༄༅། །པའུ་ལུ་ཡིས་ག་ལད་ཡཱ་པར་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
ལེའུ་དང་པོ།
འཚམས་འདྲི།
1 མིའི་ཕྱོགས་ནས་སམ།
མི་རྣམས་ལ་བརྟེན་ནས་མ་བཏང་བར།
ཡེ་ཤུམཱ་ཤི་དང་ཁོང་འཆི་བ་ནས་སླར་གསོན་ར་མཛད་མཁན་ཡབ་དཀོན་མཆོགགིས་མངགས་པའི་སྐུ་ཚབཔའུ་ལུང་དང༌།
2 འདིར་མཉམ་དུ་ཡོད་པའི་སྤུན་ཟླ་ཐམས་ཅད་ཀྱིས་ག་ལད་ཡཱ་ཡུལ་དུ་ཡོད་པའི་དད་ལྡན་ཆོས་ཚོགས་རྣམས་ལ་འཕྲིན་ཡིག་འདི་ཕུལ་ལོ།*
3 ང་ཚོའི་ཡབ་དཀོན་མཆོག་དང་གཙོ་བོཡེ་ཤུ་མཱ་ཤི་ཀ་ནས་ཐུགས་རྗེ་དང་ཞི་བདེ་ཁྱེད་རྣམས་ལ་འཐོབ་པར་གྱུར་ཅིག
4 ང་ཚོ་དུས་ངན་པ་འདི་ལས་སྐྱོབ་པའི་ཕྱིར་ང་ཚོ་སྡིག་ཉེསལས་ཐར་དུ་འཇུག་པར་ཁོང་གིས་རང་སྲོག་བློས་བཏང་གནང༌།
དེ་ནི་ང་ཚོའི་ཡབ་དཀོན་མཆོག་གི་དགོངས་པ་ལྟར་ཡིན་པས།
5 དུས་གཏན་དུ་ཁོང་ལ་གཟི་བརྗིད་དང་ལྡན་པར་གྱུར་ཅིག
ཨ་མེན
འཕྲིན་བཟང་ངོ་མ་གཅིག་ལས་མེད།
6 ཁྱོད་རྣམས་ཀྱིས་མཱ་ཤི་འི་ཐུགས་རྗེའི་སྒོ་ནས་འབོད་གནང་མཁན་དེ་མགྱོགས་པོར་འདོར་བ་དང༌།
འཕྲིན་བཟངགཞན་ཞིག་ལ་ཡིད་ཆེས་པས་ང་ཡ་མཚན་ཆེན་པོ་སྐྱེས།
7 འཕྲིན་བཟང་གཞན་དེ་དོན་དམ་དུ་འཕྲིན་བཟང་རྩ་བ་ནས་མ་ཡིན།
ཁྱོད་རྣམས་ཀྱི་སེམས་དཀྲུགས་ཏེ་མཱ་ཤི་ཀའི་འཕྲིན་བཟང་འཁྱོག་བཤད་བྱེད་འདོད་མཁན་ཁ་ཤས་ཡོད།
8 འོན་ཀྱང་ང་ཚོའམ།
ཡང་ན་དཀོན་མཆོག་གི་ཞིང་ཁམསནས་བབས་པའི་ཕོ་ཉ་ཞིག་གིས་སྔར་ང་ཚོས་ཁྱོད་རྣམས་ལ་བསྟན་པའི་འཕྲིན་བཟང་དང་མི་མཐུན་པ་ཞིག་བཤད་ན།
དེར་དམྱལ་ཁམསལ་དུས་རྟག་ཏུ་གནས་ཏེ་ཆད་པ་ཕོག་པར་འགྱུར།
9 ང་ཚོས་སྔར་སྨྲས་པ་ལྟར་ད་ལྟ་ཡང་བསྐྱར་ཤོད་རྒྱུ་ཡིན།
གལ་ཏེ་མི་སུ་ཞིག་གིས་ཁྱོད་རྣམས་ཀྱིས་སྔར་དང་ལེན་བྱས་པའི་འཕྲིན་བཟང་དང་མི་མཐུན་པ་ཞིག་བསྒྲགས་ན།
མི་དེར་དམྱལ་ཁམས་སུ་དུས་རྟག་ཏུ་གནས་ཏེ་ཆད་པ་ཕོག་པར་འགྱུར།
10 ད་ལྟ་ངས་མིའམ་དཀོན་མཆོགགི་བཀུར་སྟི་འཚོལ་ལམ།
ཡང་ན་ངས་མི་རྣམས་དགྱེས་པར་བརྩོན་ནམ།
གལ་ཏེ་ད་དུང་མི་རྣམས་དགའ་བར་བྱེད་འདོད་ན་ང་མཱ་ཤི་ཀའི་ཞབས་ཕྱི་མིན་ནོ། །
འཕྲིན་བཟང་ནི་ཡེ་ཤུ་མཱ་ཤི་ཀ་ནས་ཡིན།
11 ངའི་སྤུན་ཟླ་རྣམས།
ངས་བསྒྲགས་པའི་འཕྲིན་བཟངདེ་ནི་མིའི་སེམས་ལས་མ་བྱུང་བ་ཁྱེད་ཚོས་ཤེས་པར་འདོད།
12 གང་ལགས་ཤེ་ན།
ངས་འཕྲིན་བཟང་དེ་མི་རྣམས་ནས་དང་ལེན་མ་བྱས།
སུས་ཀྱང་ང་ལ་མ་བསྟན།
ཡེ་ཤུམཱ་ཤི་ཡིས་ང་ལ་མངོན་པར་མཛད་པས་དང་ལེན་བྱས།
13 སྔར་ངས་ཡ་ཧུ་དཱ་པའི་ཆོས་ལུགས་འཛིན་པའི་དུས་སུ་དཀོན་མཆོགགི་ཆོས་ཚོགས་ལ་གནོད་ཆེན་པོ་སྐྱེལ་ཏེ་མེད་པར་བྱེད་ཐབས་བྱས་པའི་སྤྱོད་ཚུལ་གྱི་སྐོར་ཁྱེད་ཀྱིས་ཐོས་མྱོང༌།
14 མེས་པོའི་ལུགས་སྲོལ་འཛིན་པར་བརྩོན་སེམས་ཧ་ཅང་ཆེན་པོ་ཡོད་པས།
ང་དང་ན་མཉམ་ཡིན་པའི་ཕ་ཡུལ་གཅིག་པ་རྣམས་ཀྱི་ནང་ནས་ང་ཡ་ཧུ་དཱ་པའི་ཆོས་ལ་འབད་བརྩོན་ལྷག་པར་ཆེ་བ་ཡིན།
15 འོན་ཀྱང་དཀོན་མཆོག་གིས་ང་སྐྱེས་དུས་ནས་འདེམས་པར་མཛད་པ་དང་ཁོང་གི་ཐུགས་རྗེའི་སྒོ་ནས་འབོད་གནང་སྟེ།
ངས་ཡ་ཧུ་དཱ་པ་མིན་རྣམས་ཀྱི་ཁྲོད་དུ་ཁོང་གི་འཕྲིན་བཟང་སྒྲོག་པའི་ཕྱིར་དཀོན་མཆོག་གིས་རང་གི་སྲས་ང་ལ་མངོན་པར་མཛད་པ་ཐུགས་མཉེས་སྐབས།
16-17 མི་སུ་དང་ཡང་གྲོས་བསྡུར་མ་བྱས་པར།
ང་ལས་སྔོན་དུ་སྐུ་ཚབཏུ་གྱུར་བ་རྣམས་མཇལ་དུ་ཡེ་རུ་ཤ་ལེམལ་མ་སོང་གི
ཨ་རབ་ཡུལལ་འཕྲལ་དུ་ཕྱིན་ནས་བསྡད་དེ་དཱ་མེ་སེགགྲོང་ཁྱེར་ལ་ལོག
18 དེ་ནས་ལོ་གསུམ་གྱི་རྗེས་སུ་སྐུ་ཚབ་པེ་ཏྲོཐུག་པའི་ཆེད་དུ་ང་ཡེ་རུ་ཤ་ལེམ་ལ་སོང་ནས་ཉིན་བཅོ་ལྔའི་བར་ཁོང་དང་མཉམ་དུ་བསྡད་ན་ཡང༌།
19 གཙོ་བོའི་གཅུང་པོ་ཡ་ཀོབམ་གཏོགས་སྐུ་ཚབ་གཞན་རྣམས་ཕྲད་མ་བྱུང༌།
20 ངས་ཁྱོད་རྣམས་ལ་བདེན་པར་སྨྲས་པ་ལས་དཀོན་མཆོག་གི་མདུན་དུ་རྫུན་གཏམ་བཤད་པ་མིན།
21 དེ་ནས་ང་སི་རི་ཡཱདང་ཀི་ལིག་ཡཱཡུལ་དུ་ཕྱིན་པ་ཡིན།
22 ཡ་ཧུ་དཱ་ཡུལདུ་མཱ་ཤི་ཀའི་ཆོས་ཚོགས་ཀྱི་མི་རྣམས་ཀྱིས་ང་ད་དུང་མ་མཐོང༌།
23 ཁོ་ཚོས་སྔར་ང་ཚོར་གནོད་སྐྱེལ་ཞིང་ཆོས་ལུགས་མེད་པ་བཟོ་ཐབས་བྱས་པ་ཁོ་རང་གིས་ད་ལྟ་འཕྲིན་བཟང་སྒྲོག་བཞིན་འདུག་ཅེས་ཟེར་བའི་གཏམ་དེ་ཁོ་ན་ཐོས་པས།
24 ངའི་དོན་དུ་དཀོན་མཆོག་ལ་བསྟོད་པ་ཕུལ་ལོ། །