ལེའུ་བཞི་པ།
དཀོན་མཆོག་གི་ཆེད་དུ་འཚོ་བ།
1 དེའི་ཕྱིར་མཱ་ཤི་ས་སྐུ་ལུས་ཀྱི་སྡུག་བསྔལ་མྱོང་བས།
དེ་ལྟ་བུའི་སེམས་ཀྱིས་རང་བརྟན་པར་བྱེད།
གང་ལགས་ཟེར་ན།
ལུས་ཀྱི་སྡུག་བསྔལ་མྱོང་བ་དེས་སྡིག་ཉེསདང་བྲལ།
2 དེ་ནི་ད་ཕྱིན་ཆད་ཁྱེད་ཚོ་ཤ་ཁྲག་གི་ལུས་རྒྱུན་མ་ཆད་བར་འཇིག་རྟེན་དུ་སྡོད་རིང་མིའི་འདོད་ཆགས་ལྟར་མ་ཡིན་གྱིས།
དཀོན་མཆོགགི་ཐུགས་དགོངས་ལྟར་མི་འཚེ་སྐྱེལ་བའི་ཕྱིར་རོ།
3 ཁྱེད་ཚོ་སྔོན་དད་མེད་པ་རྣམས་ཀྱི་འདོད་པ་ལྟར་བག་མེད་ལོངས་སྤྱོད་དང༌།
འདོད་ཆགས།
ར་བཟི་བ།
ལོག་གཡེམ།
བག་མེད་ཅན་གྱི་ཐུགས་སྤྲོ།
ཆོས་ལོག་པའི་སྐུ་འདྲར་བཀུར་བ་ལ་སོགས་བྱེད་པའི་འདས་ཟིན་གྱི་དུས་དེ་འདངས་ངེས་ཡིན།
4 དེ་ལྟར་གྱི་དཔེ་མི་སྲིད་པའི་སྤྱོད་ལམ་ངན་པ་ཁོ་ཚོ་དང་མཉམ་དུ་མི་བྱེད་པ་དད་མེད་པ་རྣམས་ཀྱིས་མཐོང་ནས་ཧ་ལས་པས།
ཁྱེད་ཚོར་སྨད་ར་གཏོང༌།
5 འོན་ཀྱང་ཁོ་ཚོས་འཆི་གསོན་གཉིས་ཀར་ཁྲིམས་གཅོད་གཏོང་རྒྱུ་ཡིན་པ་ཁོང་ལ་རྩིས་འབུལ་ཞུ་དགོས།
6 གཤིན་པོ་རྣམས་ལའང་འཕྲིན་བཟངབསྒྲགས་པའི་རྒྱུ་མཚན་ནི།
མི་ཡིན་པའི་ཆ་ནས་འཇིག་རྟེན་པ་ལྟར་ཁྲིམས་གཅོད་གཏོང་ཡང༌།
ཁོ་ཚོས་སེམས་ཉིད་ཀྱི་ཆ་ནས་དཀོན་མཆོག་གི་དགོངས་པ་ལྟར་འཚོ་བའི་ཆེད་དུ་ཡིན།
7 དོན་ཐམས་ཅད་ཀྱི་མཐའ་སླེབས་པར་ཉེ་བས།
སྨོན་ལམའདེབས་པའི་ཕྱིར་རང་ཚོད་ཟིན་པ་དང༌།
བློ་གསལ་པོར་གནས་ཤིག
8 གལ་ཆེ་ཤོས་ནི་གཅིག་གིས་གཅིག་ལ་སེམས་གཏིང་ནས་བྱམས་པར་འཛིན་ཞིག
གང་ལགས་ཤེ་ན།
བྱམས་པ་ཡིས་སྡིག་ཉེས་མང་པོ་གུ་ཡངས་གཏོང་ཐུབ་པས་སོ།*
9 མ་རངས་པའི་གཏམ་མི་བཤད་པར་གཅིག་གིས་གཅིག་ལ་སྣེ་ལེན་བྱེད།
10 ཁྱེད་ཚོའི་ནང་ནས་མི་རེ་རེ་ལ་དཀོན་མཆོག་ནས་གནང་སྦྱིན་ཞིག་ཐོབ་ཟིན་པས།
དཀོན་མཆོག་གི་ཐུགས་རྗེ་སྣ་ཚོགས་ཀྱི་གཉེར་པ་མཁས་པ་ལྟར་དེ་ཡིས་གཅིག་གིས་གཅིག་ལ་རོགས་བྱེད།
11 ཆོས་ཤོད་མཁན་རྣམས་ཀྱིས་དཀོན་མཆོག་གི་བཀའགསུང་པ་དེ་རང་ལྟར་ཤོད་དགོས།
རོགས་བྱེད་མཁན་གྱིས་དཀོན་མཆོག་གིས་གནང་བའི་སྟོབས་ཀྱིས་རོགས་བྱེད་དགོས།
དེ་ནས་དོན་ཐམས་ཅད་ཐོག་ནས་ཡེ་ཤུམཱ་ཤི་ཀ་བརྒྱུད་ནས་དཀོན་མཆོག་གཟི་བརྗིད་དང་ལྡན་པར་འགྱུར།
དུས་གཏན་དུ་གཟི་བརྗིད་དང་དབང་ཁོང་གི་ཡིན་ནོ། །
ཨ་མེན
མཱ་ཤི་ཀ་པའི་ཕྱིར་སྡུག་བསྔལ་མྱོང་བ།
12 གཅེས་པའི་སྤུན་ཟླ་རྣམས།
ཁྱེད་ཚོ་ཚོད་ལྟ་བྱེད་པའི་ཕྱིར་བྱུང་བའི་མེ་ལྟ་བུའི་སྡུག་བསྔལ་གྱི་རྐྱེན་གྱིས་ཁྱེད་ལ་ཁྱད་མཚར་ཞིག་འབྱུང་བ་ཡིན་མ་བསམ་མམ་ཡང་ན་ཡ་མཚན་མ་སྐྱེད།
13 དེ་ལས་ལྡོག་སྟེ་ཁྱེད་ཚོས་མཱ་ཤི་འི་སྡུག་བསྔལ་ཇི་ཙམ་མྱོང་བ་དེ་ཙམ་གྱི་དགའ་བར་གྱུར་ཅིག
དེ་ནས་ཁོང་གི་གཟི་བརྗིད་མངོན་པར་འགྱུར་བའི་ཚེ་ཁྱེད་ཚོ་ཧ་ཅང་དགའ་བར་གྱུར།
14 ཁྱེད་རྣམས་ལ་མཱ་ཤི་ཀའི་མཚན་གྱི་རྐྱེན་པས་དམའ་འབེབས་བྱས་ན་བདེའོ།
གང་ཡིན་ཟེར་ན།
དཀོན་མཆོགགི་གཟི་བརྗིད་དང་ལྡན་པའི་དམ་པའི་ཐུགས་ཉིདཁྱེད་རྣམས་ལ་གནས་པའི་ཕྱིར་རོ།
15 གལ་ཏེ་ཁྱེད་ཚོའི་ཁྲོད་དུ།
མི་གསོད་མཁན་ནམ།
རྐུན་མའམ།
ཉེས་ཅན་ནམ།
གཞན་གྱི་དོན་ལ་ཐེ་ཇུས་བྱེད་མཁན་གྱི་ཐོག་ནས་སྡུག་བསྔལ་མྱོང་ན་མི་འོས་སོ།
16 འོན་ཀྱང་སུ་ཞིག་མཱ་ཤི་ཀ་པ་ཡིན་པས་སྡུག་བསྔལ་བྱུང་ན།
ངོ་ཚ་བར་མི་འགྱུར་ཏེ་མཚན་དེ་ལ་ཡོད་པའི་ཕྱིར་དཀོན་མཆོག་ལ་བསྟོད་ཅིག
17 ད་དཀོན་མཆོག་ཉིད་ཀྱི་མི་རྣམས་ནས་འགོ་འཛུགས་ཏེ་ཁྲིམས་གཅོད་གཏོང་བའི་དུས་ལ་བབས།
ངེད་རྣམས་ནས་འགོ་བཙུགས་ན།
དཀོན་མཆོག་གི་འཕྲིན་བཟངལ་མ་ཉན་པ་རྣམས་ལ་ཅི་འབྱུང་བར་འགྱུར།
18 ཡང་མདོ་ལས།
དྲང་བདེན་རྣམས་ཀྱང་ཐར་དཀའ་ན། །
དད་མེད་སྡིག་ཅན་ཅི་ཞིག་བྱེད། །*
ཅེས་འཁོད།
19 དེའི་ཕྱིར་དཀོན་མཆོག་གི་ཐུགས་དགོངས་བཞིན་དུ་སྡུག་བསྔལ་མྱོང་བ་རྣམས་ཀྱིས་འགོད་པ་གནང་མཁན་གྱི་བློ་གཏད་ཆོག་པའི་དཀོན་མཆོག་ལ་རང་ཉིད་བཅོལ་ནས་མུ་མཐུད་བཟང་པོ་བྱེད་དགོས་སོ། །