༄༅། །པའུ་ལུ་ཡིས་ཕི་ལིབ་པཱི་པར་བྲིས་པའི་འཕྲིན་ཡིག་བཞུགས་སོ། །
འགོ་བརྗོད།
རྩོམ་པ་པོ། སྐུ་ཚབ ་པའུ་ལུ །
རྩོམ་དུས། སྤྱི་ལོ་ 60 གཡས་གཡོན་ལ་བྲིས། (ལོ་རྒྱུས་དོན་ཆེན་རེའུ་མིག་ལ་གཟིགས་)
རྩོམ་རིག་གི་རྣམ་གྲངས། འཕྲིན་ཡིག
ཐོག་མའི་ཀློག་མཁན། ཕི་ལིབ་པཱི ་གྲོང་ཁྱེར་ལ་སྡོད་མཁན་མཱ་ཤི་ཀ ་པ་རྣམས། (གནའ་རབས་ཀྱི་ཕི་ལིབ་པཱི་གྲོང་ཁྱེར་གྱི་གནའ་ཤུལ་ནི་དེང་སྐབས་ཀྱི་གྷི་རིག་རྒྱལ་ཁབ་ཀྱི་བྱང་ཕྱོགས་སུ་ཡོད་)
ནང་དོན་གཙོ་བོ། གཙོ་བོ་ཡེ་ཤུ ་ལ་དད་པ་བྱས་པའི་རྐྱེན་གྱིས་སྐུ་ཚབ་པའུ་ལུ་བཙོན་ཁང་ལ་བཅུག་སྐབས། ཕི་ལིབ་པཱི་གྲོང་ཁྱེར་གྱི་དད་ལྡན་རྣམས་ཀྱིས་ཨེ་པབ་རོ་དི་ཊུ་ཟེར་བའི་བང་ཆེན་ཁོང་གི་མཁོ་ཆས་སྒྲིག་ཕྱིར་བཏང༌། ཕི་ལིབ་པཱི་ཆོས་ཚོགས་ལ་ཐུགས་རྗེ་ཆེ་ཞུ་བ་དང༌། ཁོ་ཚོའི་དད་པ་བརྟན་པོར་བྱེད་པའི་ཆེད་དུ་སྐུ་ཚབ་པའུ་ལུ་ཡིས་འཕྲིན་ཡིག་འདི་བྲིས།