ལེའུ་བཞི་པ།
དཀོན་མཆོག་གི་ཞིང་ཁམས་ཀྱི་བཞུགས་ཁྲི།
1 དེ་ནས་ངས་བལྟས་ཏེ་དཀོན་མཆོག་གི་ཞིང་ཁམསསུ་སྒོ་ཕྱེས་པ་ཞིག་འདུག
སྔར་གྱི་དུང་ཆེན་དང་འདྲ་བའི་གསུང་སྐད་དེས་ང་ལ་“ཡར་ཤོག་ལ།
དོན་འདི་རྣམས་ཀྱི་རྗེས་སུ་གང་འབྱུང་དགོས་པ་རྣམས་ཁྱོད་ལ་སྟོན་པར་བྱ་”ཞེས་གསུངས་མ་ཐག
2 ང་དཀོན་མཆོགགི་དམ་པའི་ཐུགས་ཉིདཀྱི་དབང་འོག་ཏུ་ཡོད་པ་དང༌།
དཀོན་མཆོག་གི་ཞིང་ཁམས་སུ་བཞུགས་ཁྲི་ཞིག་ཡོད་ཅིང༌།
དེ་ལ་བཞུགས་པ་ཞིག་འདུག
3 ཁོང་གི་སྐུའི་རྣམ་པ་ནི་འོད་འཕྲོ་བའི་ནོར་བུ་སྣ་ཚོགས་དང་འདྲ་བ་ཡིན།
ཁོང་གི་བཞུགས་ཁྲིའི་མཐའ་འཁོར་ལ་མར་གད་དང་འདྲ་བའི་འཇའ་ཞིག་འདུག
4 ཡང་བཞུགས་ཁྲི་དེའི་མཐའ་འཁོར་ལ་བཞུགས་ཁྲི་ཉི་ཤུ་རྩ་བཞི་ཡོད་པ་དང༌།
ཁྲི་དེ་རྣམས་ལ་ན་བཟའ་དཀར་པོ་དང༌།
དབུ་ལ་གསེར་གྱི་ཅོད་པན་གྱོན་པའི་རྒན་པོ་ཉི་ཤུ་རྩ་བཞི་བཞུགས།
5 བཞུགས་ཁྲི་ནས་གློག་འཁྱུག་པ་དང༌།
སྒྲ་སྣ་ཚོགས་དང༌།
འབྲུག་སྒྲ་འཐོན།
བཞུགས་ཁྲིའི་དྲུང་དུ་དཔལ་འབར་མེ་འབར་བ་བདུན་ཡོད།
དེ་ཚོ་ནི་དཀོན་མཆོག་གི་ཐུགས་ཉིདབདུན་པོ་ཡིན་ནོ།
6 ཡང་བཞུགས་ཁྲིའི་མདུན་དུ་ཤེལ་གྱི་རྒྱ་མཚོ་ནི་དྭངས་ཤེལ་དང་འདྲ་བ་ཞིག་ཡོད་ཅིང༌།
བཞུགས་ཁྲིའི་མཐའ་འཁོར་ལ་ཕྱོགས་བཞིར་རྒྱབ་མདུན་ཐམས་ཅད་མིག་གིས་གང་བའི་སེམས་ཅན་བཞི་ཡོད་དེ།
7 དང་པོ་ནི་སེང་གེ་དང་འདྲ་བ།
གཉིས་པ་དེ་བ་གླང་དང་འདྲ་བ།
གསུམ་པ་དེ་མིའི་ངོ་དང་ལྡན་པ།
བཞི་པ་དེ་བྱ་གླག་འཕུར་བ་དང་འདྲ་བ་ཡིན།
8 སེམས་ཅན་བཞི་པོ་རེ་རེ་ལ་གཤོག་པ་དྲུག་ལྡན་ལ་ཕྱི་ནང་གཉིས་པོ་མིག་གིས་གང་བའི་སེམས་ཅན་གྱིས་ཉིན་མཚན་མེད་པར།
དམ་པ་དམ་པ་དམ་པ། །
གཙོ་བོ་དཀོན་མཆོགདབང་ཀུན། །
འདས་དང་ད་ལྟ་མ་འོངས། །
དུས་གསུམ་ཀུན་ཏུ་གནས་སོ། །
ཞེས་གསུང་བཞིན་འདུག
9 སེམས་ཅན་དེ་ཚོས་བཞུགས་ཁྲི་ལ་བཞུགས་མཁན་རྟག་ཏུ་གནས་པ་ལ་གཟི་བརྗིད་དང༌།
བཀུར་སྟི་དང༌།
ཐུགས་རྗེ་ཆེ་ཞུ་བའི་སྐབས་སུ།
10 རྒན་པོ་ཉི་ཤུ་རྩ་བཞི་པོས་བཞུགས་ཁྲི་ལ་བཞུགས་མཁན་གྱི་མདུན་དུ་ཕྱག་བཙལ་ནས།
དུས་གཏན་དུ་གནས་པ་ལ་བསྙེན་བཀུར་ཞུ།
ཁོང་ཚོའི་ཅོད་པན་རྣམས་བཞུགས་ཁྲིའི་མདུན་དུ་བཞག་ནས།
11 ང་ཚོའི་གཙོ་བོང་ཚོའི་དཀོན་མཆོག་ལགས། །
གཟི་བརྗིད་དཔལ་ཡོན་དབང་དང་ལྡན་པར་འོས། །
གནམ་སར་ཡོད་པ་ཐམས་ཅད་ཁྱེད་ཀྱིས་བཀོད། །
ཡོད་ཚད་ཁྱེད་ཀྱི་ཐུགས་དགོངས་བཞིན་དུ་གནས། །
ཞེས་གསུང་བཞིན་འདུག །