ལེའུ་གསུམ་པ།
ཆོས་ཚོགས་ཀྱི་རྩིག་རྨང༌།
1 སྤུན་ཟླ་རྣམས།
སྔོན་ང་ཁྱེད་ཚོའི་རྩར་ཡོད་དུས་སེམས་ཉིད་སྨིན་པ་རྣམས་ལ་སྨྲས་པ་བཞིན་དུ་ཁྱེད་ཚོར་གཏམ་བྱས་ཐུབ་མེད།
ཁྱེད་ཚོ་འཇིག་རྟེན་འདིའི་མི་རྣམས་དང༌།
ཡང་ན་མཱ་ཤི་ཀ འི་ཆ་ནས་བྱིས་པ་ལྟར་ངས་ཁྱེད་ཚོར་སྨྲས་པ་ཡིན།
2 ངས་ཁྱོད་ཚོར་མི་དར་མའི་ཁ་ལག་མ་སྟེར་བར་འོ་མ་སྟེར་བ་ཡིན།
གང་ཡིན་ཞེ་ན།
ཁྱོད་ཚོས་དར་མའི་ཁ་ལག་བཟས་ཐུབ་མེད།
ད་ལྟའང་ཟ་མི་ཐུབ།
3 དེ་ནི་ཁྱོད་ཚོ་འཇིག་རྟེན་འདིའི་མི་དང་འདྲ་བ་ཡིན་པས་སོ།
ཁྱོད་ཚོའི་ཁྲོད་དུ་ཕྲག་དོག་དང་འཐབ་རྩོད་ཡོད་དུས་འཇིག་རྟེན་འདིའི་མི་དང་འདྲ་བ་མ་ཡིན་ནམ།
ཁྱོད་ཚོས་སྡིག་པའི་རང་གཤིས་དང་བསྟུན་པའི་སྤྱོད་པ་མི་བྱེད་དམ།
4 མི་ཞིག་གིས་ང་པའུ་ལུ འི་ཕྱོགས་ཡིན་ཞེས་པ་དང༌།
གཞན་ཞིག་གིས་ང་ཨ་པོ་ལོ་སི འི་ཕྱོགས་ཡིན་ཞེས་ཟེར་ན་ཁྱོད་ཚོས་འཇིག་རྟེན་འདིའི་མི་རྣམས་དང་འདྲ་བར་སྤྱོད་པ་མི་བྱེད་དམ།
5 འོ་ན་ཨ་པོ་ལོ་སི་སུ་ཡིན།
པའུ་ལུ་སུ་ཡིན།
གཙོ་བོ ས་རེ་རེར་ལས་ཀ་བགོས་གནང་བ་བཞིན་དུ་ཁྱོད་རྣམས་དད་པ་སྐྱེ་བར་རོགས་པ་བྱེད་པའི་ཞབས་ཕྱི་ཤ་སྟག་ཡིན།
6 ངས་ས་བོན་བཏབ་ཅིང༌།
ཨ་པོ་ལོ་སི་ཡིས་ཆུ་བཏང་ཡང༌།
དཀོན་མཆོག ་གིས་སྐྱེད་དུ་བཅུག་པར་མཛད།
7 དེ་བས་ན་ས་བོན་འདེབས་མཁན་དང༌།
ཆུ་གཏོང་མཁན་གཉིས་ཅིའང་མ་ཡིན།
སྐྱེད་དུ་འཇུག་མཁན་དཀོན་མཆོག་ཁོ་ན་གལ་ཆེན་པོ་ཡིན།
8 ས་བོན་འདེབས་མཁན་དང་ཆུ་གཏོང་མཁན་གཉིས་ལ་དམིགས་ཡུལ་གཅིག་ཡོད་དེ།
སོ་སོའི་ལས་ཀ་བཞིན་དུ་གླ་ཆ་འཐོབ་པར་འགྱུར།
9 ང་ཚོ་ནི་དཀོན་མཆོག་གི་ལས་གྲོགས་ཡིན་ཞིང༌།
ཁྱེད་ཚོ་ནི་དཀོན་མཆོག་གི་ཞིང་ཁའམ་ཁང་ཆེན་དང་འདྲ་བ་ཡིན།
10 དཀོན་མཆོག་གིས་ང་ལ་གནང་བའི་ཐུགས་རྗེའི་སྒོ་ནས་ངས་འཛུགས་སྐྲུན་མཁས་པ་ལྟར་རྩིག་རྨང་ཞིག་བཏིང་ཞིང༌།
གཞན་གྱིས་དེའི་ཁར་རྩིག
འོན་ཏེ་མི་རེ་རེས་ཅི་ལྟར་རྩིག་པ་ལ་དོ་སྣང་བྱེད་དགོས།
11 གང་ཡིན་ཟེར་ན།
ཡེ་ཤུ ་མཱ་ཤི་ཀ་ཡིན་པའི་རྩིག་རྨང་ཞིག་བཏིང་ཟིན་པ་ལས་སུས་ཀྱང་རྩིག་རྨང་གཞན་འདིང་མི་སྲིད་པས་སོ།
12 གལ་ཏེ་སུ་ཞིག་གིས་གསེར་རམ།
དངུལ་ལམ།
རིན་ཆེན་གྱི་རྡོའམ།
ཤིང་ངམ།
རྩྭ་སྐམ་པོའམ།
སོག་མ་བཅས་ཀྱིས་རྩིག་རྨང་དེའི་ཁར་བརྩིགས་ན།
13 མི་རེ་རེའི་ལས་ཀ་ཡི་སྤུས་ཚད་མ་འོངས་པར་གསལ་པོ་མཐོང་བར་འགྱུར།
གང་ཡིན་ཟེར་ན།
མཱ་ཤི་ཀ་འབྱོན་པའི་ཉིན་མོར་མེ་ཡིས་མངོན་པར་འགྱུར།
དེ་དུས་མི་རེ་རེའི་ལས་ཀར་མེ་ཡིས་ཚོད་བགམ་བྱས་པས་དེ་དག་ཅི་ལྟར་ཡིན་པ་མཚོན།
14 སུ་ཞིག་གིས་རྩིག་རྨང་དེའི་ཁར་གང་བརྩིགས་པ་གནས་ན་ཁོ་ལ་བྱ་དགའ་འཐོབ་པར་འགྱུར།
15 མེ་ཡིས་མི་སུ་ཞིག་གི་ལས་ཀ་བསྲེགས་ན་གྱོང་གུན་ཕོག་ཡང༌།
ཁོ་རང་མེ་ལས་འབྲོས་མཁན་ལྟར་ཐར་བ ར་འགྱུར།
16 ཁྱེད་ཚོ་དཀོན་མཆོག་གི་བཞུགས་གནས་ཡིན་ཞིང༌།
དཀོན་མཆོག་གི་དམ་པའི་ཐུགས་ཉིད ་ཁྱེད་ཀྱི་ནང་ན་བཞུགས་པར་མི་ཤེས་སམ།
17 སུ་ཞིག་གིས་དཀོན་མཆོག་གི་བཞུགས་གནས་བཤིག་ན་དཀོན་མཆོག་གིས་ཁོ་མེད་པར་མཛད།
གང་ཡིན་ཞེ་ན།
དཀོན་མཆོག་གི་བཞུགས་གནས་དམ་པ་ཡིན་ཞིང༌།
ཁྱེད་ཚོ་ནི་བཞུགས་གནས་དེ་ཡིན་པས་སོ། །
18 རང་མགོ་རང་གིས་མ་སྐོར་ཞིག
མི་སུ་ཞིག་གིས་འཇིག་རྟེན་འདིའི་ཆ་ནས་མཁས་པ་ཡིན་པར་བསམས་ན།
ཤེས་རབ་དང་ལྡན་པར་འགྱུར་བའི་ཆེད་དུ་བླུན་པོར་འགྱུར་དགོས།
19 གང་ཡིན་ཞེ་ན།
དཀོན་མཆོག་གི་ཆ་ནས་འཇིག་རྟེན་འདིའི་ཤེས་རབ་བླུན་པ་ཡིན།
གསུང་རབ་ཀྱི་མདོ་ལས།
ཤེས་རབ་དང་ལྡན་པ་རྣམས་གཡོ་ཐབས་ཀྱི་ཁྲོད་དུ་དཀོན་མཆོག་གིས་འཛིན་ནོ་ཞེས་བྲིས་དང༌།*
20 ཤེས་རབ་དང་ལྡན་པ་རྣམས་ཀྱི་བསམ་པ་སྟོང་པ་ཡིན་པར་གཙོ་བོས་མཁྱེན་ཞེས་བྲིས།*
21 དེའི་ཕྱིར་སུའི་རྗེས་སུ་འབྲངས་པའམ་སུའི་ཁོངས་སུ་གཏོགས་པའི་སྐོར་ལ་འུད་ཤོབ་བྱེད་མི་རུང༌།
གང་ལགས་ཤེ་ན།
དོན་ཐམས་ཅད་ཁྱེད་ཀྱི་ཡིན།
22 པའུ་ལུ་ཡང་ན།
ཨ་པོ་ལོ་སི་ཡང་ན།
ཀེ་ཕཱ འམ།
འཇིག་རྟེན་ནམ།
ཚེའམ།
འཆི་བའམ།
ད་ལྟའི་དོན་ནམ།
མ་འོངས་པའི་དོན་ལ་སོགས་པ་ཐམས་ཅད་ཁྱེད་ཚོའི་ཁོངས་སུ་གཏོགས་ལ།
23 ཁྱེད་ཚོ་མཱ་ཤི་ཀའི་ཁོངས་སུ་གཏོགས་ཤིང༌།
མཱ་ཤི་ཀ་དཀོན་མཆོག་གི་ཁོངས་སུ་གཏོགས་སོ། །