༄༅། །མར་ཀུ་ཡིས་བྲིས་པའི་འཕྲིན་བཟང་བཞུགས་སོ། །
ལེའུ་དང་པོ།
ཁྲུས་གསོལ་མཁན་ཡོ་ཧ་ནན་གྱིས་ཆོས་བསྒྲགས་པ།
1 དཀོན་མཆོག་གི་སྲསཡེ་ཤུམཱ་ཤི་འི་འཕྲིན་བཟངགི་ཐོག་མ་ནི།
2 ལུང་སྟོན་ཡེ་ཤ་ཡཱཡིས་བྲིས་པའི་མདོའི་ནང་དཀོན་མཆོགགིས་འདི་ལྟར་གསུངས།
ལྟོས་ཤིག
ང་ཡི་ཕོ་ཉ་ཁྱེད་ཀྱི་མདུན་དུ་གཏོང༌། །
དེ་ཡིས་ཁྱེད་ཀྱི་ལམ་ནི་བསལ་བར་བྱ། །
3 དབེན་སྟོང་ཡུལ་ནང་གྲགས་པའི་འབོད་སྒྲ་ཡིས། །
གཙོ་བོའི་ཆེད་དུ་ཕེབས་ལམ་གྲ་སྒྲིག་བྱོས། །
ལམ་བུ་དེ་ནི་བདེ་བར་བཟོས་ཤིག་ཨང༌། །*
ཅེས་གསུངས།
4 དེའི་ཕྱིར་ཁྲུས་གསོལ་མཁན་ཡོ་ཧ་ནནདབེན་སྟོང་ལ་བཞུགས་ཏེ།
མི་རྣམས་ལ་ཁྲུས་གསོལགནང་ནས།
སྡིག་ཉེས་སེལ་འི་ཆེད་སྤྱོད་པ་ངན་པ་རྣམས་སྤངསནས་སེམས་བསྒྱུར་བའི་རྟགས་སུ་ཁྲུས་གསོལ་ལེན་དགོས་པར་བསྒྲགས།
5 ཡ་ཧུ་དཱ་ཡུལདང་ཡེ་རུ་ཤ་ལེམགྲོང་ཁྱེར་གྱི་མི་ཤིན་ཏུ་མང་པོ་ཡོ་ཧ་ནནགྱི་དྲུང་དུ་འགྲོ་བཞིན་ཡོད་པས།
ཁོ་ཚོས་རང་གི་ལས་ངན་ཁས་བླངས་པ་དང་ཡོར་དན་གཙང་པོལ་ཁོང་གིས་ཁོ་ཚོར་ཁྲུས་གསོལ་གནང༌།
6 ཡོ་ཧ་ནན་གྱིས་རྔ་མོང་གི་སྤུ་ཡི་གོས་གྱོན་པ་དང་རྐེད་པ་ལ་ཀོ་བའི་སྐེ་རགས་བཅིངས།
ཟས་ལ་འབུ་ཆ་ག་པ་དང་ཤིང་ནགས་ཀྱི་སྦྲང་རྩི་བཟས།
7 ཡོ་ཧ་ནན་གྱིས་“ངའི་རྗེས་ལ་ང་ལས་དབང་ཆེ་བ་ཞིག་ཕེབས་ཡོང་བར་ངེས་ཏེ།
ང་བསྒུར་ནས་ཁོང་གི་ལྷམ་སྒྲོག་ཀྱང་འགྲོལ་བར་མི་འོས།
8 ངས་ཁྱེད་ཚོར་ཆུ་ཡིས་ཁྲུས་གསོལ་བྱས་པ་ཡིན།
འོན་ཀྱང་ཁོང་གིས་ཁྱེད་ཚོར་དཀོན་མཆོག་གི་དམ་པའི་ཐུགས་ཉིདཀྱིས་ཁྲུས་གསོལ་གནང་བར་འགྱུར་རོ་”ཞེས་ཆོས་བསྒྲགས།
སྟོན་པ་ཡེ་ཤུས་ཁྲུས་གསོལ་བཞེས་པ།
9 དེའི་དུས་སུ་ཡེ་ཤུག་ལིལ་ཡུལགྱི་ན་ཙ་རེལགྲོང་ཚོ་ནས་ཕེབས་ཤིང༌།
ཁྲུས་གསོལ་མཁན་ཡོ་ཧ་ནནགྱིས་ཡེ་ཤུ་ཡོར་དན་གཙང་པོའི་ནང་ཁྲུས་གསོལགནང་མ་ཐག
10 ཡེ་ཤུ་ཆུ་ནས་ཡར་ཕེབས་སྐབས་ནམ་མཁའ་རལ་ཏེ་དཀོན་མཆོགགི་དམ་པའི་ཐུགས་ཉིདཕུག་རོན་ལྟར་རང་གི་སྟེང་ལ་བབས་པ་གཟིགས།
11 ཡང་དཀོན་མཆོག་གི་ཞིང་ཁམསནས་“ཁྱེད་ནི་ངའི་གཅེས་པའི་བུ་ཡིན།
ང་རང་ཁྱེད་ལ་ཤིན་ཏུ་དགའོ་” ཞེས་པའི་གསུང་སྐད་གཅིག་བྱུང༌།
12 དེ་ལྟར་གསུངས་མ་ཐག་ཏུ་དཀོན་མཆོག་གི་དམ་པའི་ཐུགས་ཉིད་ཀྱིས་བསྐུལ་ཏེ་ཡེ་ཤུ་དབེན་སྟོང་ལ་མངགས།
13 ཉིན་ཞག་བཞི་བཅུའི་རིང་བདུད་སཱ་ཏནགྱིས་དབེན་སྟོང་དུ་ཁོང་ལ་ཉམས་ཚོད་བླངས།
ཁོང་གཅན་གཟན་ཁྲོད་དུ་བཞུགས་ཤིང༌།
དཀོན་མཆོག་གི་ཕོ་ས་ཁོང་ལ་ཞབས་ཕྱི་ཞུས་སོ། །
སྟོན་པ་ཡེ་ཤུས་ཐོག་མའི་ཉེ་གནས་སྐོང་བ།
14 ཁྲུས་གསོལ་མཁན་ཡོ་ཧ་ནནབཙོན་དུ་བཅུག་པའི་རྗེས་སུ་ཡེ་ཤུག་ལིལ་ཡུལདུ་ཕེབས་ནས།
དཀོན་མཆོགགི་འཕྲིན་བཟངཁྱབ་བསྒྲགས་མཛད།
15 ཁོང་གིས་“ད་དུས་ལ་བབས་འདུག
དཀོན་མཆོག་གི་རྒྱལ་སྲིདའཐོན་ལ་ཉེ་བར་སླེབས་པས།
ཁྱེད་ཚོས་སྤྱོད་པ་ངན་པ་སྤངསནས་སེམས་བསྒྱུར་ཏེ་འཕྲིན་བཟང་ལ་དད་པ་གྱིས་ཤིག་”ཅེས་གསུངས།
16 དེ་ནས་ཡེ་ཤུ་ག་ལིལ་ཡུལ་གྱི་མཚོའགྲམ་བརྒྱུད་ནས་ཕེབས་དུས།
སི་མོནདང་ཁོང་གི་གཅུང་པོ་ཨན་དྲི་ཡཱཞེས་བྱ་བའི་ཉ་པ་གཉིས་ཀྱིས་མཚོ་ནང་དུ་དྲ་རྒྱ་འཕེན་བཞིན་པ་གཟིགས་ཤིང༌།
17 ཡེ་ཤུས་ཁོ་ཚོ་ལ་“ངའི་རྗེས་སུ་ཤོག
ཁྱེད་ཀྱིས་ད་ལྟ་ཉ་འཚོལ་བ་ལྟར་རྗེས་མ་ངས་ཁྱེད་ཚོ་མི་རྣམས་འཚོལ་དུ་འཇུག་”ཅེས་གསུངས་མ་ཐག
18 ཁོང་གཉིས་ཀྱིས་རང་གི་དྲ་རྒྱ་བཞག་ནས་ཁོང་གི་རྗེས་སུ་འབྲངས།
19 ཡེ་ཤུ་ཕར་ཙམ་ཕེབས་སྐབས་ཁོང་གིས་ཟེ་བད་ཡཱ་ཟེར་མཁན་དེའི་བུ་ཡ་ཀོབདང་ཡོ་ཧ་ནནགཉིས་ཀྱིས་གྲུའི་ནང་ལ་དྲ་རྒྱ་བཟོ་བཅོས་རྒྱག་བཞིན་པ་གཟིགས་ནས།
20 ཡེ་ཤུས་ལམ་སེང་ཁོ་ཚོར་“ཚུར་ཤོག་”ཅེས་གསུངས་པས།
ཁོ་གཉིས་ཀྱིས་རང་གི་ཕ་ཟེ་བད་ཡཱ་དང་གླ་པ་རྣམས་གྲུ་ལ་བཞག་ནས་ཁོང་གི་རྗེས་སུ་འབྲངས་པ་རེད།
སྟོན་པ་ཡེ་ཤུས་གདོན་འདྲེ་བསྐྲད་པ།
21 དེ་ནས་ཁོང་ཚོ་གྲོང་ཁྱེར་ཀ་ཕར་ན་ཧུམདུ་བྱོན་ནས་ངལ་གསོའི་ཉིན་མོ་སླེབས་མ་ཐག་ཡེ་ཤུཡ་ཧུ་དཱ་པའི་འདུ་ཁངདུ་ཕེབས་ཏེ།
ཆོས་བསྟན་གནང་བ་རེད།
22 ཁོང་གིས་ཁོ་ཚོར་ཆོས་སྟོན་སྟངས་ནི་ཡ་ཧུ་དཱ་པའི་ཆོས་ཁྲིམས་ལ་མཁས་པའི་མིརྣམས་དང་མི་འདྲ་སྟེ།
དབང་ལྡན་ཞིག་གིས་གསུངས་པ་དང་འདྲ་བར་འདུག་པས།
དེ་ཐོས་པ་ཐམས་ཅད་ཡ་མཚན་ཆེན་པོར་གྱུར།
23 དེའི་སྐབས་གདོན་འདྲེ་མི་གཙང་བ་ཡིས་ཟིན་པའི་མི་ཞིག་འདུ་ཁང་ནང་ལ་ཡོད་པ་དང༌།
24 དེས་སྐད་ཆེན་པོས་“ཀྱེ།
ན་ཙ་རེལཔ་ཡེ་ཤུ།
ང་ཚོ་ཁྱེད་དང་འབྲེལ་བ་གང་ཡོད།
ཁྱེད་ཀྱིས་ང་ཚོ་མེད་པ་བཟོ་བར་ཕེབས་སམ།
ཁྱེད་སུ་ཡིན་པ་ངས་ཤེས་ཀྱི་ཡོད།
ཁྱེད་ནི་དཀོན་མཆོགགི་སྐྱེས་བུ་དམ་པ་དེ་ཡིན་”ཞེས་བཤད།
25 འོན་ཀྱང་ཡེ་ཤུས་གདོན་འདྲེ་དེར་བཀའ་གནང་ནས་“ཁ་རོག་སྡོད།
མི་དེའི་ལུས་ནས་ཐོན་ཅིག་”ཅེས་གསུངས་པ་དང༌།
26 མི་དེ་གཟའ་ཕོག་པ་ལྟར་ས་ལ་འགྱེལ་ནས་ཁོས་སྐད་ངན་ཆེན་པོ་བཏོན་ཞིང་གདོན་འདྲེ་མི་གཙང་བ་དེ་མི་དེའི་ལུས་ནས་ཕྱིར་ཐོན།
27 མི་ཐམས་ཅད་ཧ་ལས་ཏེ་ཕན་ཚུན་གཅིག་གིས་གཅིག་ལ་སྐད་ཆ་དྲིས་པར་“འདི་ཅི་ཡིན།
འདི་བསྟན་པ་གསར་པ་ཡིན་ནམ།
ཁོང་གིས་དབང་ཆ་ཆེན་པོས་གདོན་འདྲེ་མི་གཙང་བ་ལ་ཡང་བཀའ་གནང་སྟེ།
གདོན་འདྲེས་ཀྱང་ཁོང་གི་བཀའ་ལ་ཉན་པར་བྱེད་”ཅེས་བཤད།
28 དེ་མ་ཐག་ཏུ་ཁོང་གི་སྙན་གྲགས་ག་ལིལགྱི་ས་ཕྱོགས་གང་སར་ཁྱབ་པ་རེད།
སྟོན་པ་ཡེ་ཤུས་ནད་མི་འདྲ་བ་སེལ་གནང་བ།
29 ཁོང་ཚོ་ཡ་ཧུ་དཱ་པའི་འདུ་ཁངནས་ཐོན་མ་ཐག་ཡ་ཀོབདང་ཡོ་ཧ་ནནགཉིས་མཉམ་དུ་སི་མོནདང་ཨན་དྲི་ཡཱཡི་ཁྱིམ་དུ་ཕེབས།
30 དེའི་དུས་སུ་སི་མོན་གྱི་བཟའ་ཟླའི་ཨ་མ་ཚ་བ་རྒྱས་ཏེ་ཉལ་ཁྲིའི་སྟེང་དུ་ཉལ་ཡོད།
ཡེ་ཤུཕེབས་སྐབས་ཁྱིམ་མི་རྣམས་ཀྱིས་ཁོ་མོའི་གནས་ཚུལ་ཁོང་ལ་ཞུས།
31 ཡེ་ཤུ་ཁོ་མོའི་མདུན་དུ་ཕེབས་ཏེ་ལག་པ་ནས་འཇུས་ཤིང་ཡར་བསྐྱོར་ཏེ་ལངས་སུ་བཅུག་པ་དང༌།
ཚ་བ་འཇགས་ཏེ་ཁོ་མོས་ཁོང་རྣམས་ལ་ཞབས་ཕྱི་ཞུས་སོ། །
32 དེ་ནས་ཉི་མ་བཞུད་དེ་ས་མ་རུབ་ཙམ་ལ།
མི་ཚོས་ནད་པ་དང་གདོན་འདྲེས་ཟིན་པའི་མི་རྣམས་ཡེ་ཤུའི་དྲུང་དུ་ཁྲིད་ཡོང༌།
33 གྲོང་ཁྱེར་གྱི་མི་ཐམས་ཅད་སྒོའི་འགྲམ་དུ་འཛོམས་པ་དང༌།
34 ཡེ་ཤུས་དཀོན་མཆོགགི་དབང་གི་སྒོ་ནས་ནད་རིགས་མི་འདྲ་བ་མང་པོ་སེལ་གནང་བ་མ་ཟད།
གདོན་འདྲེ་མང་པོ་བསྐྲད་དེ།
གདོན་དེ་ཚོ་སྐད་ཆ་ལབ་ཏུ་མ་བཅུག
གང་ཡིན་ཟེར་ན།
གདོན་འདྲེས་ཁོང་ངོ་ཤེས་ཀྱི་ཡོད་པས་རེད།
35 དེའི་སང་ཉིན་ནམ་མ་ལངས་པའི་སྔོན་དུ་ཡེ་ཤུ་ཡར་བཞེངས་ཏེ་དབེན་གནས་ཤིག་ཏུ་ཕེབས་ནས་དེར་སྨོན་ལམབསྐྱོན།
36 སི་མོན་དང་ཁོང་གི་རོགས་པ་རྣམས་ཀྱིས་ཡེ་ཤུ་བཙལ་ནས།
37 ཁོང་དང་མཇལ་རྗེས་“མི་ཚང་མས་ཁྱེད་རང་འཚོལ་བཞིན་འདུག་”ཅེས་ཞུས་པ་དང༌།
38 ཁོང་གིས་“ང་ཚོ་ཉེ་འཁོར་གྱི་གྲོང་སྡེ་ལ་འགྲོ་དགོས།
ངས་དེ་ཚོ་ལ་ཡང་ཆོས་བཤད་པར་བྱ།
ང་དོན་འདིའི་ཆེད་དུ་ཡོང་བ་ཡིན་”ཞེས་གསུངས།
39 དེའི་ཕྱིར་ཁོང་ག་ལིལ་ཡུལཡོངས་ཀྱི་ཡ་ཧུ་དཱ་པའི་འདུ་ཁང་དུ་ཕེབས་ནས་ཆོས་གསུངས་ཤིང༌།
གདོན་འདྲེ་རྣམས་ཕར་བསྐྲད་དོ། །
སྟོན་པ་ཡེ་ཤུས་མཛེ་ནད་དག་པར་མཛད་པ།
40 དེའི་ཚེ་མཛེ་ནདཅན་ཅིག་ཁོང་གི་དྲུང་དུ་ཡོང་ནས་པུས་མོ་སར་བཙུགས་ཏེ་“གལ་ཏེ་ཁྱེད་ཐུགས་མཉེས་པ་ཡིན་ན་ཁྱེད་ཀྱིས་ང་རང་གི་མཛེ་ནད་དག་པར་མཛད་ཐུབ་བོ་”ཞེས་ཞུ་བ་ཆེན་པོ་ཕུལ་བས།
41-42 ཡེ་ཤུསྙིང་རྗེ་སྐྱེས་ཏེ་ཕྱག་བརྐྱངས་ཤིང་མི་དེར་རེག་ནས་“ང་དེ་བཞིན་དུ་བྱེད་འདོད་ཡོད།
དག་པར་གྱུར་ཅིག་”ཅེས་གསུངས་མ་ཐག་མི་དེའི་མཛེ་ནད་དག་པར་གྱུར།
43-44 ཁོང་གིས་ནན་ཏན་གྱིས་མི་དེར་“ལྟོས་དང༌།
ཁྱོད་ཀྱིས་མི་གཞན་ལ་ཅི་ཡང་ལབ་པར་མ་བྱོས་ཤིག
སོང་ལ་རང་གི་ལུས་ཡ་ཧུ་དཱ་པའི་བླ་ར་སྟོན་དང༌།
ཁོ་རྣམས་ལ་བདེན་དཔང་བྱེད་པའི་ཕྱིར་ལུང་སྟོན་མོ་ཤེཡིས་བཀའ་གནང་ཡོད་པ་བཞིན་མཆོད་པ་ཕུལ་ཅིག་”ཅེས་བཀའ་གནང་སྟེ་མི་དེ་ལམ་སེང་ཕྱིར་བཏོན།
45 འོན་ཀྱང་མི་དེ་ཕྱི་ལ་སོང་ནས་གཏམ་མང་པོ་བཤད་ཅིང་གནས་ཚུལ་འདི་ཁྱབ་བསྒྲགས་བྱས་པས།
དེའི་རྗེས་སུ་ཡེ་ཤུ་གྲོང་ཁྱེར་གང་ལ་ཡང་མངོན་སུམ་དུ་ཕེབས་མ་ཐུབ་པར་ཕྱི་རོལ་གྱི་དབེན་གནས་རྣམས་སུ་བཞུགས།
ཡིན་ན་ཡང་མི་རྣམས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་ཁོང་གི་དྲུང་དུ་འདུས་སོ། །