ལེའུ་བཅུ་གཅིག་པ།
སྐུ་ཚབ་རྫུན་མའི་སྐོར།
1 ངའི་ཅུང་ཟད་ལྐུགས་རྟགས་ཚ་བའི་སྐད་ཆ་ལ་ཁྱེད་ཚོས་བཟོད་པ་སྒོམ་པར་འདོད།
དོན་དངོས་ཐོག་ཁྱེད་ཚོས་བཟོད་པ་སྒོམ་བཞིན་ཡོད།
2 དཀོན་མཆོགལྟར་ངས་ཁྱེད་ཚོར་སེམས་ཁུར་ཆེན་པོ་བྱེད་དེ།
ཁྱེད་ཚོ་གཙང་བའི་གཞོན་ནུ་མ་བཞིན་ངས་ཁྱོ་ག་མཱ་ཤི་ཁོ་ནར་བག་མར་བཏང་བ་ཡིན།
3 སྦྲུལ་གྱིས་གཡོ་ཐབས་ཀྱི་སྒོ་ནས་ཧ་ཝ་ལ་མགོ་སྐོར་བཏང་བ་ལྟར།
ཁྱེད་ཚོའི་སེམས་ཀྱང་མཱ་ཤི་ཀར་ལྷག་བསམ་དང་དྲང་པོ་ཡོད་པ་དེ་ལས་བསླུ་བར་འགྱུར་བའི་འཇིགས་པ་ཡོད།*
4 གང་ཡིན་ཞེ་ན།
མི་སུ་ཞིག་ཡོང་ནས་སྔར་ང་ཚོས་མ་བསྒྲགས་པའི་ཡེ་ཤུགཞན་ཞིག་གི་སྐོར་བསྒྲགས་པའམ།
ཡང་ན་ཁྱོད་ཀྱིས་སྔར་མ་ཐོབ་པའི་སེམས་ཉིད་གཞན་ཞིག་ཐོབ་པའམ།
ཡང་ན་སྔར་ཁྱོད་ཀྱིས་དང་ལེན་བྱས་པའི་འཕྲིན་བཟངདེ་ལས་འཕྲིན་བཟང་རྫུན་མ་ཞིག་དང་ལེན་བྱས་ན།
ཁྱོད་ཚོས་ཐེ་ཚོམ་མེད་པའི་ངང་ནས་དང་ལེན་བྱེད།
5 ངའི་བསམ་པར།
ང་ནི་མཆོག་ཏུ་གྱུར་བའི་སྐུ་ཚབཡིན་ཟེར་མཁན་རྣམས་ལས་རྩ་བ་ནས་དམན་པ་མེད།
6 ང་སྨྲ་མ་མཁས་ཀྱང་རྟོགས་པ་དང་ལྡན་པ་ཞིག་ཡིན་པ་ཐབས་ཀུན་གྱིས་རྣམ་པ་ཐམས་ཅད་ནས་ང་ཚོས་ཁྱོད་ཚོར་གསལ་པོར་བསྟན།
7 ངས་རང་དམའ་བར་བཏང་ནས་ཁྱེད་ཚོ་མཐོ་སར་འདེགས་པའི་ཕྱིར་ཁྱེད་ཚོར་དཀོན་མཆོག་གི་འཕྲིན་བཟང་རིན་མེད་པར་བསྒྲགས།
དེ་ནི་སྡིག་ཉེསཡིན་ནམ།
8 ཁྱོད་ཚོར་ཞབས་ཏོག་བྱེད་པའི་ཕྱིར་ངས་ཕྲོགས་པ་ནང་བཞིན་ཆོས་ཚོགས་གཞན་དག་ནས་གླ་ཆ་བླངས་པ་ཡིན།
9 ང་ཁྱོད་ཚོའི་རྩར་ཡོད་དུས་མཁོ་ཆས་མེད་པར་གྱུར་ནའང་ཁྱོད་ཚོར་ཁུར་པོ་བཟོས་མེད།
གང་ཡིན་ཟེར་ན།
མ་ཀེ་དོན་ཡཱཡུལ་ནས་ཡོང་བའི་སྤུན་ཟླ་རྣམས་ཀྱིས་ང་ལ་རྒྱབ་སྐྱོར་བྱས།
དོན་ཐམས་ཅད་དུ་ངས་སྔར་ཁྱོད་ཚོར་ཁུར་པོ་མ་བཟོས་པ་ལྟར།
མུ་མཐུད་ངས་ཁྱོད་ཚོར་ཁུར་པོ་མི་བཟོ།
10 ངའི་སེམས་ནང་ན་ཡོད་པའི་མཱ་ཤི་ཀའི་བདེན་པ་དཔང་དུ་བཙུགས་ནས།
ངས་རིན་མེད་པར་ཁྱོད་ཚོར་འཕྲིན་བཟང་སྒྲོག་པའི་སྤོབས་པ་དེ་ཨ་ཀ་ཡཱ་ཡུལལ་སུས་ཀྱང་འགོག་པར་མི་འགྱུར།
11 ཅི་ལགས་ཟེར་ན།
ངས་ཁྱོད་ཚོར་གཅེས་པར་མི་འཛིན་པའི་ཕྱིར་རམ།
ངས་ཁྱོད་ཚོར་གཅེས་པ་དེ་དཀོན་མཆོག་གིས་མཁྱེན་ནོ།
12 འོན་ཀྱང་ངས་ད་ལྟ་གང་བྱེད་པ་དེ་མུ་མཐུད་དེ་ལྟར་བྱ།
དེ་ནས་ཁོ་ཚོའི་ལས་ཀ་ང་ཚོའི་ལས་ཀ་དང་འདྲ་བ་ཡིན་ཞེས་ཟེར་འདོད་མཁན་རྣམས་ཀྱིས་འུད་ཤོབ་བྱེད་པའི་གོ་སྐབས་མེད་པར་འགྱུར།
13 དེ་ལྟ་བུའི་མི་རྣམས་ནི་སྐུ་ཚབ་རྫུན་མ་དང༌།
གཡོ་སྒྱུའི་ལས་བྱེད་མཁན།
མཱ་ཤི་ཀའི་སྐུ་ཚབ་ཡིན་མདོག་བྱེད་མཁན་དེ་ཚོ་ཡིན།
14 བདུད་སཱ་ཏནགྱིས་ཀྱང་འོད་ཀྱི་ཕོ་ཉ་ཡིན་མདོག་བྱེད་པས་དེ་ངོ་མཚར་ཆེ་བ་མིན།
15 དེའི་ཕྱིར་ཁོའི་གཡོག་པོས་ཀྱང་དྲང་བ་ཉིད་ཀྱི་གཡོག་པོ་ཡིན་མདོག་བྱས་ན་ངོ་མཚར་ཆེ་བ་མིན།
ཁོ་ཚོའི་ལས་ཀའི་མཇུག་འབྲས་དེ་ཁོ་ཚོའི་བྱ་སྤྱོད་དང་མཐུན་ནོ། །
པའུ་ལུའི་དཀའ་ངལ།
16 སུ་ཞིག་གིས་ང་བླུན་པོ་ཡིན་པར་མ་སོམས་ཤིག་ཅེས་ངས་ཡང་བསྐྱར་རྗོད།
གལ་ཏེ་དེ་ལྟར་བསམས་ན།
ངས་ཀྱང་རང་བསྟོད་ཏོག་ཙམ་བྱེད་པའི་ཕྱིར་ང་ལྐུགས་པ་ཡིན་པར་དང་ལེན་གྱིས་ཤིག
17 ངས་གང་ཟེར་བ་འདི་ནི་གཙོ་བོནས་མ་ཡིན་ཏེ།
ངས་ལྐུགས་པ་ནང་བཞིན་སྐད་ཆ་ཤོད།
18 མི་མང་པོས་འཇིག་རྟེན་གྱི་ལུགས་སྲོལ་ལྟར་རང་བསྟོད་བྱེད་པས་ངས་ཀྱང་རང་བསྟོད་བྱེད།
19 ཁྱོད་ཚོ་ཤེས་རབ་དང་ལྡན་པས་དགའ་བའི་ངང་ནས་ལྐུགས་པ་རྣམས་ལ་བཟོད་སྒོམ་བྱེད།
20 མི་སུ་ཞིག་གིས་ཁྱོད་ཚོར་བྲན་གཡོག་ཏུ་བཅུག་གམ།
བཤུ་གཞོག་བཏང་ངམ།
མགོ་སྐོར་བཏང་ངམ།
རང་མཐོང་ཆེན་པོ་བྱས་སམ།
འགྲམ་ལྕག་བརྒྱབ་ནའང་ཁྱོད་ཚོས་དེ་ལ་བཟོད་པར་བྱེད།
21 དེ་ལྟར་བྱེད་པ་ང་ཚོ་སྟོབས་ཞན་པ་ཡིན་ཞེས་ངས་ངོ་ཚ་བའི་ངང་ནས་ཟེར།
ངས་ལྐུགས་པའི་གཏམ་ཤོད་དེ།
གཞན་གྱིས་རང་བསྟོད་བྱེད་པར་ཕོད་ན་ངས་ཀྱང་དེ་ལྟར་བྱེད་ཕོད།
22 ཁོ་ཚོ་ཡ་ཧུ་དཱ་པ་ཡིན་ནམ།
ངའང་ཡིན།
ཁོ་ཚོ་ཡི་སི་ར་ཨེལཔ་ཡིན་ནམ།
ངའང་ཡིན།
ཁོ་ཚོ་མེས་པོ་ཨབ་ར་ཧམགྱི་བུ་རྒྱུད་ཡིན་ནམ།
ངའང་ཡིན།
23 ཁོ་ཚོ་མཱ་ཤི་འི་ཞབས་ཕྱི་ཡིན་ནམ།
ངས་སྨྱོ་བ་ལྟར་རྗོད་དེ།
ང་དེ་བས་ཀྱང་ཡིན།
ངས་ཁོ་ཚོ་ལས་ཧུར་བརྩོན་ཆེ་བའི་ལས་ཀ་བྱས།
བརྩོན་ཁང་ལ་ཐེངས་མང་བ་བཅུག
ང་ལ་རྟ་ལྕག་གིས་དྲག་པར་བརྡུངས་ཤིང༌།
སྲོག་ཉེན་ཡང་ཡང་མྱོང༌།
24 ཡ་ཧུ་དཱ་པ་རྣམས་ཀྱིས་ང་ལ་རྟ་ལྕག་གཅིག་གིས་མ་གཏོགས་བཞི་བཅུ་ཐེངས་ལྔ་བརྡུངས།*
25 ཐེངས་གསུམ་ང་ལ་དབྱུག་པས་བརྡུངས།
ཐེངས་གཅིག་རྡོ་རུབ་བཏང༌།
ཐེངས་གསུམ་གྲུ་གཟིངས་བཤིག
ཉིན་མཚན་གཅིག་རིང་ང་རྒྱ་མཚོའི་དཀྱིལ་ལ་ལུས།
26 ཐེངས་མང་འགྲུལ་བྱེད་དུས་ང་ལ་གཙང་པོའི་ཉེན་ཁ་ཐུག་ཅིང༌།
ཇག་པའི་ཉེན་ཁ་ཐུག
ཕ་ཡུལ་གཅིག་པ་དང་ཡ་ཧུ་དཱ་མིན་པ་ནས་ཉེན་ཁ་ཐུག
གྲོང་ཁྱེར་དང༌།
དབེན་སྟོང་ལ་འགྲོ་དུས་ཉེན་ཁ་བྱུང༌།
རྒྱ་མཚོའི་ཉེན་ཁ་བྱུང༌།
སྤུན་ཟླ་རྫུན་མ་ནས་བྱུང་བའི་ཉན་ཁ་ཐུག
27 ངལ་རྩོལ་བྱེད་པ་དང་དཀའ་ངལ་མྱོང་བ།
ཐེངས་མང་པོ་གཉིད་མི་ལོག་པར་སྡོད་པ།
ལྟོགས་པ་དང་སྐོམ་པ།
ལན་མང་པོ་ཟས་མེད་པ།
གྲང་ངར་དང་གོས་དང་བྲལ་བ་ང་ལ་བྱུང༌།
28 དེས་མ་ཚད་ང་ལ་ཆོས་ཚོགས་ཚང་མར་དོ་སྣང་བྱེད་པས་ཉིན་ལྟར་སེམས་ཁྲལ་ཡོད།
29 གཞན་རྣམས་སྟོབས་ཞན་པར་འགྱུར་ན་ངའང་སྟོབས་ཞན་པར་འགྱུར།
གཞན་རྣམས་བསླུ་བྲིད་པར་གྱུར་ན་ང་བསླུ་བྲིད་བྱེད་མཁན་ལ་ཁོང་ཁྲོ་སྐྱེ།
30 གལ་སྲིད་ངས་རང་བསྟོད་བྱེད་དགོས་ན་ང་རང་གི་ཞན་ཆའི་ཐད་ལ་རང་བསྟོད་བྱེད།
31 ངེད་རྣམས་ཀྱི་གཙོ་བོ་ཡེ་ཤུམཱ་ཤི་ཀའི་ཡབ་དཀོན་མཆོགསྟེ་རྒྱུན་དུ་བསྟོད་བསྔགས་པ་དེས་ང་རྫུན་མི་ཤོད་པར་མཁྱེན་ནོ།
32 དཱ་མེ་སེགགྲོང་ཁྱེར་དུ་རྒྱལ་པོ་ཨ་རེ་ཊ་ཡི་སྤྱི་ཁྱབ་ཀྱིས་ང་འཛིན་བཟུང་བའི་ཕྱིར་གྲོང་ཁྱེར་བསྲུངས་ཀྱང༌།*
33 ང་སླེ་པོ་ཆེན་པོ་ཞིག་གི་ནང་དུ་ལྕགས་རིའི་ཨི་ཁུང་བརྒྱུད་ནས་མར་ཕབ་པས་དེའི་ལག་པ་ནས་བྲོས་ནས་ཐར་ར་གྱུར་རོ། །