནི་དཀོན་མཆོག་གི་མི་རྣམསཀྱི་སྨོན་ལམ་དང་བཅས་པར་ཕོ་ཉ་དེའི་ཕྱག་ནས་ཡར་དཀོན་མཆོག་གི་མདུན་དུ་སླེབས།
5 དེ་ནས་ཕོ་ཉ་དེས་མཆོད་ཁྲིའི་མེ་ཡིས་བསངས་ཕོར་བཀང་ནས་ས་གཞི་ལ་འཕངས་ཏེ།
གློག་འཁྱུག་པ་དང༌།
སྒྲ་སྣ་ཚོགས།
འབྲུག་སྒྲ་དང༌།
ས་ཡོམ་བྱུང༌།
དུང་ཆེན་བདུན་གྱི་སྐོར།
6 དུང་ཆེན་བདུན་ཡོད་པའི་ཕོ་ཉ་བདུན་པོས་དུང་ཆེན་གཏོང་རྒྱུའི་གྲ་སྒྲིག་བྱས།
7 ཕོ་ཉ་དང་པོས་རང་གི་དུང་ཆེན་བུས་ནས་སེར་བ་དང་མེ་ཁྲག་འདྲེས་པ་བྱུང་སྟེ་ས་གཞི་ལ་འཕངས་ནས་ས་གཞིའི་གསུམ་ཆ་གཅིག་དང༌།
ཤིང་རྣམས་ཀྱི་གསུམ་ཆ་གཅིག་དང༌།
རྩྭ་སྔོན་པོ་ཐམས་ཅད་མེས་ཚིག་པར་གྱུར།
8 ཕོ་ཉ་གཉིས་པས་རང་གི་དུང་ཆེན་བུས་ནས་མེ་འབར་བའི་རི་ཆེན་པོ་དང་འདྲ་བ་ཞིག་རྒྱ་མཚོ་ལ་འཕངས།
རྒྱ་མཚོའི་གསུམ་ཆ་གཅིག་ཁྲག་ཏུ་གྱུར་ཏེ།
9 རྒྱ་མཚོ་ནང་ལ་ཡོད་པའི་སེམས་ཅན་གསུམ་ཆ་གཅིག་ཤི་ནས།
གྲུ་གཟིངས་ཀྱི་གསུམ་ཆ་གཅིག་འཇིག་པར་གྱུར།
10 ཕོ་ཉ་གསུམ་པས་རང་གི་དུང་ཆེན་བུས་ནས་མེ་འབར་བའི་དཔལ་འབར་དང་འདྲ་བའི་སྐར་མ་ཆེན་པོ་ཞིག་ནམ་མཁའ་ནས་གཙང་པོ་རྣམས་ཀྱི་གསུམ་ཆ་གཅིག་དང༌།
ཆུ་མིག་རྣམས་ལ་ལྷུངས།
11 སྐར་མ་དེའི་མིང་ནི་ཁ་ཏིག་ཡིན།
ཆུ་རྣམས་ཀྱི་གསུམ་ཆ་གཅིག་ཁ་ཏིག་ཏུ་གྱུར་བས་མི་མང་པོ་ཤི
12 ཕོ་ཉ་བཞི་པས་རང་གི་དུང་ཆེན་བུས་ནས་ཉི་མའི་གསུམ་ཆ་གཅིག་དང༌།
ཟླ་བའི་གསུམ་ཆ་གཅིག་དང༌།
སྐར་མ་རྣམས་ཀྱི་གསུམ་ཆ་གཅིག་ལ་ཕོག་སྟེ།
དེ་ཚོ་ལས་གསུམ་ཆ་གཅིག་མུན་ནག་ཏུ་གྱུར་བས།
ཉིན་མོ་དང་མཚན་མོའི་གསུམ་ཆ་གཅིག་ལ་འོད་མ་འཕྲོས།
13 དེ་ནས་ངས་བལྟས་པ་དང༌།
ནམ་མཁའི་དཀྱིལ་ལ་བྱ་གླག་འཕུར་བ་ཡིས་སྐད་ཆེན་པོས་“ཆག་སྒོ་ཆེན་པོ།
ཆག་སྒོ་ཆེན་པོ།
ཆག་སྒོ་ཆེན་པོ།
ཕོ་ཉ་གཞན་གསུམ་གྱིས་ད་ལྟ་དུང་ཆེན་འབུད་དགོས་པའི་རྐྱེན་གྱིས་ས་གཞི་ལ་སྡོད་པའི་མི་རྣམས་ལ་ཆག་སྒོ་ཆེན་པོ་འབྱུང་ངེས་ཡིན་”ཞེས་སྨྲས་པ་ཐོས་སོ། །