ལེའུ་ལྔ་པ།
ལོག་གཡེམ་ཅན་སྐྲོད་པའི་སྐོར།
1 ལྷ་ཆོས་པའི་ཁྲོད་དུའང་བྱེད་མི་ཆོག་པའི་ལོག་གཡེམ་ཁྱོད་ཚོའི་ཁྲོད་དུ་ཡོད་པའི་གཏམ་དངོས་སུ་གོ་བྱུང་སྟེ།
མི་ཞིག་གིས་རང་གི་ཕའི་བཟའ་ཟླ་མཉམ་དུ་འདུས།
2 དེ་ལྟར་སྤྱོད་མཁན་ཁྱོད་ཚོའི་ཁྲོད་ནས་འདོན་མི་དགོས་སམ།
དེར་ཁྱོད་ཚོ་འགྱོད་གདུང་མི་སྐྱེ་བར་དེ་ལས་ལྡོག་དེ་ང་རྒྱལ་བྱེད།
3 ང་ནི་ལུས་ཀྱི་ཆ་ནས་ཁྱོད་ཚོའི་ཁྲོད་དུ་མེད་ནའང་སེམས་ཀྱི་ཆ་ནས་ཁྱོད་ཚོའི་རྩར་ཡོད།
ང་རང་དངོས་སུ་ཁྱོད་ཚོ་དང་མཉམ་དུ་ཡོད་པ་བཞིན་དེ་ལྟར་སྤྱོད་མཁན་ལ་ཁྲིམས་གཅོད་བྱས་ཟིན་ནོ།
4 ཁྱོད་ཚོས་ངེད་ཀྱི་གཙོ་བོཡེ་ཤུའི་མཚན་གྱི་ཐོག་ནས་འདུས་ཏེ་ངའི་སེམས་དང་གཙོ་བོ་ཡེ་ཤུའི་དབང་ཡང་ཁྱོད་ཚོ་མཉམ་དུ་ཡོད་དུས།
5 སྡིག་པའི་རང་གཤིས་མེད་པ་བྱེད་ཕྱིར་མི་འདི་བདུད་སཱ་ཏནལ་གཏོད་ཅིག
དེ་ནི་གཙོ་བོ་ཡེ་ཤུ་འབྱོན་པའི་ཉིན་མོར་ཁོའི་སེམས་ཐར་ར་འགྱུར་བའི་ཕྱིར་རོ།
6 ཁྱོད་ཚོས་འུད་ཤོབ་བྱེད་པ་དེ་མི་ལེགས།
སྐྱུར་རྩི་ཅུང་ཟད་ཅིག་གིས་བག་ཟན་ཧྲིལ་པོ་སྐྱུར་བར་བྱེད་པ་དེ་མི་ཤེས་སམ།
7 ཁྱོད་ཚོ་དོན་དངོས་ཐོག་སྐྱུར་རྩི་མེད་པ་ཡིན་པས་བག་ཟན་གསར་པར་འགྱུར་བའི་ཆེད་དུ་སྡིག་ཉེསཡིན་པའི་སྐྱུར་རྩི་རྙིང་པ་དེ་སྤོངས་ཤིག
གང་ཡིན་ཞེ་ན།
མཱ་ཤི་ངེད་རྣམས་ཀྱི་པེ་སག་དུས་ཆེནགྱི་ལུ་གུ་མཆོད་པ་ཕུལ་ཟིན་པས་སོ།
8 དེའི་ཕྱིར་གནོད་སེམས་དང་ངན་སེམས་ཡིན་པའི་སྐྱུར་རྩི་རྙིང་པ་མ་ཡིན་གྱིས།
བཅོས་མིན་དང་བདེན་པ་ཡིན་པའི་སྐྱུར་རྩི་མེད་པའི་བག་ལེབ་ཀྱིས་ང་ཚོས་དུས་ཆེན་གཏོང་དགོས།
9 ངས་སྔར་ཁྱོད་ཚོར་བཏང་བའི་འཕྲིན་ཡིག་ལ་ལོག་གཡེམ་བྱེད་མཁན་དང་མི་འགྲོགས་ཞེས་པ་ནི།
10 འཇིག་རྟེན་འདིར་ལོག་གཡེམ་བྱེད་པའམ།
ཧམ་སེམས་ཅན་ནམ།
མགོ་སྐོར་གཏོང་མཁན།
ལྷ་ཆོས་པ་སོགས་དང་མི་འགྲོགས་པ་ཞེས་པའི་དོན་རྩ་བ་ནས་མ་ཡིན།
དེ་ལྟར་ཡིན་ན་འཇིག་རྟེན་འདི་ལས་ཕྱིར་ཐོན་དགོས་པ་ཡིན།
11 འོན་ཀྱང་སྤུན་ཟླ་ཡིན་ཞེས་ཟེར་བའི་ལོག་གཡེམ་བྱེད་མཁན་ནམ།
ཧམ་སེམས་ཅན་དང༌།
ལྷ་ཆོས་པའམ།
དམའ་འབེབས་གཏོང་མཁན་ནམ།
ར་བཟི་མཁན་ནམ།
མགོ་སྐོར་གཏོང་མཁན་སོགས་དང་མི་འགྲོགས་ཞེས་ད་ལྟ་ཁྱོད་རྣམས་ལ་འབྲི།
དེ་བཞིན་དུ་རྣམས་དང་ཁ་ལག་ཀྱང་མ་ཟ་ཤིག
12 ཆོས་ཚོགས་ཀྱི་ཕྱི་ལ་ཡོད་པ་རྣམས་ལ་ཁྲིམས་གཅོད་བྱེད་པ་དེ་ང་དང་འབྲེལ་བ་ཅི་ཡོད།
ཁྱོད་ཚོས་ཆོས་ཚོགས་ཀྱི་ནང་ལ་ཡོད་པ་རྣམས་ལ་ཁྲིམས་གཅོད་མི་བྱེད་དམ།
13 དཀོན་མཆོགགིས་ཆོས་ཚོགས་ཀྱི་ཕྱི་ལ་ཡོད་པ་རྣམས་ལ་ཁྲིམས་གཅོད་མཛད།
ངན་པ་བྱེད་མཁན་ཁྱོད་ཚོའི་ནང་ནས་སྐྲོད་ཅིག །*