ལེའུ་བཅུ་པ།
མཱ་ཤི་ཀས་ལན་གཅིག་གིས་རང་ཉིད་དམར་མཆོད་དུ་ཕུལ་བ།
1 ཆོས་ཁྲིམས ་ནི་བདེན་པ་རྣམས་རང་ཉིད་མ་ཡིན་པར།
འབྱུང་རྒྱུ་ཡིན་པའི་དོན་བཟང་པོ་རྣམས་ཀྱི་གྲིབ་མ་ཞིག་དང་འདྲ་བ་ཡིན་པས།
དེས་ལོ་རེ་བཞིན་ཡང་ནས་ཡང་དུ་ཕུལ་བའི་དམར་མཆོད་ཀྱི་སྒོ་ནས་བསྙེན་བཀུར་ཞུ་བ་རྣམས་ལ་ཡང་དག་པར་བྱེད་མི་སྲིད།
2 དེ་མིན་ན་བསྙེན་བཀུར་ཞུ་མཁན་རྣམས་ལན་གཅིག་གིས་གཙང་བར་གྱུར་ཏེ་གནོངས་མེད་པར་གྱུར་བས།
མཆོད་པ་དེ་འབུལ་བར་མི་ཆད་དམ།
3 འོན་ཀྱང་མཆོད་པ་དེ་རྣམས་ཀྱིས་མི་རྣམས་ལ་རང་ཉིད་ལ་སྡིག་ཉེས ་ལུས་པར་ལོ་རེ་བཞིན་དྲན་གསོ་བྱེད།
4 རྒྱུ་མཚན་ནི་གླང་དང་རའི་ཁྲག་འབུལ་བའི་སྒོ་ནས་སྡིག་ཉེས་སེལ་མི་སྲིད།
5 དེའི་ཕྱིར་མཱ་ཤི་ཀ ་འཇིག་རྟེན་དུ་བྱོན་པའི་སྐབས་སུ་ཁོང་གིས།
ཁྱེད་ཉིད་དམར་མཆོད་འབུལ་རྟེན་མི་འདོད་ཀྱང༌། །
ཁྱེད་ཀྱིས་ང་ལ་ལུས་ཕུང་གནང་བར་མཛད། །
6 སྦྱིན་སྲེག་སྡིག་བཤགས་མཆོད་པ་ནི་མི་མགུའོ། །
7 དེ་ནས་ང་ཡིས་བརྗོད་དོན་འདི་ལྟ་སྟེ། །
གཟིགས་དང་དཀོན་མཆོག ་ང་རང་སླེབས་འོང་སྟེ། །
ཁྱེད་ཀྱི་ཐུགས་དགོངས་ལྟར་དུ་སྒྲུབ་པར་བྱེད། །
མདོ་ཡི་སྟེང་དུ་ང་ཡི་དོན་དེ་འཁོད། །*
ཞེས་གསུངས།
8 གོང་དུ་གསུངས་པར།
དམར་མཆོད་དང་འབུལ་རྟེན།
སྦྱིན་སྲེག་དང་སྡིག་བཤགས་མཆོད་པ་རྣམས་ལ་ཁྱེད་མི་མཉེས་ཤིང་མི་འདོད་དོ།*
(འདི་ཀུན་ཆོས་ཁྲིམས་ལྟར་ཕུལ་བ་ཡིན་)
9 དེ་ནས་ཁོང་གིས་གསུངས་པར།
གཟིགས་དང་ང་འདིར་འོང་བ་ནི། །
ཁྱེད་ཀྱི་ཐུགས་དགོངས་སྒྲུབ་ཕྱིར་ཡིན། །*
ཞེས་གསུངས།
ཁོང་གིས་ཞལ་ཆད་སྔོན་མ་བསྣུབས་པ་དེ།
ཕྱི་མ་འཛུགས་པའི་ཕྱིར་ཡིན།
10 དཀོན་མཆོག་གི་དགོངས་པ་དེ་ཡིས་ཡེ་ཤུ ་མཱ་ཤི་ཀའི་སྐུ་གཟུགས་ལན་གཅིག་རྟག་ཏུ་གནས་པ་མཆོད་པར་འབུལ་བའི་སྒོ་ནས་ངེད་རྣམས་དམ་པ་རུ་གྱུར་བ་ཡིན།
11 མཆོད་དཔོན་རེ་རེས་ཉིན་ལྟར་བཞེངས་ཏེ་ཞབས་ཏོག་སྒྲུབ་ཅིང་མཆོད་པ་གཅིག་མཚུངས་ཡང་ཡང་ཕུལ་ན་ཡང་སྡིག་ཉེས་ནམ་ཡང་སེལ་མི་སྲིད།
12 འོན་ཀྱང་མཱ་ཤི་ཀ་ཡིས་ནམ་ཡང་སྡིག་ཉེས་སེལ་བ འི་དམར་མཆོད་ལན་གཅིག་ཁོ་ན་ཕུལ་ནས་དཀོན་མཆོག་གི་ཕྱག་གཡས་ངོས་སུ་བཞུགས།
13 དེ་ནས་བཟུང་ཁོང་གི་དགྲ་བོ་རྣམས་ཞབས་འོག་ཏུ་བཅུག་པའི་བར་དུ་སྒུག་སྟེ་བཞུགས།*
14 མཆོད་པ་ལན་གཅིག་འབུལ་བ་དེའི་སྒོ་ནས་ཁོང་གིས་དམ་པ་རུ་མཛད་པ་རྣམས་ནམ་ཡང་ཡང་དག་པར་མཛད།
15 དམ་པའི་ཐུགས་ཉིད ་ཀྱིས་ཀྱང་ངེད་རྣམས་ལ་བདེན་དཔང་མཛད།
དང་པོར་ཁོང་གིས།
16 གཙོ་བོ་དཀོན་མཆོག ་གིས་གསུངས་པར། །
དུས་དེའི་རྗེས་སུ་ང་དང་ནི། །
ཁོ་རང་ཚོ་ཡི་བར་གཉིས་ལ། །
གསར་དུ་བཙུགས་པའི་ཞལ་ཆད་ནི། །
ང་ཡི་བཀའ་ཁྲིམས་ཁོ་ཚོ་ཡི། །
བློ་ལ་བཞག་ཅིང་སེམས་ལ་འབྲི། །*
ང་ཡིས་ཁྱོད་ཚོའི་སྡིག་ཉེས་དང༌། །
སྤྱོད་ངན་ནམ་ཡང་མི་བརྩི་འོ། །*
བཟོད་སྒོམ་བྱེད་དགོས་པའི་སྐུལ་མ།
19 དེའི་ཕྱིར་སྤུན་ཟླ་རྣམས།
ཡེ་ཤུ འི་སྐུ་ཁྲག་གི་སྒོ་ནས་ངེད་རྣམས་ལ་གནས་མཆོག་ནང་དུ་འགྲོ་བའི་སྤོབས་པ་ཡོད།
20 ང་ཚོའི་དོན་དུ་ཡེ་ཤུས་གྲོངས་པའི་སྒོ་ནས་ཡོལ་བ་ཕྱེ་སྟེ་གནས་མཆོག་ཏུ་འགྲོ་བའི་སྲོག་དང་ལྡན་པའི་ལམ་གསར་པ་ཞིག་བཀོད་པར་མཛད།
21 ཡང་ངེད་རྣམས་ལ་བླ་ན་མེད་པའི་བླ་ཆེན་ཞིག་གིས་དཀོན་མཆོག ་གི་ཕོ་བྲང་ལ་དབང་སྒྱུར་གྱི་ཡོད་པས།
22 ང་ཚོར་གནོངས་ཡོད་པའི་སེམས་ནི་མཱ་ཤི་ཀ འི་སྐུ་ཁྲག་གིས་གཏོར་ནས་དག་པར་གྱུར་ཞིང༌།
ལུས་ཀྱང་ཆུ་གཙང་མས་ཁྲུས་ཏེ་དྲང་སེམས་དང་ཡིད་ཆེས་ཀྱིས་ཁེངས་བཞིན་དུ་ང་ཚོ་དཀོན་མཆོག་གི་མདུན་དུ་འགྲོ
23 ཞལ་ཆད་མཛད་མཁན་ཁོང་ནི་བློ་གཏད་ཆོག་པ་ཡིན་པས།
ང་ཚོས་ཁས་ལེན་བྱེད་པའི་དད་པ་ལ་བརྟན་པོར་འཛིན་དགོས།
24 ཡང་བྱམས་སེམས་སྐྱེད་པ་དང་ལས་བཟང་པོ་བྱེད་ཕྱིར་ང་ཚོས་གཅིག་གིས་གཅིག་ལ་ཇི་ལྟར་སྐུལ་བའི་སྐོར་སེམས་དགོས།
25 མི་ཁ་ཤས་ཀྱི་གོམས་གཤིས་བཞིན་དུ་ངེད་རང་གི་འདུ་འཛོམས་མི་སྤོང་བར།
ཉིན་མོ་དེ་ཉེ་བར་སླེབས་པ་མཐོང་སྟེ་སྔོན་ལས་ལྷག་པར་གཅིག་གིས་གཅིག་ལ་སྐུལ།
26 གང་ཡིན་ཞེ་ན།
བདེན་པ་རྟོགས་པའི་རྗེས་སུ་ང་ཚོས་ད་དུང་རྐང་བཙུགས་ནས་སྡིག་ཉེས ་བྱས་ན།
སྡིག་ཉེས་སེལ་བ འི་དམར་མཆོད་གཞན་མེད་ཅིང༌།
27 དཀོན་མཆོག་གི་ཁྲིམས་གཅོད་ཕོག་རྒྱུར་སྒུག་པའི་འཇིགས་སྐྲག་དང༌།
དཀོན་མཆོག་གི་དགྲ་བོ་རྣམས་མེད་པར་བྱེད་པའི་མེ་དྲག་པོ་ཞིག་གི་ཉེན་ཁའང་ཡོད།
28 མི་སུས་ཀྱང་ལུང་སྟོན་པ ་མོ་ཤེ འི་ཆོས་ཁྲིམས ་དང་འགལ་ན།
མི་གཉིས་སམ་གསུམ་གྱིས་དཔང་པོ་བྱས་པའི་སྒོ་ནས་ཁོ་སྙིང་རྗེ་མེད་པར་སྲོག་གཅོད་པར་འགྱུར་དགོས།
29 དེ་བས་ན་དཀོན་མཆོག་གི་སྲས ་རྡོག་རོལ་དུ་གཏོང་ཞིང༌།
ཁོ་ཚོ་དམ་པ་རུ་མཛད་པའི་ཞལ་ཆད་ཀྱི་སྐུ་ཁྲག་རྩིས་མེད་དུ་གཏོང་ཞིང༌།
ཐུགས་རྗེ་གནང་མཁན་དམ་པའི་ཐུགས་ཉིད ་ལ་སྨད་ར་གཏོང་མཁན་ལ་ཉེས་ཆད་ཅི་ཙམ་ལྗིད་པོ་ཕོག་འོས་པར་བསམ་བློ་གཏོང་ཞིག
30 གང་ལགས་ཤེ་ན།
ངན་པ་བྱེད་མཁན་རྣམས་ལ་ཆད་པ་གཏོང་རྒྱུ་ཡིན།
ངས་ལན་འཇལ་ལོ་ཞེས་དང༌།
གཙོ་བོ ས་ཁོང་གི་མི་རྣམས་ལ་ཁྲིམས་གཅོད་མཛད་པར་འགྱུར་ཞེས་གསུང་མཁན་ངེད་རྣམས་ཀྱིས་ངོ་ཤེས་པས་སོ།*
31 དབང་ཀུན་དང་ལྡན་པའི་དཀོན་མཆོག་གི་ཕྱག་ཏུ་ལྷུང་བ་ནི་འཇིགས་སྐྲག་སྐྱེ་འོས་པ་ཞིག་གོ
32 སྔོན་དུས་དྲན་པར་གྱིས་ཤིག
དད་པའི་སྒོ་ཕྱེ་བར་གྱུར་ནས་ཁྱེད་ཚོས་སྡུག་བསྔལ་གྱི་འཐབ་མོ་ཆེན་པོ་ཞིག་བཟོད་པར་བྱས།
33 དེའི་ཚེ་ཁྱེད་ཚོ་སྐབས་འགར་མི་མང་པོའི་མདུན་དུ་དམའ་འབེབས་དང་གནོད་འཚེ་མྱོང་ཞིང༌།
སྐབས་འགར་དེ་ལྟར་སྡུག་བསྔལ་མྱོང་མཁན་རྣམས་ཀྱི་མཉམ་འགྲོགས་སུ་གྱུར།
34 ཁྱེད་ཚོས་བཙོན་པ་རྣམས་ལ་སྙིང་རྗེ་བྱས་ཤིང༌།
ནོར་དེ་ལས་བཟང་བ་དང་གཏན་དུ་གནས་པ་ཡོད་པར་ཤེས་པས།
ཁྱེད་ཚོའི་ནོར་རྫས་འཕྲོག་པ་ལ་ཡང་དགའ་སྤྲོའི་ངང་ནས་མྱོང༌།
35 དེའི་ཕྱིར་ཁྱེད་ཚོའི་བློ་སྟོབས་མ་ཉམས་ཤིག
དེས་ཁྱེད་ཚོ་ལ་བྱ་དགའ་ཆེན་པོ་འཐོབ་ཡོང༌།
36 ཁྱེད་ཚོས་དཀོན་མཆོག་གི་དགོངས་པ་བསྒྲུབས་ནས་གང་ཞལ་གྱིས་བཞེས་པ་འཐོབ་པའི་ཆེད་དུ་བཟོད་སྒོམ་དགོས།
37 གང་ལགས་ཟེར་ན།
དུས་ནི་ཅུང་ཟད་ཙམ་ཞིག་ནས། །
འབྱོན་མཁན་འབྱོན་ཞིང་ནར་འགྱངས་མེད། །
38 ངའི་དྲང་བདེན་མི་དད་པའི་སྒོ་ནས་འཚོ། །
གལ་ཏེ་སུས་ཀྱང་ཕྱིར་འཐེན་བྱས་པ་ན། །
དེ་རྣམས་ལ་ནི་ངའི་སེམས་དགའ་མི་འགྱུར། །*